འབྲས་སྐྲན་འགོག་ཐབས་ལྔ།
2025.03.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཅིག ཟ་མ་རྒྱགས་དྲགས་པ་ཟ་མི་རུང་། ཟ་མ་ཚད་རན་པ་ཟས་ན་འབྲས་སྐྲན་སྔོན་འགོག་ལ་ཕན་པར་མ་ཟད་སྤྱིར་བཏང་དུ་བཤད་ན་དེ་ནི་རིམས་ནད་འགོག་པའི་ཐབས་མཆོག་ཅིག་རེད།

གཉིས། ཆང་བག་མེད་དུ་འཐུང་མི་རུང་། འབྲས་སྐྲན་འགོག་རྒྱུར་ཆང་འཐུང་ཚད་ཚོད་འཛིན་བྱེད་དགོས་ལ། ཆེས་ལེགས་ཤོས་ནི་ཆང་གཅོད་རྒྱུ་དེ་རེད།

གསུམ། དུ་བ་ཉུང་འཐེན་བྱེད་པ། འབྲས་སྐྲན་འགོག་ཆེད་དུ་བ་ཚོད་འཛིན་བྱེད་དགོས་པ་དང་། ཆེས་ལེགས་ཤོས་ནི་དུ་བ་གཅོད་རྒྱུ་དེ་རེད།

བཞི། འཚོ་རྒྱུAའོས་འཚམ་དུ་བསྟེན་པ། རྒྱུན་མཐོང་ནད་རིགས་ཀྱི་བརྟག་དཔྱད་ལས་འཚོ་རྒྱུAའོས་འཚམ་སྤྱད་ན་གློ་བ་དང་མིད་པ། ཕོ་བ། རྒྱུ་མ། ཆུ་རྨེན་སོགས་ལུས་ཀྱི་དབང་པོར་འབྲས་སྐྲན་འབྱུང་བ་འགོག་ཐུབ་པ་གསལ་བོར་བསྟན་ཡོད།

ལྔ། ཟས་རིགས་ལ་ཚྭ་མང་བར་འཛེམ་དགོས། དུས་ཡུན་རིང་པོར་ཚྭ་མང་དྲགས་པའི་ཟ་མ་ཟོས་ན་འབྲས་སྐྲན་འབྱུང་སླ། 

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།