
འབྲོག་པ་འཕྲིན་བཟང་གིས་ནམ་རྒྱུན་ང་རྟར་ཞོན་ནས་སྐལ་བཟང་མེ་ཏོག་ཁྲ་ལམ་མེར་བཞད་པའི་རྩྭ་ཐང་དུ་བསྐྱོད་དུས། ངས་བོད་རིགས་མང་ཚོགས་ཀྱི་སེམས་ན་བརྡོལ་པའི་དཔའ་བོའི་སྒྲུང་གཏམ་སྟེ་གེ་སེར་དྲན་ཡོང་ཟེར།
ཉེ་ལམ་ཐོག་དང་པོར་འཚོགས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཨ་སྟག་ལྷ་མོ་རྟ་རྒྱུག་འགྲན་ཚོགས་སྟེང་། དར་ལག་རྫོང་གསང་རུ་མ་ཞང་གི་འཕྲིན་བཟང་ལ་མཚོན་ན། རྟ་འདུལ་བ་དང་རྟ་ཐོག་ནས་རྩལ་འགྲན་པ། བང་རྒྱུག་སོགས་རྣམ་གྲངས་གང་གི་ཆ་ནས་ཀྱང་གྲུབ་འབྲས་ཡོད་པ་ཞིག་རེད། རྟ་རྒྱུག་འགྲན་བསྡུར་ལ་ཞུགས་ཡོད་པའི་རྩྭ་ཐང་གི་རྐྱལ་རྩལ་ཅན་བདུན་བརྒྱ་ལྷག་གིས་ལུས་ལ་རྒྱན་གོས་གོན་སྟེ། ས་ཆ་སོ་སོ་རུ་རང་གི་རྟར་ཞོན་ནས་ཐོན་སྟེ་རྐྱལ་རྩལ་འགྲན་བཞིན་ཡོད།
ཡུན་རིང་གི་ལོ་རྒྱུས་ཡོད་ལ་དར་ཁྱབ་ཆེ་བའི་དཔའ་བོའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་གེ་སེར་སྒྲུང་གི་འཕེལ་འགྱུར་ཁྲོད། དུས་རབས་མི་འདྲ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་དང་སྤྱི་ཚོགས། ཆོས་ལུགས། སྒྱུ་རྩལ་སོགས་ཕྱོགས་གང་ཐད་ཀྱི་དོན་སྙིང་མཚོན་ཡོད་པས། བོད་རིགས་སྲོལ་རྒྱུན་གྱི་ལུས་རྩལ་རིག་གནས་ཀྱང་གེ་སེར་སྙན་རྩོམ་རིང་མོའི་ཁྲོད་ཞིབ་ཏུ་བཀོད་ཡོད།
མཚོ་སྔོན་ཞིང་ཆེན་གེ་སེར་ཞིབ་འཇུག་ཁང་གི་ཞིབ་འཇུག