
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། འབྱོར་ཕྱུག་དཔལ་ཡོན་ལྡན་པ་དང་འཆམ་མཐུན་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཆེད་དུ། “ཕྱོགས་གཉིས་འཛིན་པ་དང་ཕྱོགས་གཉིས་དམ་འཛིན”བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དར་ཆ་མཐོན་པོར་བསྒྲེངས་བ་དང་ཆེ་ཕྱོགས་ལ་དམིགས་པ། མི་དམངས་ལ་ཞབས་ཞུ་ལེགས་པོ་བྱེད་པ། བཅོས་སྒྱུར་ལ་གསར་བསྐྲུན་ཡོད་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཧུར་ཐག་གིས་འཆམ་མཐུན་དཔལ་ཡོན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ལ་སྐུལ་འདེད་བྱས་པས། འཆམ་མཐུན་དཔལ་ཡོན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་དང་ཁྱབ་ཁོངས་སྔར་ལས་ཇེ་ཆེར་གྱུར་ཏེ། ཁྱོན་ཡོངས་ཀྱི་བྱ་བ་སྣ་ཚོགས་དབྱར་གྱི་མཚོ་མོ་བཞིན་གོང་ནས་གོང་དུ་འཕེལ་བཞིན་འདུག
2010ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་ཞིང་ཆེན་ཡོངས་སུ“དཔལ་ཡོན་གྱི་མཚོ་སྔོན”འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད། དེ་ནི་སྤྱི་དམངས་ཀ