བསམ་པའི་སྙིང་སྟོབས་ཚད་མཐོན་པོ་བཟུང་ནས་ལྗང་མདོག་གི་ཡུས་ཧྲུའུ་གསར་བ་གསར་བསྐྲུན་བྱས།
2020.04.28 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 47

 “རང་གི་ཚེ་སྲོག་གིས་གཞན་གྱི་ཚེ་སྲོག་ལ་སོ་སྲུང་བྱེད་པ”ནི་ཨ་ཆེན་གངས་རྒྱབ་ཀྱི་རི་ཁུལ་སྐོར་ཞིབ་རུ་མི་ལྷ་འབྲུག་ཚེ་རྒྱལ་གྱི་ཉིན་རེའི་ལས་ཀ་རེད། 2017ལོའི་ཟླ7པར། ཨ་ཆེན་གངས་རྒྱབ་མདོ་དབུས་མཐོ་སྒང་གི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཐོག་མ་རུ་གྱུར།

ཡུས་ཧྲུའུ་ཁུལ་གྱི་ཨ་ཆེན་གངས་རྒྱབ་ནི་གཙོད་ཀྱི་འཚོ་སྡོད་བྱེད་ས་གཙོ་བོ་ཞིག་ཡིན། འདས་པའི་ལོ་ངོ10ཡི་རིང་། ལྷ་འབྲུག་ཚེ་རྒྱལ་དང་རུ་མི་ཚོས་ཨ་ཆེན་གངས་རྒྱབ་དུ་བསྡད་ནས་ས་འདིར་སོ་སྲུང་བྱེད་བཞིན་ཡོད།

འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཙོད་ཀྱི་གྲངས་ཀ་དེ་ཁྲི7ལྷག་ལ་སླར་གསོ་བྱུང་བ་དང་གསའ་ཡི་གྲངས་ཀའང1200ལ་བསླེབས་པས། རྨ་འབྲི་རྫ་གསུམ་ནི་གོ་ལ་ཧྲིལ་བོའི་གསའ་ཡི་འདུས་ཚད་མཐོ་བའི་ཁྱབ་ཁོངས་སུ་གྱུར། ཁྲུང་ཁྲུང་སྐེ་ནག་དང་གཙོད། འབྲོང། རྐྱང་། དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད།

ཡུས་ཧྲུའུ་ཁུལ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་འགོ་ཁུངས་སྤྱི་གླིང་དང་རྫ་ཆུའི་འགོ་ཁུངས་སྤྱི་གླིང་གིས་སྤྱི་གླིང་སྤྱིའི་རྒྱ་ཁྱོན་གྱི85%ཟིན་ཡོད། “ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་པའི་གནས་འདི་རུ་རྒྱལ་ཡོངས་དང་ཐ་ན་ཨེ་ཤ་ཡའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲོག་རྩ་དམ་སྲུང་བྱས་ཡོད་པས། རང་རྒྱལ་གྱི་ཆུའི་ཐོན་ཁུངས་གསོ་སྤེལ་བྱེད་གནས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་མངའ་ཁོངས་གལ་ཆེན་ཞིག་ཀྱང་ཡིན།

གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་རྣམས་རྩྭ་ཐང་བེད་སྤྱོད་མཁན་ནས་རྩྭ་ཐང་སྲུང་སྐྱོབ་བྱེད་མཁན་དུ་གྱུར་བ་དང་། 2015ལོར་ཀྲུང་དབྱང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ཐག་གིས་བཅད་རྗེས། ཡུས་ཧྲུའུ་ཡི་མི་གྲངས་ཁྲི་གཅིག་སྟོང་བརྒྱད་ལྷག་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་དུ་ཞུགས་པ་དང་།  ཡུས་ཧྲུའུ་ཁུལ་གྱི་ས་མུའུ་ཆིག་སྟོང་ལྷག་ནི་ནགས་ཤིང་གསོ་སྤེལ་ཚོད་ལྟའི་རྟེན་གཞི་རུ་གྱུར་ཡོད།

ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་ཚེ་རིང་གིས་བཤད་རྒྱུར། “རི་གཙང་མ་དང་ཆུ་དྭངས་མོ་ནི་རིན་ཐང་བྲལ་བའི་གནས་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་རྐང་བཙུགས་ནས། ལྗང་མདོག་ལ་དྲིན་ལན་དང་སྐྱེ་ཁམས་ལ་དྲིན་གཟོ་བྱེད་པ་ནི་ང་ཚོའི་ཐོག་མའི་དམ་བཅའ་ཡིན་ལ། རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་ཆབ་སྲིད་ཀྱི་བརྟན་སྲུང་ལེགས་པོ་ཞིག་ཡིན་པའི་ཆ་ནས། ཆེས་ཆེ་བའི་འགན་འཁྲི་དང་ལེན་དང་ཆེས་ཆེ་བའི་དམངས་ཚིས་ལ་འགན་སྲུང་བྱེད་དགོས”ཟེར།

