རྨ་སྟོད་རྫོང་དུ་ཏང་སྲིད་དམག་གསུམ་གྱིས་མཉམ་དུ་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱས་པའི་དངོས་བྲིས།
ཁུངས། ཀློག་གྲངས། 1

ཆེས་མཛེས་སྡུག་ལྡན་པའི་སྡེ་བ་ཞིག་སྟེ། རྒྱ་ཆེ་ཞིང་འཁོད་སྙོམས་པའི་ཨར་འདམ་གྱི་གཞུང་ལམ་དེ་ཁྱིམ་ཚང་རེ་རེ་ཡི་སྒོ་ཁར་ཤར་གྱིས་འཐེན་འདུག་ལ་གྱོ་མོ་དམར་པོའི་ཁང་ཀླད་དང་དཀར་མདོག་གིས་བྱུགས་པའི་ཁང་བའི་ར་སྐོར། ཕྱི་གྱང་གི་ངོས་སུ་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོས་མཛེས་སྤྲས་བྱས་ཡོད་པས་སྡེ་བ་འདི་ལ་སྐྱེས་སྟོབས་ཀྱི་རྣམ་པས་ཁེངས་ཤིང་། སྡེ་འགྲམ་གྱི་ཐང་ཆེན་དུ་ལུས་རྩལ་སྦྱོང་ཆས་དང་ལྒང་ལི་རྩེ་ས་སོགས་ཀྱི་སྒྲིག་ཆས་ཁ་ཚང་སྒྲིག་སྦྱོར་བྱས་ཡོད་པ་དང་། ཚོགས་རའི་དཀྱིལ་དབུས་ཀྱི་བསིལ་ཁང་དེས་གནས་དེར་མཛེས་སྡུག་གི་རྣམ་པ་གསར་བ་ཞིག་སྦྱིན་འདུག གནས་དེ་ནི་རྨ་སྟོད་རྫོང་མཛོ་རྒན་ར་བར་གྲོང་བརྡལ་སྦྲེ་རྒན་སྡེ་བ་ཡིན་ཞིང་། བློ་ཡུལ་ལས་འགོང་བ་ཞིག་ནི་འདི་ལྟ་བུའི་མཛེས་སྡུག་ལྡན་པའི་སྡེ་བ་ཞིག་མཚོ་ངོས་ལས་མཐོ་ཚད་ལ་རྨིད་བཞི་སྟོང་སུམ་བརྒྱ་ཡོད་པའི་ས་ཁུལ་དུ་ཆགས་ཡོད།

ཏང་སྲིད་དམག་གསུམ་གྱིས་མཉམ་དུ་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་རྨ་སྟོད་རྫོང་གིས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་ལས་གཞི་ལེགས་སྒྲིག་དང་མ་དངུལ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ། མི་དམངས་ལས་ཀར་ཞུགས་པར་སྐུལ་འདེད་དང་གོང་རིམ་གྱི་མ་དངུལ་བརྩོན་ལེན་བྱེད་པ་བཅས་བྱས་ནས་བསྡོམས་པས་མ་དངུལ་སྒོར་མོ་