
ད་ལོའི་ཚུན་དུ། སྣ་མང་འགྱུར་ལྡོག་ཆེ་བའི་ཕྱི་ཕྱོགས་དཔལ་འབྱོར་ཁོར་ཡུག་ལ་དམིགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཐོག་ཏུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ས་ཁུལ་དང་སྡེ་ཁག་སོ་སོར་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་ནན་ཏན་གྱིས་དུས་ཐོག་ནས་ལག་ལེན་དངོས་འབེབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས་བ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པར་རྨང་གཞི་བཏིངས་བར་མ་ཟད། ཤུགས་ཆེན་པོའི་སྒོ་ནས་མ་དངུལ་གཏོང་བའི་རྒྱུན་མཐུད་འཕར་སྣོན་ལ་སྐུལ་འདེད་བྱས།
ཆུ་བེད་འཛུགས་སྐྲུན་གྱི་ཕྱོགས་ནས། ཞིང་ཆེན་ཡོངས་ཀྱི་ཆུ་བེད་བཟོ་སྐྲུན་བཀོད་སྒྲིག་ཞིབ་འཇུག་དང་ཞིང་ཆེན་ཡོངས་ཀྱི་ཆུ་མཛོད་ཆུང་བ་དང་གཙང་བོ་ཆུང་འབྲིང་གི་ཆུ་ནུས་ཐོན་ཁུངས་གསར་སྤེལ་སོགས་ཀྱི་སྒྲིག་བཀོད་མགོ་བརྩམས་པ་དང་། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་རྐ་གཙོ་བོའི་ཐོག་མའི་རྩིས་བཤེར་དང་། ཙོང་ཆུ་བྱང་རྒྱུད་དུ་འདྲེན་པའི་ཞིང་ལ་ཆུ་གཏོང་བའི་དབུལ་སྐྱོར་གྱི་ཆུ་འདྲེན་ཐོག་མའི་བྱ་བ། ལ་སེ་བའི་ཞིང་ལ་ཆུ་འདྲེན་པའི་ལས་གཞིའི་གྲོས་གཞི་ཡི་གེ་བཅས་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ། ཞུས་ཅི་འགག་ཆུ་བེད་གནད་འགག་ད