སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་ནས་མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་གསལ་པོ་འཛུགས་དགོས།
2021.01.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

མདོ་ལའི་སྟོང་སོ་ཆུང་བའི་ཆུ་ཡི་སྐྱེ་ཁམས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་རྩ་བ་ནས་འགྱུར་ལྡོག་བྱུང་།འདི་ནི་བྱེ་དོང་བདེ་སྙོམས་བྱས་པའི་ཤུལ་དུ་བསྐྲུན་པའི་མིས་བཟོས་མཚེའུ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་གསུངས་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་བྱས་རྗེས་དེང་འདིར་བཞག་ན། ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན། གནད་དོན་འདིའི་སྟེང་། ང་ཚོར་གདམ་གསེས་གཞན་ཅི་ཡང་མེད། 2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ་དང་། འགན་འཁྲི་ལྕི་ཤོས་དེ་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ། སྦས་ཤུགས་ཆེ་ཤོས་དེའང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ཅེས་གསལ་པོར་བསྟན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་མཚོ་སྔོན་གྱི་ཆབ་སྲིད་འགན་འཁྲི་ཆེ་ཤོས་དེ་ཡིན་ལ་རྟག་བརྟན་གྱི་བརྗོད་བྱ་ཞིག་ཀྱང་ཡིན། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དོན་འཁྱོལ་བྱ་དགོས་ལ། ཐོག་མཐའ་བར་གསུམ་དུ“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏན་ཏིག་ཏིག་སྒོས་སྐུལ་འདེད་གཏོང་བ”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་སེམས་ལ་ངེས་ནས། དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་འཁྱོལ་དང་། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བླང་བྱ་ལྟར། མི་འདེམས་པ་དང་མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་གསལ་པོ་བཙུགས་ཏེ། རྒྱ་ཆེའི་ལས་བྱེད་པས་ཡང་དག་པའི“སྐྱེ་ཁམས་ལྟ་བ”འཛུགས་པར་ཁྲིད་སྟོན་བྱེད་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོའི་སྟེང་དུ་ལས་བྱེད་པར་རྟོག་ཞིབ་བྱེད་པར་དོ་སྣང་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་པ་མུ་མཐུད་དུ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གི་གནས་ཚུལ་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུ་བཅས་ནི། མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་དང་། དམིགས་ཡུལ་འདུ་ཤེས། ཁྱོན་ཡོངས་འདུ་ཤེས། ཁག་ཁུར་སྙིང་སྟོབས་བཅས་ལ་རྟོག་ཞིབ་དང་གསལ་འབྱེད་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། མི་འདེམས་པ་དང་མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་གསལ་པོ་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བའི་ཁྲོད་རིག་པ་གསལ་པོ་དང་། ཁག་ཁུར་ལས་སྒྲུབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་མི་དང་དོན་དག་མྱུར་དུ་ཐག་གཅོད་དང་། ནུས་ཤུགས་ཡོད་པའི་སྒོ་ནས་རྡུང་རྡེག་གཏོང་བ། བྱས་རྗེས་འབུར་དུ་ཐོན་པའི་ལས་བྱེད་པར་ཁོའི་ལྷོད་མེད་ཀྱི་རྣམ་འགྱུར་དང་ཟུང་འབྲེལ་བྱས་ཏེ། ཐེ་ཚོམ་མེད་པར་ཡར་འཐེན་དང་བཀོལ་སྤྱོད་བྱེད་དགོས་ལ། རྒྱ་ཆེའི་ལས་བྱེད་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་དོན་ཁྲོད་ཁག་ཁུར་ཕོད་པ་དང་། ལས་སྒྲུབ་མཁས་པ། མགོ་མི་རྨོངས་པ་བཅས་ཡོང་བར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྲེལ་ཡོད་ནང་དོན་དེ་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་མ་ལག་ཁྲོད་ཚུད་དུ་འཇུག་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་དགོས་ལ། ནུས་ཤུགས་གང་ཡོད་སྒོས་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་གོ་རྟོགས་དང་ལག་ལེན་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་མཐོར་འདེགས་བྱ་དགོས། གསོ་སྦྱོང་དང་སློབ་སྦྱོང་བརྒྱུད་ནས། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་གི་གལ་འགངས་རང་བཞིན་དང་དཀའ་སྡུག་རང་བཞིན་གསལ་པོ་ངེས་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བའི་གལ་ཆེན་རང་བཞིན་དང་དཀའ་ཚེགས་རང་བཞིན་གསལ་པོར་ངེས་ནས། སེམས་ཐག་གཙང་བཅད་ཀྱིས་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལེགས་པོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལེགས་པོར་འཛུགས་སྐྲུན་བྱས་ཏེ། མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ནུས་ཤུགས་གང་ཡོད་ཀྱིས་འཐབ་འཛིང་སྙིང་སྟོབས་སྐྱེད་སྲིང་དང་། འཐབ་འཛིང་ནུས་པ་ཇེ་དྲག་ཏུ་གཏོང་བ། རང་རྟོགས་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་འགལ་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་སྣང་ཚུལ་ལ་མཐའ་གཅིག་ཏུ་འཐབ་འཛིང་བྱེད་དགོས། དངོས་གནས་ཉེན་ཚབས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་གནས་པའི་ཉེན་ཁ་ཆེན་པོར་དབྱེ་ཞིབ་ཟབ་མོ་བྱེད་དགོས་ལ། ནན་ཏན་སྒོས་སྐྱེ་ཁམས་ཁོར་སྲུང་བྱ་བའི་ཉེན་ཁའི་གྲལ་བཤེར་བྱ་བ་སྤེལ་དགོས། དུས་ཐོག་ཏུ་ཡང་དག་པའི་ངང་གནས་ཚུལ་དངོས་ལ་རྒྱུས་ལོན་དང་། བྲེལ་བསྟུན་སྔོན་ཇུས་གཏན་འབེབས་དང་འཐུས་ཚང་དུ་གཏོང་དགོས།

