ཚད་རིམ་མཐོ་བའི་གནས་སྐོར་ཚོང་རྟགས་ཤིག་དང་གནས་སྐོར་ལམ་ཐིག་རྩེ་གྲས་གསུམ། གནས་སྐོར་རིག་གནས་ཐོན་ལས་ར་བ་བཞི་བཅས་བསྐྲུན་ནས། གཞོང་སའི་མཐའ་འཁོར་ཀྱི་གནས་སྐོར་ས་རྒྱུད“1341”བཟོ་འགོད་གཙོ་བོ་ཡིན་པའི་ཚྭ་འདམ་གཞོང་གནས་སྐོར་ལས་རིགས་འཕེལ་ཚུལ་ཞིག་ད་ལྟ་ཕལ་ཆེར་ཆགས་ཡོད། ཟླ་བརྒྱད་པའི་ཟླ་མཇུག་བར་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གནས་སྐོར་པ་མི་ཐེངས་ས་ཡ་གསུམ་དང་འབུམ་བཞི་ཁྲི་བརྒྱད་སྣེ་ལེན་བྱས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་འཕར། གནས་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར་བཅུ་གསུམ་དང་བྱེ་བ་ལྔ་ཡིན་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་ཉེར་བརྒྱད་འཕར་ཡོད།
ཁྱད་ལྡན་གནས་སྐོར་ས་ཡུལ་བསྐྲུན་ཆེད། མཚོ་ནུབ་ཁུལ་གྱིས་ད་ལོ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པ་བཅས་ཀྱི་ལས་གཞི་བསྡོམས་པས་ཉེར་གཅིག་ཡར་ཞུ་བྱས། ལས་གཞིའི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔ་ས་ཡ་དགུ་གཏོང་རྩིས་ཡོད། མིག་སྔར་གཏེར་ལེན་ཁའི་རང་གིས་རླངས་འཁོར་བསྐོར་ནས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་དང་གནས་སྐོར་ཚོང་རྫས་ཞིབ་འཇུག་དང་གསར་སྤེལ། ཐུམ་རྒྱག་སོགས་ཀྱི་ལས་གཞི་བཞི་ལག་ཏུ་བསྟར་བ་དང་བརྩོན་ལེན་བྱས་ཏེ་ལག་ཏུ་འབྱོར་བའི་ཞིང་ཆེན་རིམ་པའི་མ་དངུལ་སྒོར་བྱེ