གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གནས་པའི་ཧི་ནན་རྫོང་ནི་ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་རྩྭ་ཐང་སྲུང་སྐྱོབ་བྱས་པ་ཆེས་ལེགས་པའི་ས་ཁུལ་རེད།
རླངས་འཁོར་བསྐོར་ཏེ་ཧི་ནན་རྫོང་མཁར་དུ་བསྐྱོད་པ་ན། ཁོད་ཡངས་པའི་སྣུམ་ལམ་དང་བར་དོག་པའི་སྲང་ལམ་དག་ནི་ཤིན་ཏུ་གཙང་བས། དག་གཙང་ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱིས་མངོན་པར་མཚོན་ཆོག གསར་འགོད་པའི་མིག་ལམ་དུ་མངོན་པ་ནི་མི་རེ་རེས་ལག་ཏུ་ཁུག་མ་དམར་པོ་རེ་བཟུང་འདུག ཧི་ནན་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཕེན་ཧྥེས་གསར་འགོད་པར་བཤད་རྒྱུར། “འདི་ནི་ལོ་ངོ16སྔོན་ལ་སྲིད་གཞུང་གིས་བསྒྲགས་པའི‘འགྱིག་ཁུག་གཏན་འགོག་བཀའ་རྒྱ’བཀྲམ་པའི་རྗེས་སུ། འགྱིག་ཁུག་གི་ཚབ་བྱེད་ཡིན་ལ་ཡང་དང་བསྐྱར་དུ་བེད་སྤྱོད་ཆོག་ཅིང་། ཟག་སླ་བའི་རས་ཁུག་ཅིག་ཡིན།”
2004ལོའི་སྔོན་ལ། ཧི་ནན་རྫོང་མཁར་གྱི་གང་སར་གད་སྙིགས་མང་ཞིང་། རྩྭ་ཐང་གི་ལྕགས་རིའི་སྟེང་ལ་འགྱིག་ཁུག་གིས་ཁེངས་ཡོད། རླུང་འཚུབ་གཡུག་པའི་ཉིན་མོར། འགྱིག་ཁུག་སྣ་ཚོགས་གང་སར་འཁུར་བཞིན་ཡོད་པ་དང་། ཟག་སླ་མོ་མིན་པའི་འགྱིག་ཁུག་གིས་རྩྭ་སའི་སྐྱེ་ཁམས་ལ་སྦགས་བཙོག་ཚབས་ཆེན་བཟོས་པར་མ་ཟད། ཕྱུགས་ཟོག་ལའང་གནོད་པ་ཆེན་པོ་བཟོས།
2004ལོར། འགྱིག་ཁུག་ཉོ་འཚོང་དང་། མཁོ་འདོན། བེད་སྤྱོད་གཏོང་རྒྱུ་བཅས་གཏན་འགོག་བྱ་རྒྱུ་དེ《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག》ཁྲོད་དུ་བཞག་པ་དང་། 2016ལོར། ཟག་དཀའ་བའི་ཐེངས་གཅིག་རང་བཞིན་གྱི་རྒྱུན་མཁོའི་འགྱིག་ཁུག་དངོས་རྫས་བཀོལ་མཚམས་འཇོག་རྒྱུ་དེ《ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》ཁྲོད་དུ་བཞག་པ་རེད།
ཆུང་དུས་ནས་ཧི་ནན་རྫོང་ཐོག་ཏུ་འཚར་ལོངས་བྱུང་བའི་སྐལ་བཟང་སྒྲོལ་མར་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི། “རང་ཁྱིམ་དང་ཡང་ན་ཚོང་ཁང་། རང་འདེམས་ཚོང་ཁང་གང་ཞིག་ཡིན་རུང་། འགྱིག་ཁུག་མི་བཀོལ་བ་ནི་ང་ཚོའི་འཚོ་བའི་གོམས་གཤིས་སུ་གྱུར་ཟིན། ཁྱིམ་ཚང་རེ་རེར་རས་ཁུག་དམར་པོ་རེ་ཡོད། ཚང་མས་ཆེད་དུ་རེས་མོས་ཀྱིས་བཀོལ་སྤྱོད་བྱེད་བཞིན་ཡོད། ལོ་འདི་འགར་རྩྭ་ཐང་ཇེ་ཡག་ནས་ཇེ་ཡག་ཡིན་པས་ང་ཚོར་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་འགན་འཁྲི་ཡིན་པའི་འདུ་ཤེས་དྲག་པོ་སྐྱེས་སོང”ཞེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
ཆད་གཅོད་དང་། ལྟ་སྐུལ་དོ་དམ། མ་དངུལ་བཏོན་ཏེ་ཚི་སྣའི་འགྱིག་ཁུག་བཟོ་བ་བཅས་སྲིད་གཞུང་གི་བྱེད་ཐབས་དྲག་པོ་དེ་དག་གིས“འགྱིག་ཁུག་གཏན་འགོག”བྱེད་པ་ནི་ཧི་ནན་རྫོང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཅིང་། “འགྱིག་ཁུག་གཏན་འགོག”བྱེད་པའི་བྱ་བ་མུ་མཐུད་དུ་རྒྱུན་བསྲིང་བ་དེས་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་དང་། སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ལ་ཡུན་རིང་གི་འཕེལ་རྒྱས་བྱུང་སྟེ། གནས་འདིར་འཚོ་བ་རོལ་བའི་མི་རྣམས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་རང་རྟོགས་ངང་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཁྲོད་འཇོག་ཏུ་བཅུག་པ་དང་། ཧི་ནན་རྫོང་གི་གྲོང་ཚོ་དག་གཙང་འགུལ་སྐྱོད་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་།
ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཧོར་ཝན་སྡེ་བའི་དངུལ་རའི་ལུག་རྒྱུད་སྤེལ་རྟེན་གཞི་རུ་སྡེ་མི་རྣམས་ཀྱིས་ལུག་རའི་ནང་གི་རིལ་མ་སྒྱེ་ནང་དུ་བཅུག་ནས། ཆེད་བཀོལ་མི་སྣས་བསྡུ་ལེན་བྱེད་པར་སྒུག་ཡོད། ཕྱུགས་ལས་གཉེར་བའི་རྫོང་ཞིག་ཡིན་པའི་ངོས་ནས། ཕྱུགས་ ཟོག་གི་ཨོང་བ་དང་རིལ་མ་གཙང་ཕྱགས་བྱ་རྒྱུ་དེ་ནི་དག་གཙང་འགུལ་སྐྱོད་ཀྱི་བྱ་བ་གལ་ཆེན་གྲས་ཀྱི་གཅིག་རེད།
“ད་ལྟ་རིལ་མ་སྒྱེ་གང་ལ་སྒོར་གཉིས་བྱས་ཏེ་བཙོང་ཐུབ”ཀྲང་ཕེན་ཧྥེས་བཤད་རྒྱུར། མི་ལག་མ་བརྒྱུད་པའི་ཕྱུགས་ཟོག་གི་ཨོང་བ་དང་རིལ་མ་ཟག་པའི་དུས་ཡུན་ཤིན་ཏུ་རིང་བར་མ་ཟད། འབྲོག་པ་རྣམས་ལ་མཚོན་ན་ཨོང་བ་དང་རིལ་མ་མང་ཆེ་ཤོས་ནི་ཁུར་པོ་ཞིག་ཏུ་གྱུར་ཡོད་དེ། སྔོན་ཆད་གང་དུ་ས་དོང་ཡོད་ན་དེར་བྱོ་བ་ཡིན་ལ། ཐག་གཅོད་ལེགས་པོ་བྱེད་མ་ཐུབ་ཚེ་རྩྭ་ཐང་སྦགས་བཙོག་བཟོ་བར་མ་ཟད། ད་ལྟའི་ཚད་གཞི་ཅན་གྱི་གསོ་སྤེལ་དང་། མཉམ་ལས་ཁང་གིས་ཨོང་བ་དང་རིལ་མ་གཅིག་སྡུད་ཀྱིས་བསྡུ་ཉར་བྱས་པ་དང་། སྐྱེ་ལྡན་ལུད་རྫས་བཟོ་གྲྭར་བཙོང་སྟེ་སྐྱེ་ལྡན་ལུད་རྫས་བཟོ་རུ་འཇུག་བཞིན་ཡོད་ལ། ལས་སྣོན་བྱས་ཟིན་པའི་ལུད་རྫས་ཀྱིས་ཁོར་སྲུང་ལྗང་མདོག་ཏུ་གཏོང་ཐུབ་པར་མ་ཟད། ཟག་པ་མགྱོགས་ཤིང་། རྩྭ་སྐྱེ་བར་ཕན་ནུས་ལྡན།
སྒོ་ཕྱུགས་གསོ་སྤེལ་གྱི་ཨོང་ལུད་སོགས་བེད་མེད་དངོས་རྫས་ཏུན5000ལྷག་གཙང་སེལ་བྱས་པ་དང་། ཆུ་འགྲམ་གྱི་གད་སྙིགས་ཏུན20ལྷག་གཙང་སེལ་བྱས་པ། གྲོང་གསེབ་ཀྱི་བགྲོད་ལམ་སྤྱི་ལེ300ལྷག་སྲ་བསྒྱུར་བཅས་བྱས་ཤིང་། གསང་སྤྱོད་གསར་བརྗེ་ཡི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་དང་ཟུང་འབྲེལ་བྱས་ཏེ། 2019ལོར་འགྲིམ་འགྲུལ་ལམ་རྒྱུད་དུ་སྤྱོད་ཁང1327ལས་པ་ལེགས་འགྲུབ་བྱུང་བ་དང་། རྫོང་ཡོངས་སུ་གད་སྙིགས་རིགས་དབྱེའི་སྒམ5000ལྷག་བྱིན་པ་དང་། སྙིགས་ཟོམ1000ལྷག་བྱིན་ཏེ། འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལ་ཕན་འབྲས་ལྡན་པའི་ལེགས་བཅོས་བྱུང་།
ཐོག་མཐའ་བར་གསུམ་དུ“ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས”བརྟན་པོར་བཙུགས་ཏེ། ཁྱོན་ཡོངས་ནས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”སམ“རི་ཆུའི་རྨ་ལྷོ་བསྐྲུན་ཏེ། སྤུས་ཚད་མཐོན་པོའི་སྒོ་ནས‘ཁུལ་གསུམ་འཛུགས་སྐྲུན’ལ་སྐུལ་འདེད་གཏོང་བ།”འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་བྱས་ཏེ། ཧི་ནན་རྫོང་གིས“འགྱིག་ཁུག་གཏན་འགོག”བྱེད་པར་བརྟེན་ནས“འགྱིག་ཁུག་གི་སྦགས་བཙོག”བཅོས་སྐྱོང་བྱས་པ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་བརྟེན་ནས།“ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང”བསྐྲུན་པ། རྫོང་རིམ་པའི་ལས་བྱེད་པའི་འགན་འཁྲིའི་འབྲོག་ས་དང་།“ཆུ་བོ་དྭངས་གཙང་གི་འགུལ་སྐྱོད”།“ཁོར་ཡུག་ཉིན་མོ”སོགས་བྱེད་ཐབས་གསར་པ་རབ་དང་རིམ་པར་བརྟེན་ནས་མི་སྡོད་ཁོར་ཡུག་ཧུར་ཐག་སྒོས་ལེགས་བཅོས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། །
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།