མཚོ་སྔོན་ཞིང་ཆེན་གྱིས2020ལོའི་བར་དུ་ཞིང་ཆེན་རིམ་པའི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་བཅུ་འཛུགས་སྐྲུན་བྱེད་རྒྱུ་རེད།
2018.08.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 220

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། 2020ལོའི་བར་དུ་ཁྲི་ཀའི་དྭངས་གཙང་གི་རྨ་ཆུ་དང་ཉམས་འགྱུར་སྟོང་ལྡན་མཚེའུ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་དང་ཧྲུའུ་ཀྲུའུ་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ། ཁམས་ར་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ། སྟོང་རི་ལྷ་མཚོའི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་སོགས་ཞིང་ཆེན་རིམ་པའི་གནས་སྐོར་དཔེ་སྟོན་ཁུལ་བཅུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་བ་དང་། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་གནས་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་གནས་སྐོར་འཆར་འགོད་དང་གསར་སྤེལ། དོ་དམ། ཞབས་ཞུའི་གོ་རིམ་ཧྲིལ་བོའི་ཁྱབ་པར་བྱས་ཏེ། སྐྱེ་ཁམས་གཙོར་འཛིན་པ་དང་ཁོར་ཡུག་བཟང་བའི་སྐྱེ་ཁམས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་བ་དང་། གནས་སྐོར་སྐྱེ་ཁམས་དཔལ་ཡོན་རིན་ཐང་མཐོར་འདེགས་བྱས་ལ། ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཕན་ཡོད་ལམ་བུ་འཚོལ་ཞིབ་བྱས། དེ་དང་མཉམ་དུ། ལས་རིགས་ཡོངས་དང་རྒྱུད་རིམ་ཧྲིལ་བོ། ཕྱོགས་ཡོངས་ནས་ལྗང་མདོག་གི་འཛད་སྤྱོད་བྱེད་སྟངས་དར་སྤེལ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་གནས་སྐོར་ལྗོངས་རྒྱུ་ཁུལ་དང་ཟ་ཁང་དཔྱད་བསྡུར་གཏན་འབེབས་བྱེད་པའི་ཚད་གཞི་གཏན་ཁེལ་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་གནས་སྐོར་གཙོ་བྱས་པའི་ལྗང་མདོག་གནས་སྐོར་ལྗོངས་རྒྱུ་ཁུལ་དང་ལྗང་མདོག་ཟ་ཁང་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ། གནས་སྐོར་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

སྐྱེ་ཁམས་གནས་སྐོར་ཐོན་ལས་མྱུར་དུ་སྐྱེད་སྲིང་བྱེད་པའི་ཕྱོགས་ནས། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཇུས་གཞི་དང་སྣེ་ཁྲིད་རྩ་དོན་ལག་བསྟར་ནན་མོ་བྱས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། རྒྱུན་མཐུད་ངང་རྒྱལ་ཡོངས་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ལྗང་མདོག་གནས་སྐོར་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གནས་སྐོར་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་སྒྲིག་བཟོ་བྱེད་པ་དང་། མཚོ་སྔོན་གྱི་གནམ་སྔོ་ཞིང་མཚོ་སྔོན་གྱི་རི་ལྗང་བ་དང་མཚོ་སྔོན་གྱི་ཆུ་དྭངས་བའི་ཁོར་ཡུག་གི་དགེ་མཚན་འདོན་སྤེལ་བྱེད་པ། སྐྱེ་ཁམས་གནས་སྐོར་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཀྱི་ཚན་རིག་ཁྱབ་གདལ་འཁྱམ་རྩེད་ངལ་གསོ་ཁུལ་དུ་སྐྱེ་ཁམས་གནས་སྐོར་བྱེད་པར་རྩ་འཛུགས་བྱེད་པ་དང་། སྐྱེ་ཁམས་གནས་སྐོར་དཔེ་སྟོན་འཛུགས་སྐྲུན་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། སྔོན་དུ་རང་བྱུང་སྐྱེ་ཁམས་རང་བཞིན་གྱི་ཀ་རིམ་པའི་ལྗོངས་རྒྱུ་ཁུལ་གྱི་ཚད་གཞི་འཚོལ་ཞིབ་བྱེད་པ་དང་། གནས་སྐོར་སྐྱེ་ཁམས་ཁོར་ཡུག་ཉེན་བརྡའི་རྐྱེན་སྲོལ་བཙུགས་ཏེ། གནས་སྐོར་ས་ཆ་དང་ལྗོངས་རྒྱུ་ཁུལ་གྱི་ཁོར་ཡུག་གི་ཤོང་ཚད་ཁྱབ་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རེད། 

                                                                                                                      རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།