ལྷ་སའི་བར་སྐོར་གླིང་ལ་བཞིན་གསར་རྣམ་པས་བརྒྱན།
ཁུངས། ཀློག་གྲངས།

— བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་སའི་མཁར་རྙིང་སྒྱུར་བཅོས་བྱས་པའི་སྐོར་གླེང་བ།

ཟླ་བརྒྱད་པའི་ལྷ་སའི་གླིང་ནི་ཉི་འོད་རབ་ཏུ་འཚེར་བ་དང་ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་ཕུང་གྱི་འདུ་འགོད་རེ་རེར་བལྟ་བའི་ཆོག་མི་ཤེས་པས། མཐོ་སྒང་གི་གནའ་མཁར་འདིར་མཚན་མོ་ཆར་དང་ཉིན་མོ་ཉི་འོད་ཀྱིས་བསུ་པའི་ཁྱད་དུ་འཕགས་པའི་བསིལ་ལྡན་ཁ་བའི་གྲོང་ཞིག་ཡིན་ཞིང་། ལྷ་སའི་གླིང་གི་སྲང་ལམ་ཀུན་ཏུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་ཐ་ན་འཛམ་གླིང་གི་ས་ཁུལ་སོ་སོ་ནས་ཡོང་བའི་གནས་སྐོར་བ་མང་བོའི་འདུ་འགོད་འཁྲིགས། ཁོ་ཚོ་ཇི་ལྟར་འོང་བ་དང་ཅི་ཞིག་བསམ་པ་མི་གཅིག་རུང་། གནས་སྐོར་བ་རྣམས་ཐོག་མར་འགྲོ་ས་ནི་ཇོ་ཁང་ཆེན་མོ་རེད། ཇོ་ཁང་ཆེན་མོ་ལ་ཡུན་རིང་གི་ལོ་རྒྱུས་ལྡན་པ་ལས་གཞན། ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་མཁན་རྣམས་ཀྱི་སེམས་སུ་རྩེ་གཅིག་ཏུ་དད་པའི་སྟོན་པ་ཤཀྱྰ་ཐུབ་པ་དགུང་ལོ་བཅུ་གཉིས་ལ་སོན་པའི་སྐུ་དེ་ཡིན། ཇོ་ཁང་ཆེན་མོ་ནི་ལྷ་སའི་གླིང་གི་བར་སྐོར་དཀྱིལ་དབུས་སུ་ཡོད་ལ། བར་སྐོར་ནི་ཇོ་ཁང་ཆེན་མོ་དང་གཞི་གཅིག་ཏུ་གྲུབ་པའི་མཐའ་སྐོར་དུ་བཞེངས་པའི་སྲོལ་རྒྱུན་བཟོ་སྐྲུན་གྱི་སྐོར་ལམ་ཞིག་ཡིན་པ་དང་། སྐོར་ལམ་དེའི་སྟེ