མཚོ་སྔོན་གྱི་མཛེས་སྡུག མཛེས་སྡུག་གི་མཚོ་སྔོན།
ཁུངས། ཀློག་གྲངས།

«དཔལ་འབྱོར་ཉིན་རེའི་ཚགས་པར»གྱི་གསར་འགོད་པས་བཀོད་པའི་གནས་ཚུལ།

ད་ལོའི་སྟོན་མཇུག་འདིར་ང་ཚོ་པེ་ཅིན་ནས་མཚོ་སྔོན་དུ་བསྐྱོད་པའི་རླངས་འཁོར་ལ་བསྡད་དེ་མཚོ་སྔོན་ལ་རྟོག་ཞིབ་དང་བཅར་འདྲི་བྱེད་དུ་སོང་བ་ཡིན། ང་ཚོ་སྡོད་པའི་རླངས་འཁོར་དེ་མདོ་དབུས་མཐོ་སྒང་དུ་ཐོན་དུས་མཐིང་མདོག་གིས་འཁྱིལ་བའི་མཚོ་སྔོན་པོ་དེས་མི་རྣམས་ལ་མཛེས་སྡུག་གི་ཚོར་བ་ལྷིང་ངེ་བ་ཞིག་བསྐྱེད་བྱུང་། སྐབས་དེར་མགྲོན་པོ་རྣམས་ཀྱིས་ལང་ལོང་སྒོས་རང་ཉིད་ཀྱི་པར་ཆས་བླངས་ནས་རླངས་འཁོར་གྱི་སྒེའུ་ཁུང་གི་ཕྱི་རོལ་ལ་ཁ་གཏད་དེ་པར་རྒྱག་གིན་འདུག ཕྱི་རོལ་གྱི་ལྗང་མདོག་གི་རྩྭ་ཐང་ནི་མཛེས་ཤིང་སྡུག་ལ་རྒྱང་རིང་གི་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་དེ་གཡུ་ཡི་མེ་ལོང་ཞིག་དང་འདྲ་བར་དེ་བས་ཀྱང་མཛེས་ཤིང་ཡིད་དུ་འོང་། མཐའ་ཡས་པའི་མཛེས་ལྗོངས་དེ་དག་ལས་མི་རྣམས་ཀྱིས་རབ་མཛེས་མཚོ་སྔོན་གྱི་མཛེས་པ་དེ་ཐོག་དང་པོར་ཉམས་སུ་མྱངས་ཐུབ་པ་བྱུང་ཞིང་། རྟོག་ཞིབ་དང་བཅར་འདྲི་བྱ་བའི་གོ་རིམ་བརྒྱུད་ནས་ང་ཚོས་རིམ་བཞིན་མཚོ་སྔོན་ནི་དེ་བས་ཀྱང་ས་རྒྱ་ཆེ་ཞིང་མཛེས་སྡུག་ལྡན་པ་ཞིག་ཡིན་པ་གཞི་ནས་རྟོགས་སོང་།

གནམ་ས་ལས་ཀྱང་རྒྱ་ཆེ་བ་ནི་མི་ཡི་བློ་ཁོག་རེད།

ཟི་ལིང་གྲོང་ཁྱེར་གྱི་མདོ་དབུས་མཐོ་སྒང་རང