ཉེ་ལམ། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། སྨན་བཅོས་འགན་སྲུང་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་ནས་སྨན་བཅོས་བཅོས་སྒྱུར་གྲུབ་འབྲས་ཀྱིས་འགན་སྲུང་ནང་ཞུགས་པའི་མང་ཚོགས་རྣམས་ལ་ཕན་ཁེ་ཐོབ་ཏུ་འཇུག་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་དཀར་ཆག་གི་འགུལ་རྣམ་ལེགས་སྒྲིག་བྱ་བ་རྒྱུན་ཆད་མེད་པར་བཟང་བོར་བསྒྲུབས་པ་དང་། སྨན་བཅོས་འགན་སྲུང་གི་དཀར་ཆག་འགུལ་རྣམ་ལེགས་སྒྲིག་བྱས་རྗེས། རང་ཞིང་གི་སྨན་བཅོས་ཞབས་ཞུའི་ལས་གཞི་དང་སྨན་སྤྱོད་རྒྱུ་ཆ་གཉིས་སྨན་བཅོས་འགན་སྲུང་དཀར་ཆག་ནང་བཞག་པའི་བསྡུར་ཚད་དེ་སོ་སོར་བརྒྱ་ཆའི་གྱ་བདུན་དང་བརྒྱ་ཆའི་རེ་བརྒྱད་ལ་སླེབས་ཡོད།
ཐེངས་འདིའི་སྨན་བཅོས་འགན་སྲུང་དཀར་ཆག་འགུལ་རྣམ་ལེགས་སྒྲིག་བྱ་བས་ལས་གཞིའི་བྱེད་ནུས་ངེས་གནས་དང་ནད་ཐོག་དགོས་མཁོ། བདེ་འཇགས་ནུས་པ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བཏང་སྟེ། སྨན་བཅོས་ཞབས་ཞུའི་ལས་གཞི་བརྒྱ་དང་སོ་བརྒྱད་དང་སྨན་སྤྱོད་རྒྱུ་ཆ་བརྒྱད་རང་ཞིང་གི་སྨན་བཅོས་འགན་སྲུང་གཏོང་སྤྲོད་ཁྱབ་ཁོངས་སུ་བཞག་ཡོད་པ་དང་། 2024ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།