མཚོ་སྔོན་པོའི་གནས་སྐོར་ས་ཁུལ་གྱི་བདེ་འཇགས་ལ་བཅོས་སྐྱོང་བྱས།
2017.10.10 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 32

ཉེ་ལམ། སྤྱི་བདེ་ཅུའུ་དང་རྒྱལ་ཁབ་གནས་སྐོར་ཅུའུ། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་བཀོད་པའི«གནས་སྐོར་ཚོང་རའི་སྒྲིག་ལམ་བཅོས་སྐྱོང་བྱེད་པའི་སྐོར་གྱི་བརྡ་ཐོའི»དགོངས་དོན་ལྟར་ན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་དང་། མཚོ་སྔོན་པོའི་གནས་སྐོར་ས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་སོགས་ལས་ཁུངས་ཀྱིས་མཚོ་སྔོན་པོ་ནས་གནས་སྐོར་ས་ཁུལ་གྱི་བདེ་འཇགས་སྒྲིག་ལམ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་ཆེན་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོའི་གནས་སྐོར་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དོ་དམ་བྱ་བ་སྔར་ལས་བཟང་བོར་སྒྲུབ་ཆེད། རེབ་འདིའི་ཆེད་དོན་བྱ་འགུལ་དེ་ས་གནས་དོ་དམ་དང་། སྡེ་ཁག་འབྲེལ་མཐུད། རང་འགན་རང་གིས་ཁུར་བ་དང་། མཉམ་དུ་དམ་འཛིན་དང་དོ་དམ་བཅས་བྱེད་པའི་རྩ་དོན་ལྟར། བཅའ་ཁྲིམས་ལྟར་རླངས་འཁོར་བཙན་གྱིས་འགོག་པ་དང་། མགྲོན་པོ་འགོག་པ་དང་ཁྲིད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། མཚོ་སྔོན་པོའི་ནུར་ལྕེ་གནས་སྐོར་ས་ཁུལ་གྱི་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་དག་ཐེར་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་རྒྱུ་ཡིན་པ་དང་། རྒྱལ་ལམ109ཡི་རླངས་འཁོར་ཤར་གཏོང་བྱ་བ་འགན་སྲུང་ཁག་ཐེག་བྱས་ནས། མཚོ་སྔོན་པོའི་གནས་སྐོར་ཁོར་ཡུག་བདེ་འཇགས་དང་དཔལ་ཡོན་ལྡན་པར་བྱེད་རྒྱུ་རེད།  


                                                                                                                                                                                                                                                                                                                                                      ལོ་ཙཱ་བ།  སྐར་མ་འཚོ།