མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གསང་སྤྱོད་ཁང་སྔར་ལས་ཇེ་བཟང་དུ་གྱུར་བ།
2017.12.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 266

 མཚོ་སྔོན་པོ་ལྗོངས་ཁུལ་གྱི་གསང་སྤྱོད་ཁང་ངོ་མ་ལེགས་པོ་རེད། གསང་སྤྱོད་ཁང་གི་ཞབས་ཞུའི་ཆུ་ཚད་དེ་ཡང་5Aརིམ་པར་ཐོན་འདུག མཚོ་སྔོན་པོའི་ལྗོངས་ཁུལ་དུ་བསྐྱོད་པ་ན། སྔོན་ཆད་མིག་ལ་མི་མཛེས་པའི་གསང་སྤྱོད་ཁང་དག་ད་ལྟ་གནས་སྐོར་བ་རྣམས་ཀྱིས་བསྟོད་བསྔགས་བྱེད་སར་གྱུར། གསང་སྤྱོད་ཁང་ནང་དུ་མི་དར་མ་དང་། བྱིས་པའི་གནས་གཏན་འཁེལ་བྱས་ཡོད་པར་མ་ཟད། ད་དུང་བྱིས་པས་ལག་པ་འཁྲུད་ས་དང་། བྱིས་པ་རློན་ནུ་འཇོག་ས། བྱིས་པའི་བདེ་འཇགས་འདུག་སྟེགས། ལག་པས་འཇུས་ས། གོན་པ་འགེལ་ས། འབོད་ཆས་སོགས་སྒྲིག་སྦྱོར་བྱས་ཡོད་པ་དང་། འདི་ནི་ད་ལོའི་ཟླ་དྲུག་པར་ཡུལ་ལྗོངས་ཁུལ་དུ་བཀོལ་སྤྱོད་བྱས་པའི་ཨང་གསུམ་པའི་འཕྲོད་བསྟེན་གསང་སྤྱོད་ཁང་ཡིན་ལ། གནས་སྐོར་བ་རྣམས་ཀྱིས་བསྟོད་བསྔགས་བྱེད་འོས་པ་ཞིག་ཀྱང་རེད།
ད་ལོའི་ཟླ་ལྔ་བར། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གསང་སྤྱོད་ཁང་གི་གནད་དོན་དེར་རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་བརྡ་ཡིག་བཏང་མྱོང་། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་མཚོ་སྐོར་གཞུང་ལམ་ནི་གནས་སྐོར་བས་ལྕགས་རྟ་བསྐོར་བ་དང་མི་སྒེར་གྱིས་རླངས་འཁོར་བསྐོར་ས་ཞིག་ཡིན། ཡིན་ནའང་། མཚོ་སྐོར་གཞུང་ལམ་གྱི་ལམ་ཐིག་ཅུང་རིང་བ་དང་། ས་དེའི་འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཁ་འཐོར་ཡིན་ལ། གནས་སྐོར་བས་ལྗོངས་ཁུལ་དུ་རྩེད་མོར་གཡེང་སྐབས། གསང་སྤྱོད་ཁང་གི་གནད་དོན་དེ་ནི་གནས་སྐོར་བས་ཆེས་སེམས་ཁུར་བྱེད་ས་ཞིག་རེད།

མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་གནས་སྐོར་དོ་དམ་ཁང་གི་ཁྲིན་ཏི་ཧོས་ཡིས་བཤད་རྒྱུར། ལྗོངས་ཁུལ་གྱི་གསང་སྤྱོད་ཁང་མི་བཟང་པའི་གནས་ཚུལ་ལ་དམིགས་ནས། ལྗོངས་ཁུལ་གྱིས་གསང་སྤྱོད་ཁང་གསར་བརྗེ་དང་རྒྱལ་ཁབ5Aརིམ་པའི་ཡུལ་ལྗོངས་ཁུལ་གྱི་རེ་བ་ལྟར། གནས་ཆུང་ཆུང་ནས་མགོ་བརྩམས་ཏེ། གནས་སྐོར་གསང་སྤྱོད་ཁང་གི་རྒྱུ་སྤུས་རིམ་པ་དགར་བ་དང་དཔྱད་འཇོག་ཚད་གཞི། གནས་སྐོར་གསང་སྤྱོད་ཁང་འཛུགས་སྐྲུན་དོ་དམ་ཕྱོགས་སྟོན། གསང་སྤྱོད་ཁང་གསར་བརྗེ་དོ་དམ་དང་ཞབས་ཞུའི་ཁྲིད་སྟོན་སྒྲིག་སྲོལ། གསང་སྤྱོད་ཁང་གསར་བརྗེ་ལག་རྩལ་དང་སྒྲིག་ཆས་ཕྱོགས་སྟོན་སོགས་ཡིག་ཆའི་གསལ་བཤད་སྦྱར། ལོ་ཕྱེད་ཀའི་རིང་ལ། བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དགུ་ཁྲི་གཉིས་བཏང་སྟེ། ཁྱོན་ཡོངས་ནས་གསང་སྤྱོད་ཁང་འཛུགས་སྐྲུན་དང་ལེགས་བཅོས་བྱས་ཟེར།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་ལྔ་བ་ནས་བཟུང་། མཚོ་སྔོན་པོ་ལྗོངས་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གསང་སྤྱོད་ཁང་བཅུ་གསུམ་གསར་དུ་ལས་པ་དང་། ཨང་གསུམ་པའི་འཕྲོད་བསྟེན་གསང་སྤྱོད་ཁང་བཅུ་གཅིག་འཛུགས་སྐྲུན་བྱས། གསང་སྤྱོད་ཁང་གསར་བརྗེ་ཚད་གཞི་ཡིས་ལྗོངས་ཁུལ་དུ་ད་ཡོད་ཀྱི་གནས་སྐོར་གསང་སྤྱོད་ཁང་སོ་གཉིས་ཡོད་པ་ཚང་མ་ཞིག་གསོ་དང་བསྒྱུར་བཅོས་ལེགས་པོ་བྱས་པ་དང་། རྒྱུན་སྤྱོད་ཀྱི་ལག་པ་འཁྲུད་སྤྱད་དང་། ཤོག་བུ་སོགས་ཀྱང་བཀོད་སྒྲིག་བྱས་ཡོད། ཁྱོན་ཡོངས་ནས་གསང་སྤྱོད་ཁང་སོ་སོའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གསང་སྤྱོད་ཁང་གི་འགོ་བའི་ལམ་ལུགས་ལག་བསྟར་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་གསང་སྤྱོད་ཁང་གི་བདེ་འཇགས་སྒྲིག་ཆས་སོགས་ཇེ་ལེགས་སུ་བཏང་ནས། གསང་སྤྱོད་ཁང་གི་ཁོར་ཡུག་ཇེ་བཟང་དུ་བཏང་བ་དང་། གནས་སྐོར་བར་གཙང་ཞིང་། གྲལ་དག་པ། བདེ་འཇགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།

མིག་སྔར། ཞབས་ཞུ་བཟང་པོ་འདོན་སྤྲོད་དང་། དུས་ལྟར་གཙང་སྦྲ་བྱེད་པ། ཅ་ལག་ཆ་ཚང་སྒྲིག་པ་བཅས་ཀྱི་རེ་བ་ལྟར། གླང་ཆེན་མཆེ་བ་རུ་ལྗོངས་ཁུལ་དང་། ཀླུ་མོ་གཞུང་ལྗོངས་ཁུལ་དུ་བསྡོམས་པས་གསང་སྤྱོད་ཁང་བཅུ་དྲུག་ལས་པ་དང་། ཨང་གསུམ་པའི་འཕྲོད་བསྟེན་གསང་སྤྱོད་ཁང་བརྒྱད་གསར་དུ་ལས་ཏེ། ལྗོངས་ཁུལ་དང་གཞུང་ལམ་འགྲམ་རྒྱུད་དུ་གསང་སྤྱོད་ཁང་མེད་པའི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས།
མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་གནས་སྐོར་དོ་དམ་ཁང་གི་འགོ་བ་མཱ་ཐེན་ཁྲིན་གྱིས་བཤད་རྒྱུར། ང་ཚོས་ཐེངས་འདིར་བརྡ་ཁྱབ་བྱས་པའི་ཉམས་མྱོང་བསླབ་བྱ་བསྡུ་ལེན་བྱས་ནས། ཐོབ་པར་དཀའ་བའི་ཡུལ་ལྗོངས་ཁུལ་གྱི་མཚན་སྙན་གཅེས་འཛིན་བྱས་ཏེ། ནན་ཏན་སྒོས་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་ཡུལ་ལྗོངས་ཁུལ་གྱི་ཚད་གཞི་དང་གསང་སྤྱོད་ཁང་གསར་བརྗེའི་འབྲེལ་ཡོད་དགོས་མཁོ་ལྟར། མཚོ་སྔོན་ཞིང་ཆེན་དང་མཚོ་སྔོན་པོའི་གནས་སྐོར་ལས་རིགས་ཀྱི“ལོ་ངོ་གསུམ་གྱི་རིང་ལ་འགུལ་སྐྱོད་ཇེ་མཐོར་གཏོང་བ”དང་ཟུང་འབྲེལ་བྱས་ཏེ། མུ་མཐུད་དུ་འབད་བརྩོན་དང་། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ཡུལ་ལྗོངས་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བྱས་ནས། མཚོ་སྔོན་པོའི་མཚན་སྙན་གྲགས་ལ་གཅེས་འཛིན་དང་སྲུང་སྐྱོབ་བྱས།

ལོ་ཙཱ། ཚེ་རིང་སྒྲོལ་མ།