མཚོ་སྔོན་གྱིས་ཐང་རྒོད་སྤྱི་ཆིང་འབུམ་གསུམ་ལྷག་བཅོས་སྐྱོང་བྱས་པ།
2019.06.20 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 11

 ཟླ6ཚེས་17ཉིན་ནི་འཛམ་གླིང་གི་ཐང་རྒོད་དང་ཐན་སྐྱོན་འགོག་བཅོས་ཉིན་མོ་ཡིན་ཞིང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གྱི་ཐང་རྒོད་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ལྔ་དང་སྟོང་གཅིག་ ཇེ་ཆུང་དུ་ཕྱིན་པ་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ལྔ་དང་སྟོང་བདུན་ཇེ་ཆུང་དུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་ཐང་རྒོད་ཀྱི་རྒྱ་ཁྱོན་དང་བྱེ་འགྱུར་གྱི་རྒྱ་ཁྱོན་ལ“གཉིས་ག་ཆུང་དུ་འགྲོ་བའི”རྣམ་པ་མངོན་ཡོད།  དེའི་ནང་ཚྭ་འདམ་གཞོང་ས་དང་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱིའི་ཆ་ནས་ཇེ་ཆུང་དུ་ཕྱིན་པ་དང་བྱེ་མར་འགྱུར་ཚད་ཇེ་དམར་འགྲོ་བ། གསེར་ཆེན་གཞོང་ས་དང་མཚོ་སྔོན་པོ་མཐའ་བསྐོར་ས་ཁུལ་དུ་བྱེ་མར་འགྱུར་ཚད་རྒྱུན་ཆད་མེད་པར་ཇེ་ཆུང་དུ་ཕྱིན་པ་དང་། སྤྱི་ཡོངས་ནས་བཤད་ན“ཐང་རྒོད་ལས་ཁྱིམ་གཞིས་ལ་གཏོར་བརླག་ཐེབས་ནས་མིའི་རིགས་ཕྱིར་འཐེན་བྱེད་པ”ནས“ཐང་རྒོད་དུ་ལྗོན་ཤིང་བཙུགས་ཏེ་མིའི་རིགས་གནས་ཐུབ་པར་བྱེད་པའི”བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། མཚོ་སྔོན་གྱིས་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། བྱེ་ཁུལ་དུ་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་ཐོག་མར་བཙུགས་ཏེ་བྱེ་འགྱུར་གྱི་གནོད་འཚེ་ཚབས་ཆེ་རུ་འགྲོ་བའི་ལོ་རྒྱུས་མཇུག་འགྲིལ་ཞིང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་བཅོས་སྐྱོང་ལས་འགན་སྤྱི་ཆིང་འབུམ་གསུམ་སྟོང་གཅིག་ལྷག་ཡོངས་འགྲུབ་བྱས་ཡོད། གཙོ་གནད་བཅོས་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ཏུའུ་ལན་རྫོང་དང་ཀོས་ནན་རྫོང་སོགས་རྒྱལ་ཁབ་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་5འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་བྱེ་འགོག་བྱེ་བཅོས་ཀྱི་ནགས་ཚལ་སྤྱི་ཆིང་སྟོང་གཉིས་དང་སུམ་བརྒྱ་འཛུགས་སྐྲུན་བྱས་པ་མ་ཟད། ཀོས་ནན་རྫོང་དང་། གུང་ཧོ་རྫོང་།   ཧེ་ཡན་རྫོང་བཅས་བྱང་གསུམ་ལས་གཞིའི་གནད་སྨིན་བྱེ་བཅོས་གྱི་གཙོ་གནད་རྫོང་གི་ཁོངས་སུ་བཅུག་ཡོད། ཀོས་ནན་རྫོང་གི་ཀླུ་ཚང་དང་། ལེང་ཧུའུ་སྲིད་འཛིན་ཨུ་ཡོན་ལྷན་ཁང་། རྨ་ཆེན་རྫོང་འཕྲང་དམར་གཙང་པོ། བུའུ་ལན་རྫོང་ཙའོ་ཧུའོ་བཅས་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོབ་ཁུལ་4ཇེ་མང་དུ་བཏང་བ་ལས། ཀོས་ནན་རྫོང་ཀླུ་ཚང་དང་ལེང་ཧུའུ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་བཀག་སྡོམ་སྲུང་སྐྱོབ་ཁུལ་གཉིས་ཀྱི་ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ཐང་རྒོད་སྤྱི་གླིང་12ལ་མཆན་བཀོད་བཀའ་ལན་གནང་བ་དང་། ས་ཁུལ་ཁག་གིས་རྒྱལ་ཁབ་ཀྱི་ཐང་རྒོད་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་2019ལོའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྟུད་མར་ལོ་གསུམ་ལ་ཚད་གཞི་མཐོ་པོའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་ལ་ལག་བསྟར་བྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་མཐོ་ཚད་ནས་ལྗང་བསྒྱུར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། 《ནགས་སྐྲུན་རྐྱེན་སྲོལ་གསར་གཏོད་བྱས་ཏེ་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་བའི་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་ནགས་སྐྲུན་བཟོ་འགོད་སྔོན་སྐྲུན་རྗེས་གསབ་ཀྱི་ལག་བསྟར་ཞིབ་སྲོལ》སོགས་ཀྱི་སྲིད་ཇུས་བྱེད་ཐབས་སྔ་རྗེས་སུ་བཏོན་ནས་ལག་བསྟར་བྱས་པ་མ་ཟད། ཁྲལ་བསྡུ་དང་། གློག་སྤྱོད། ཆུ་སྤྱོད་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ནགས་སྐྲུན་ལྗང་བསྒྱུར་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ཡོད། ནགས་སྐྲུན་ཁྱིམ་ཚང་ཆེན་པོ་དང་། ཁྱིམ་ཚང་ནགས་ར། ཞིང་པའི་མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས། ནགས་ལས་ལས་རིགས་ཀྱི་མཚམས་སྦྱོར་བ་སོགས་ནགས་ལས་བདག་གཉེར་མཁན་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཤིང་། “སྔོན་སྐྲུན་རྗེས་གསབ”ཀྱི་ནགས་སྐྲུན་སྒྲིག་སྲོལ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་སྤྱི་ཚོགས་ཀྱི་བདག་གཉེར་པའི་སྲིད་ཇུས་རང་བཞིན་གྱི་ནགས་སྐྲུན་ལྗང་བསྒྱུར་དང་གཉེར་སྐྱོང་བདག་གཉེར་ཞབས་ཞུ་ཉོ་སྒྲུབ་སོགས་འཚོལ་ཞིབ་ལེགས་པོ་བྱས་ཡོད། ནགས་དབང་ཉོ་ཚོང་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ནགས་ས་དང་ནགས་ཤིང་གི་མ་རྐང་མཉམ་ལས་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་ཁྲིམས་ལྟར་འཁོར་རྒྱུག་བྱས་པ་བརྒྱུད་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་བྱ་རྒྱུར་སྐུལ་ལྕག་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།