དང་པོ། རྩྭ་ས་ཉམས་ཞན་དུ་གྱུར་པའི་གནས་བབ་ཚོད་འཛིན་དང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་ཀྱི་འཕེལ་རྒྱས་དེ་ལམ་བཟང་བོ་ཞིག་ཏུ་ཞུགས་སུ་འཇུག་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2011ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་རྩྭ་ས་ཡོད་པའི་ཞིང་ཆེན་ཆེན་པོ་བརྒྱད་ལ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ནང་རྐྱེན་ཁྱོན་ཡོངས་ནས་འཛུགས་རྒྱུ་ཐག་བཅད། དེའི་ནང་དོན་གཙོ་བོ་ནི། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་མཚམས་འཇོག་པ་དང་ཕྱུགས་རྩྭ་དོ་མཉམ་ཡོང་བར་བྱ་རྒྱུ། ལུགས་མཐུན་སྒོས་ཕྱུགས་འཚོ་མཚམས་འཇོག་པའི་ཁ་གསབ་ཚད་གཞི། ཁ་གསབ་བཟང་བོ་དང་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་སྣ་ཚོགས་ནན་ཏན་སྒོས་དངོས་འབེབས་བྱ་རྒྱུ། ཁ་གསབ་བྱ་དགའི་སྲིད་ཇུས་དང་ཕྱུགས་བསྐྱུར་རྩྭ་སྐྱོང་སོགས་ཀྱི་སྲིད་ཇུས་ནུས་ལྡན་སྒོས་འབྲེལ་མཐུད་བྱ་རྒྱུ་བཅས་རེད།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དང་རྩྭ་ས་ཉམས་ཞན་དུ་འགྱུར་བར་རྩྭ་བ་ནས་ཚོད་འཛིན་བྱ་རྒྱུ། འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཚོ་བ་ཕྱུག་པོ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་བཅས་ཀྱི་མཐོ་ཚད་ནས།