ལས་བྱེད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། ཆབ་སྲིད་སྐོར་ཞིབ་དང་ཁོར་སྲུང་ལྟ་ཞིབ།དཔལ་འབྱོར་འགན་འཁྲི་རྩིས་བཤེར་སོགས་ཀྱི་བྱ་བར་ཟུང་འབྲེལ་བྱས་ཏེ། “ཆེ་ཤོས་གསུམ”གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྒྲིག་ལམ་ཇེ་དམ་དུ་བཏང་ནས། ལས་བྱེད་པར་སློབ་གསོ་དང་དོ་དམ་བྱེད་པའི་ལས་འགན་གལ་ཆེན་དངོས་གནས་ལག་བསྟར་བཟང་པོ་བྱེད་པ། ལས་བྱེད་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གནས་པའི་གནད་དོན་འཛིན་ཐུབ་པ་དང་དོ་དམ་བྱེད་ཐུབ་པ། དངོས་སུ་འཛིན་པ་དང་དངོས་སུ་དོ་དམ་བཅས་བྱེད་ཐུབ་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་དང་ལག་བསྟར་བྱས་པ་བློ་ཐག་རྦད་ཆོད་མིན་པ་དང་གནད་ལ་ཁེལ་མེད་པ། སྤྱོད་ཚུལ་མགོ་གཡེང་ཡིན་པ། ཁག་ཁུར་མི་ཕོད་པ། ཐ་ན་རྫུན་བཟོ་བྱེད་པ། ལས་འགལ་ལས་འཛོལ་བྱས་པའི་ལས་བྱེད་པ་ལ་ཐག་གཅོད་ནན་མོ་བྱེད་དགོས་པ་དང་། སྡེབ་སྒྲིག་བྱེད་དགོས་པ་རྣམས་སྡེབ་སྒྲིག་བྱེད་པ། ལས་གནས་ལས་དབྱུང་དགོས་པ་རྣམས་ལས་གནས་ལས་དབྱུང་བ། “དམར་ཐིག”ལ་མི་རེག་པ་དང“མཐའ་ཐིག”ལས་མི་བརྒལ་བ་བྱེད་ཐུབ་དགོས།

སྐྱེ་ཁམས་ཁོར་ཡུག་ལ་ཚབ་བྱེད་ཆོག་པ་ཞིག་མེད། སྤྱོད་དུས་མ་ཚོར་ན་ཤོར་རྗེས་འཛིན་པར་དཀའ། གོ་གནས་ཤིག་ལ་བཀོད་ཚེ་ཡུལ་དེ་སྐྱིད་ལ་འགོད་དགོས། ང་ཚོའི་ལས་བྱེད་པས་ངེས་པར་དུ་རང་ཉིད་ཀྱི་མིག་འབྲས་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་།ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཁུངས་སྲུང་སྐྱོབ་གང་ལེགས་དང་། ཀྲུང་ཧྭའི་ཆུ་མཛོད་ལེགས་པོར་བསྲུང་བ་བཅས་བྱས་ཏེ། “དྭངས་གཙང་ཆུ་བོ་ཤར་དུ་བཞུར་བ”ལ་ཁག་ཐེག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་བདེ་བ་དང་། ཏང་ཀྲུང་དབྱང་བློ་བདེ་བ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སེམས་བདེ་བར་བྱེད་དགོས། 

                                                                                             རྩོམ་སྒྲིག་པ། གཡང་འབུམ་རྒྱལ།