
ཚན་རིག་གི་འཕེལ་རྒྱས་ལྟ་བའི་ངོས་ནས་རེབ་གོང་སྒྱུ་རྩལ་གྱི་མདུན་ལམ་ལ་བསམ་གཞིག་གཏོང་རྒྱུ་ནི་ངེས་པ་དོན་གྱིས་མི་རིགས་ཀྱི་རིག་གནས་ལ་འགན་ཁུར་བའི་རྣམ་འགྱུར་ཡིན་པར་མ་ཟད། མི་རིགས་ཀྱི་རིག་གནས་ཟམ་མ་ཆད་པར་གོང་འཕེལ་ཡོང་ངེས་པའི་གླེང་བྱ་གལ་ཆེན་ཞིག་ཀྱང་ཡིན། ལོ་རྒྱུས་འཕེལ་བའི་རྒྱུན་རིང་གི་གོ་རིམ་ཁྲོད་དུ་བོད་རིགས་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རྒྱུན་རིང་ལ་སྣ་མང་ཕུན་སུམ་ཚོགས་པའི་རེབ་གོང་གི་རིག་གནས་དང་སྒྱུ་རྩལ་གྱ་ནོམ་པ་ཞིག་གསར་གཏོད་བྱས་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཏེར་མཛོད་ཁྲོད་གཟི་འོད་ལམ་ལམ་འཕྲོ་བའི་མུ་ཏིག་རྡོག་གཅིག་ཏུ་གྱུར་ཡོད་ལ། དེའི་གཟི་མདངས་ད་ལྟ་ལ་ཐུག་གི་བར་དུ་གསོན་སྟོབས་ཀྱིས་འབར་བཞིན་ཡོད། ཡིན་ནའང་། མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ནང་བཞིན་ལོ་རྒྱུས་དང་སྤྱི་ཚོགས་འཕེལ་བའི་འགྲོས་དང་བསྟུན་ནས་རེབ་གོང་རིག་གནས་ཀྱི་ཁྲོད་དུའང་དུས་རབས་ཀྱི་འཕེལ་རྒྱས་དང་མི་འཚམ་པའི་སྐྱོན་ཆ་མི་ཉུང་བ་ཞིག་གནས་བཞིན་ཡོད། དེ་བས། མི་རིགས་ཀྱི་ཤུལ་བཞག་རིག་གནས་ལ་ལྟ་སྟངས་ཡང་དག་བཟུང་ནས། རེབ་གོང་རིག་གནས་ཁྲོད་ཀྱི་ཉིང་བཅུད་བསྡུ་ལེན་དང་སྙིགས་རོ་འདོར་བར་ཐབས་ཇུས་སྣ་མང་འཐེན་དགོས།
རེབ་གོང་རིག་གནས་སྒྱུ་རྩལ་གྱི་ཐོན་ཁུངས་གསར་ས