མཚོ་སྔོན་གྱིས་འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་ཆད་གཅོད་ཐད་ཀྱི་ཁྲིམས་ཚད་གཅོད་དབང་གི་ཚད་གཞིའི་ལམ་ལུགས་བཟོས།
2024.01.15 ཁུངས། མི་དམངས་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་ཆད་གཅོད་ཐད་ཀྱི་བབ་བསྟུན་ཁྲིམས་གཅོད་ཀྱི་ཆད་གཅོད་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷནཁང་གིས《མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་ཆད་གཅོད་ཐད་ཀྱི་ཁྲིམས་ཚད་གཅོད་དབང་གི་ཚད་གཞིའི་ལམ་ལུགས》བཀྲམ་པ་དང་2024ལོའི་ཟླ2ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

《མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་ཆད་གཅོད་ཐད་ཀྱི་ཁྲིམས་ཚད་གཅོད་དབང་གི་ཚད་གཞིའི་ལམ་ལུགས》ནང་ལས་ཀའི་རྩ་དོན་དང་སྲིད་འཛིན་ཆད་གཅོད་ཀྱི་སྤྱིར་བཏང་གི་གོ་རིམ་གསལ་བཤད་བྱས་ནས་ཁྲིམས་གཅོད་ཀྱི་ཚད་གཞི་གཏན་འབེབས་བྱས་ནས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ཆད་གཅོད་ཐད་ལ་ཚད་རིམ་ངེས་ཅན་ལྡན་པ་ཁ་གསལ་བཟོས་པ་དང་། ཚད་རིམ་གྱི་ཁྱབ་ཁོངས་ནང་བལྟོས་བཅས་མི་སྣའི་ཁྲིམས་འགལ་བྱ་སྤྱོད་ལ་གཞིགས་ནས་ཁྲིམས་འགལ་བྱ་སྤྱོད་ཆུང་གྲས་ལ་ཆད་པ་འོས་འཚམ་གཅོད་པ་དང་། སྤྱིར་བཏང་གི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་འོས་འཚམ་གཅོད་པ། ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ཆད་པ་འོས་འཚམ་གཅོད་པ། ཚབས་ཤིན་ཏུ་ཆེ་བའི་བྱ་སྤྱོད་ལ་ཆད་པ་འོས་འཚམ་གཅོད་པ་བཅས་རིམ་པ་བཞི་རུ་དབྱེ་ཡོད་ཅིང་། ཆད་གཅོད་ཀྱི་རིམ་པ་མི་འདྲ་བར་གཞིགས་ནས་ཆད་གཅོད་ཀྱི་གོ་རིམ་དང་དེ་བཞིན་ཆད་གཅོད་ཀྱི་ཞིབ་མཆན་རིམ་པ། ཆད་གཅོད་མི་འདྲ་བ་ཡང་སྤྱོད་དགོས།

《མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་ཆད་གཅོད་ཐད་ཀྱི་ཁྲིམས་ཚད་གཅོད་དབང་གི་ཚད་གཞིའི་ལམ་ལུགས་དཀར་ཆག》དང《མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་ཆད་གཅོད་ཐད་ཀྱི་ཁྲིམས་ཚད་གཅོད་དབང་གི་ཚད་གཞིའི》ནང་སྨན་བཅོས་ཞབས་ཞུའི་ལྟ་སྐུལ་དོ་དམ་དང་། སྦྲིད་སྨན་དང་ཀླད་རྩའི་སྨན་གྱི་ལྟ་སྐུལ་དོ་དམ། མ་བུ་བདེ་སྲུང་ལག་རྩལ་ཞབས་ཞུ་དང་འཆར་ལྡན་བུ་སྐྱེ། འགོ་ནད་ལྟ་སྐུལ་དོ་དམ། ཁྲག་རྒྱུན་ལྟ་སྐུལ་དོ་དམ། ལས་རིགས་འཕྲོད་བསྟེན་ལྟ་སྐུལ་དོ་དམ། འགྱེད་འཕྲོ་འཕྲོད་བསྟེན་ལྟ་སྐུལ་དོ་དམ། སྤྱི་པའི་འདུ་འཛོམས་ཁུལ་གྱི་འཕྲོད་བསྟེན་དོ་དམ། རྒྱལ་གཅེས་འཕྲོད་བསྟེན། འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་ལྟ་སྐུལ་དོ་དམ། སློབ་གྲྭའི་འཕྲོད་བསྟེན། ཀྲུང་ལུགས་གསོ་རིག་གི་འཕྲོད་བསྟེན་བཅས་རིགས་ཆེ་བ12ལ་དབྱེ་ཡོད་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།