2013ལོའི་ཚུན་ལ། ཡུས་ཧྲུའུ་མངའ་ཁོངས་ཀྱི་གཏེར་སྔོག་དབང་ཆ་ཡོད་ཚད་ཕྱིར་འཐེན་བྱས་ཏེ་འཆར་འགོད་ཁྲོད་ཀྱི་ཆུ་གློག་གསར་སྤེལ་ལས་གཞི་ཡོད་ཚད་ཁྱོན་ཡོངས་ནས་མཚམས་བཞག ལོ་ངོ10ཡི་རིང་། ཡུས་ཧྲུའུ་ཁུལ་གྱིས་ཁྱོན་བསྡོམས་ནགས་ཚལ་མུའུ་འབུམ་བརྒྱད་ཁྲི་གསུམ་ལྷག་གསར་སྐྲུན་ཡོངས་འགྲུབ་དང་།  བྱེ་ཐང་ཅན་དང་ས་ནག་ཐང་བཅོས་སྐྱོང་རྒྱ་ཁྱོན་མུའུ་ས་ཡ་བཞི་འབུམ་དྲུག་ཁྲི་བཞི་ལྷག་ལག་བསྟར་བྱས། འདམ་རའི་རྒྱ་ཁྱོན་དེ2012ལོའི་སྤྱི་ལེ་གྲུ་བཞི་མ་ཁྲི་གསུམ་སྟོང་དགུ་ནས་སྤྱི་ལེ་གྲུ་བཞི་མ་ཁྲི5ལ་བུད་དེ། རྨ་འབྲི་རྫ་གསུམ་ས་ཁུལ་གྱི་ཆུའི་ཐོན་ཁུངས་དེ་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་སུམ་བརྒྱ་གྱ་བཞི་ནས་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བཞི་བརྒྱ་ལྷག་ཏུ་བསླེབས།

2015ལོའི་ཟླ6པར། ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་དགུ་ཆུ་འདོན་ཚད་ཡོད་ཀུང་ཟིར་དངོས་སུ་མ་དངུལ་བཏང་སྟེ་ལས་གཉེར་བྱེད་འགོ་བརྩམས་ཤིང་། ཉིན་རེའི་ཐག་གཅོད་བྱས་པའི་བཙོག་ཆུའི་ཚད་གཞི་དེ་ཏུན་ཁྲི་གཅིག་སྟོང་ལྔ་ནས་ཏུན་ཁྲི་གཅིག་སྟོང་བརྒྱད་ལ་བསླེབས་པ་དང་། ཐག་གཅོད་བྱས་པའི་བཙོག་ཆུ་ཡོད་ཚད་རྒྱལ་ཁབ་ཀྱི་རིམ་པ་དང་པོAཡི་ཚད་གཞི་ལ་སླེབས། ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་དགུ་ཆུ་འདོན་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་པུའུ་ཡི་པུའུ་ཀྲང་འཇིགས་མེད་རྒྱ་མཚོ་ཡིས་བཤད་རྒྱུར།  བཙོག་ཆུ་གཙང་སེལ་བྱས་ནས་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་འགན་སྲུང་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ཟེར།

ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གསར་སྐྲུན་དང་རྒྱལ་ཡོངས་ཀྱི་དཔེ་སྟོན་གྲོང་ཁྱེར་ཟུང་ལྡན་གསར་སྐྲུན་བྱེད་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བཅས་ལེགས་འགྲུབ་བྱུང་སྟེ། ད་ལྟ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་བཞིན་ཡོད། གྲོང་ཁྱེར་གྱི་མགྱོགས་མྱུར་འཕེལ་རྒྱས་དང་ཕྱིར་གཏོང་དཀྱེལ་ཡངས།  སྦས་ཤུགས་ཆེན་པོ་བཅས་ལས་ཡུས་ཧྲུའུ་ཡི་སྲོལ་རྒྱུན་འཚོ་བའི་བྱེད་སྟངས་ལ་ཤུགས་རྐྱེན་དང་བཅོས་སྒྱུར་ཐོབ་ཡོད།

ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཡུས་ཧྲུའུ་གྲོང་ཁྱེར་གྱི་འགོ་གཙོ་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། “སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཧྲུའུ་གསར་པ་ནི་ཀྲུང་གོ་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཤིག་སྟེ། བོད་ཁུལ་གྱི་འགྱུར་ལྡོག་དེ་མེས་རྒྱལ་དར་རྒྱས་ལ་ཕན་ངེས་ཡིན”ཟེར།

དེང་རབས་ཅན་གྱི་རྩྭ་ཐང་གི་གྲོང་ཁྱེར་གསར་བ་འདི་ནས་ལོ་རྒྱུས་ཀྱི་རྒྱུན་རིང་བོའི་ཁམས་པའི་རིག་གནས་དེ་དུས་རབས་དང་མཉམ་དུ་མདུན་སྐྱོད་བྱེད་བཞིན་པ་ངང་གིས་ཚོར་ཐུབ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།