མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཐོག་མའི་སེམས་འདུན་མི་བརྗེད་པར་མདུན་དུ་སྐྱོད་བཞིན་ཡོད།
2017.11.23 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 196

ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་གཏིང་ཟབ་མོའི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་སྐབས་སྟེ་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན།མཚོ་སྔོན་པོའི་ལྗོངས་ཁུལ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཏང་ཡོན་ཚང་མ་རྩ་འཛུགས་བྱས་ནས་ཟི་ལིང་གྲོང་ཁྱེར་གྱི་བྱང་རིར་འབྱོར་ནས།ཐོག་མའི་སེམས་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་བཅངས་དགོས་པ་དང་།ནམ་ཡིན་ཡང་གུང་ཁྲན་ཏང་ཡོན་གྱི་རང་མདངས་མངོན་པ་དང་།མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པར་ང་ཚོས་འབད་བརྩོན་བྱེད་ཞེས་པ་བརྗོད་བྱ་ཡིན་པའི་ཏང་ཀྲི་པུའུ་ཡི་བྱ་འགུལ་སྤེལ་བ་དང་།མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡི་ཏང་ཡོན་ཚང་མ་བྱ་འགུལ་ནང་དུ་ཞུགས།

བྱ་འགུལ་གྱི་སྐབས་སུ། ཏང་ཡོན་ཡོངས་ཀྱིས་ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་སྦྱོང་བྱེད་པ་དང་མཉམ་དུ།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་པ་དང་། སྐལ་བཟང་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་པའི་ཚོགས་མི་བློ་མཐུན་ཞིན་ཞིས་གདན་འདྲེན་ཞུས་ཏེ་སྐལ་བཟང་གི་སྔོན་ཐོན་བྱས་རྗེས་སྒྲོག་འགྲེལ་བྱས།
ཏང་ནང་དུ་ཞུགས་པའི་དམ་བཅའི་ཚིག་དག་བསྐྱར་སྦྱོང་བྱས་པར་བསྟེན་ནས།ཚང་མར་གུང་ཁྲན་ཏང་ཡོན་ཞིག་གི་འགན་ཁུར་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་ལྷག་པར་ཇེ་དྲག་ཏུ་བཏང་། ཚང་མས་ལང་ལོང་སྒོས་བསྟན་དོན། ཐོག་མའི་སེམས་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་བཅངས་དགོས་པ་དང་།དུས་དང་རྣམ་པ་ཀུན་དུ་གུང་ཁྲན་ཏང་ཡོན་གྱི་རང་མདངས་རྒྱུན་འཁྱོངས་དང་དར་སྤེལ་དུ་གཏོང་དགོས།

མཚོ་སྔོན་པོའི་སྐྱེས་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་མཁན་དང་སྐུལ་འདེད་མཁན་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས།བློ་ཐུན་སྐལ་བཟང་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཧུར་ཐག་གིས་མཚོ་སྔོན་པོའི་སྐྱེས་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ཁྲོད། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཡོན་ཞིག་ལ་ཡོད་དགོས་པའི་བྱས་རྗེས་འཇོག་དགོས་པ་དང་།སྐལ་བཟང་གི་སྙིང་སྟོབས་དེ་ནམ་ཡིན་ཡང་སེམས་ལ་དམ་པོར་བཟུང་ནས། མཚོ་སྔོན་པོའི་ནམ་མཁའ་སྔར་ལས་སྔོ་ཞིང་དྭངས་བ་དང་།མཚོ་སྔོན་པོའི་རྩྭ་ཐང་སྔར་ལས་སྔོ་ཞིང་ལྗང་བ།མཚོ་སྔོན་པོའི་ཆུ་སྔར་ལས་དྭངས་ཤིང་གཙང་བ་ཞིག་ཏུ་གཏོང་དགོས། 

ལོ་ཙཱ་བ།  སྐར་མ་འཚོ།