ཁྲག་ཤེད་གཅོག་པའི་སྨན་བསྟེན་ཚུལ།
2024.09.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

ཁྲག་ཤེད་མཐོ་བའི་ཚད་ཇི་ལྟར་འཛིན་དགོས་ཟེར་ན། ཁྲག་ཤེད་གཅོག་པའི་སྨན་གང་ཡང་མ་བསྟེན་པའི་གནས་ཚུལ་འོག ཁྲག་ཤེད་ཐེངས་གསུམ་ལ་གཞལ་བ་ལས། ཁྲག་ཤེད140/90དང་དེ་ལས་དམའ་བ་དེ་ཚད་གཞིར་འཛིན་པ་ཡིན། མིག་སྔར90%ཡན་གྱི་ཁྲག་ཤེད་མཐོ་བའི་ནད་ཀྱི་རྒྱུ་རྐྱེན་གསལ་པོ་མི་ཤེས་ལ། དེར་གདོད་བྱུང་རང་བཞིན་གྱི་ཁྲག་ཤེད་མཐོ་བ་ཞེས་བརྗོད་ཅིང་ཚེ་གང་ལ་སྨན་བསྟེན་དགོས།

སྨན་བསྟེན་པའི་རྗེས་སུ་ཁྲག་ཤེད་སྔར་བཞིན་མ་བབས་ན་ཇི་ལྟར་བྱ་དགོས་ཟེར་ན།

ཐོག་མར་སྨན་པའི་སྨན་ཐོ་བཞིན་ཁྲག་ཤེད་གཅོག་པའི་སྨན་གྱི་སྡེབ་ཚད་དང་བསྟེན་དུས།  བསྟེན་ཐེངས་བཅས་ཡང་དག་ཡིན་དགོས། གཉིས་ནས་སྨན་སྣ་མི་འདྲ་བ་ཕན་ཚུན་གྱི་བར་ལ་མི་འཕྲོད་པའི་གནས་ཚུལ་ཡོད་མེད་བརྟག་དགོས། གལ་ཏེ་སྨན་གཞན་པ་སྟེན་བཞིན་ཡོད་ན། དུས་ཐོག་ཏུ་སྨན་པར་དྲིས་ནས། ཁྲག་ཤེད་གཅོག་པའི་སྨན་གྱི་རིགས་སྣ་དང་སྡེབ་ཚད་སྙོམས་སྒྲིག་བྱེད་དགོས་མིན་ལ་བལྟ་དགོས། གསུམ་ནས་ཁྲག་ཤེད་མཐོ་བའི་ནད་དེ་ནད་གཞན་ལ་རྐྱེན་བྱས་ནས་བྱུང་བ་ཡིན་མིན་ལ་བརྟག་དགོས་ཏེ། གལ་ཏེ་ནད་གཞན་ལ་རྐྱེན་བྱས་ནས་བྱུང་བ་ཡིན་ན། ནད་ཀྱི་རྒྱུ་རྐྱེན་ངོས་འཛིན་བྱེད་ཐུབ་པས། ཁྲག་ཤེད་གཅོག་ཐབས་ཀྱང་བསྟེན་སླ་ལ། ཁྲག་ཤེད་རྒྱུན་ལྡན་དུ་སླར་གསོ་བྱེད་སླ་བ་ཡིན།

གལ་ཏེ་ནད་པ་ལ་ཟས་སྤྱོད་སྨན་དཔྱད་ཀྱིས་གསོ་བཅོས་བྱས་ཀྱང་། ཁྲག་ཤེད་སྔར་བཞིན་ཚད་མཐོན་པོར་གནས་པ་ཡིན་ན། དུས་ཐོག་ཏུ་སྨན་ཁང་ལ་བསྟན་ནས་སྨན་པའི་ཆེད་ལས་ཀྱི་གསོ་བཅོས་དང་ལེན་བྱེད་དགོས།

གལ་ཏེ་སྨན་བསྟེན་རྗེས་ཁྲག་ཤེད་ཤིན་ཏུ་དམའ་བར་གྱུར་ཏེ། མགོ་ཡོམ་འཁོར་བ་སོགས་ཀྱི་ནད་རྟགས་བྱུང་ན། མྱུར་དུ་ཐང་ལ་ཉལ་བ་དང་རྐང་པ་མཐོ་སར་བཏེགས་ཏེ་ཁྲག་རྒྱུན་ཕྱིར་རྒྱུག་པར་བྱེད་དགོས་ལ། གློ་བུར་དུ་ཡར་ལངས་མི་རུང་།  དེ་མིན་ད་རུང་དུས་ཐོག་ཏུ་སྨན་ཁང་ལ་བསྟན་ནས།  ཟུངས་ཁྲག་གིས་མ་འདང་བའི་ཀླད་སྙིང་ཁྲག་རྩའི་ནད་འབྱུང་བ་སྔོན་འགོག་བྱེད་དགོས་པར་མ་ཟད། གསོ་བཅོས་གང་འཚམ་བསྟེན་དགོས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།