དཔལ་འབྱོར་འཕེལ་རྒྱས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བཏང་བ།
ཁུངས། ཀློག་གྲངས།

མི་རིགས་སྟོབས་འབྱོར་དར་རྒྱས་སུ་གཏོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བའི་དངོས་པའི་རྨང་གཞི་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་བསྣོན་པ་དང་། དམངས་འཚོ་ལེགས་བཅོས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་སྤྱི་ཚོགས་འཆམ་མཐུན་ཡོང་བའི་རྨང་གཞི་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ས་ཁུལ་གསར་འཛུགས་བྱེད་པའི་ཆེས་རྩ་བའི་འགན་འཁྲི་ནི་ག་ས་གང་དུ་རིགས་སོ་སོའི་མི་རིགས་མཐུན་སྒྲིལ་ལ་འབད་བརྩོན་དང་། ཐུན་མོང་གིས་སྟོབས་འབྱོར་མངའ་ཐང་ཡར་རྒྱས་ཡོང་བ་གཙོ་བོར་བཟུང་ནས། དམངས་འཚོ་ལེགས་བཅོས་དེ་ཆེས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་མི་རིགས་ཀྱི་འབྲེལ་བའི་རྨང་གཞིའི་སྟེང་མུ་མཐུད་ནས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། ཧུར་ཐག་གིས་གྲོང་ཁྱེར་གྱི་རིགས་སོ་སོའི་མི་དམངས་རྣམས་ཕན་ཚུན་མཐུན་སྒྲིལ་དང་། དཔལ་འབྱོར་གོང་འཕེལ། འཆམ་མཐུན་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས་ཆེས་བཟང་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་གསར་བསྐྲུན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས།