2018ལོར་མཚོ་སྔོན་པོ་རུ་ལོ་སར་བསུ་བའི་ཁོར་སྲུང་བ་རྐང་ཐང་དུ་སྐྱོད་པའི་བྱེད་སྒོ་སྤེལ།
2018.01.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 562

ཉེ་སྔོན། མཚོ་སྔོན་པོར་སྲུང་སྐྱོབ་དང་དངོས་ཡོད་ལག་ལེན་ནི་ཕུགས་བསམ་ཡིན་ཞེས་པའི་ཁོར་སྲུང་བ་རྐང་ཐང་དུ་སྐྱོད་པའི་བྱེད་སྒོ་དེ་མཚོ་སྔོན་པོའི་གླིང་ཆེན་མཆེ་བ་རིའི་ལྗོངས་ཁུལ་དུ་བསྡུས།  མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དོ་དམ་ཅུའུ་དང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ལོ་ངོ་དྲུག་གི་རིང་དུ་མཚོ་སྔོན་པོར་རྐང་ཐང་དུ་སྐྱོད་པའི་ལོ་སར་བསུ་བའི་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་བ་བརྒྱུད། གཞི་རྩའི་སྟེང་ནས་ཁྲོམ་ར་ཅན་གྱི་སྐྱེལ་འདྲེན་མངོན་འགྱུར་བྱུང་བར་མ་ཟད། བྱ་འགུལ་གྱི་གཞི་རྒྱ་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེ། རྩ་འཛུགས་ནུས་པ་བཅས་ཇེ་མཐོར་བཅས་བཏང་ནས། ཆེས་གླེང་རན་ཡོད་པའི་མཚོ་སྔོན་པོའི་དགུན་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ཆེན་པོ་རུ་བསྒྱུར་བར་མ་ཟད། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དོ་དམ་ཅུའུ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དངོས་འབེབ་ལག་བསྟར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་འདུ་ཤེས་བརྒྱུད་སྒྲོག་བྱས་ནས། ལུས་རྩལ་དང་རིག་གནས། ཡུལ་སྐོར་བཅས་མཉམ་བསྲེས་རང་བཞིན་གྱིས་ལྗང་མདོག་འཕེལ་རྒྱས་གསར་བསྐྲུན་བྱེད་པར་སྐུལ་འདེད་བཏང་།  ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། མཚོ་སྔོན་པོར་སྔར་ལས་ལྷག་པའི་བདག་སྐྱོང་དང་སྲུང་སྐྱོབ་བྱས་ཏེ། མི་རེ་རེར་ཁོར་སྲུང་གྱི་འདུ་ཤེས་ཆགས་སུ་འཇུག་པ་དང་། མ་སྐུལ་དང་བླངས་སྒོས་མཚོ་སྔོན་པོའི་ཉེ་འཁོར་གྱི་ཁོར་ཡུག་གཙང་སེལ་བྱེད་པའི་འགན་ཁུར་ཇེ་དྲག་ཏུ་བཏང་།  

ལོ་ཙཱ་བ། སྟོབས་ལྡན་རྒྱལ།