ཞིབ་དཔྱོད་ལས་ཁུངས་ཀྱིས་ངན་ནག་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བའི་བྱ་བར་ལྷོད་གཡེང་གཏན་ནས་བྱེད་མི་སྲིད།
2019.06.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

“ད་ལོའི་ཟླ་དྲུག་པའི་ཚེས་བཅུ་ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ངན་ནག་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་བསྡོམས་པས་སུམ་བརྒྱ་དང་སོ་གསུམ་འཛིན་བཟུང་བྱས་པ་དང་། གཞུང་ཕྱོགས་ཀྱིས་ཞུ་གཏུག་བྱས་པའི་མི་བཞི་བརྒྱ་དང་བརྒྱད་དང་། དོགས་ཡོད་ཉེས་ཅན་བཅུ་གཅིག་བདའ་འདེད་བྱས་པ་དང་། མི་བཅུ་རྗེས་འདེད་ཞུ་གཏུག་བྱས། དེའི་ཁྲོད་ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ནས་ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་ཉིན་བཅུ་བདུན་ནང་དུ། ངན་ནག་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་ཉེར་བཞི་འཛིན་བཟུང་བྱེད་པའི་ཆོག་མཆན་བཀོད་པ་དང་། གཞུང་ཕྱོགས་ཀྱིས་མི་ཉེར་དྲུག་ཞུ་གཏུག་བྱས་ལ། དོགས་ཡོད་ཉེས་ཅན་དྲུག་བདའ་འདེད་བྱས་ཞེས་ཉེ་སྔོན་འཚོགས་པའི་མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། བསྟུད་མར་སྤེལ་བའི་གྲངས་ཀ་དང་གྱོད་གཞི་རེ་རེས་ཕྱི་ཕྱོགས་ལ་བརྡ་འཕྲིན་ཞིག་བསྐྱལ་བ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ངན་ནག་སྟོབས་ཤུགས་ཀྱི་མགོ་གནོན་པའི་རྣམ་པ་ཞིག་སྲུང་འཛིན་བྱས་ཡོད་པ་དེ་རེད། མི་དམངས་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་ཡོད་པ་དང་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་བྱ་འགུལ་ལ་རྡུང་རྡེག་གཏོང་བར་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྷོད་གཡེང་གཏན་ནས་བྱེད་མི་སྲིད”།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་ཆེད། ནག་འཇོམས་ངན་སེལ་བྱ་བ་དེ་ཞིབ་དཔྱོད་བྱ་བ་སོ་སོའི་གོ་གནས་དང་པོར་བཞག་པ་མ་ཟད། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “ཡིད་ཆེས་བཞི”ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོབ་གཉིས”བཟང་པོར་བསྒྲུབ་པའི་བྱེ་བྲག་གི་ལག་ལེན་དམ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི“ལྔ་བཞིའི་འཐབ་ཕྱོགས”དང་། “ཕུལ་བྱུང་གཅིག”དང་“མཐོ་བ་གཉིས”ཀྱི་འཐབ་ཕྱོགས་བཀོད་སྒྲིག་ལ་འགན་སྲུང་བྱེད་པའི་བྱེ་བྲག་གི་ལག་ལེན་འཆར་འགོད་ལ་ཞབས་ཞུ་སྒྲུབ་པ་དང་། “ཆབ་སྲིད་གླེང་བ་དང་། ཆེ་ཕྱོགས་བསམ་པ། འཕེལ་རྒྱས་འཚོལ་བ། རང་སྟོབས་གཙིགས་འཛིན”གྱི་བྱེ་བྲག་ལག་ལེན་དངོས་འབེབ་བྱེད་པར་ཡར་སྐུལ་བཏང་། དུས་མཚུངས་སུ། འགན་འཁྲི་དངོས་འབེབ་བྱེད་ཆེད། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ད་དུང་བསམ་བློའི་ངོས་འཛིན་དང་། རྩ་འཛུགས་ཀྱི་བཀོད་སྒྲིག ཁྲིམས་འཛིན་གྱོད་གཞི་སྒྲུབ་པ་སོགས་ཕྱོགས་ནས་བཟུང་སྟེ། མི་འདང་ས་བཙལ་ཏེ་ཁ་གསབ་བྱས་པས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་ཞུ་གཏུག་སོགས་ལ་རྟོག་དཔྱོད་བྱས་ཏེ་ནག་འཇོམས་ངན་སེལ་བྱ་བ་སྤེལ་བའི་རྣམ་པ་ཞིག་གྲུབ།

ནག་འཇོམས་ངན་སེལ་གྱི་བྱེ་བྲག་གི་གྱོད་གཞིར་ཁ་གཏད་འཇལ་སྐབས། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས“ཁྲིམས་ལྟར་ཆད་པ་གཅོད་པ་དང་། རྡུང་རྡེག་ནན་མོ་གཏོང་བ”རྒྱུན་འཁྱོངས་བྱས་ནས། ངན་ནག་དང་འབྲེལ་བའི་གྱོད་གཞིའི་ཐད་མྱུར་དུ་འཛིན་བཟུང་དང་ཞུ་གཏུག་བྱེད་པ་དང་། སྔོན་ལ་དོན་དག་རྩད་གཅོད་པ། གྱོད་གཞིར་མཛུབ་སྟོན་དང་ལྟ་རྟོག་བྱས་ནས་སྒྲུབ་པ། བཅའ་ཁྲིམས་ཀྱི་ལྟ་རྟོག་འགན་འཁྲི། འབྲེལ་མཐུད་མཉམ་འབྲེལ་ཇེ་དྲག་ཏུ་གཏོང་བའི་དགོས་མཁོ་ལྟར་སྒྲུབ་དགོས་པའི་རེ་བ་བཏོན་པ་དེས་གྱོད་གཞི་སྒྲུབ་པའི་ཕན་འབྲས་ཇེ་མཐོར་བཏང་བར་མ་ཟད་འཇིགས་སྣང་ཆེན་པོ་སྐུལ།

“ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན”གྱི་ཞིང་ཆེན་ཡོངས་ཀྱི་ནག་འབྲེལ་གྱོད་གཞི་ཆེན་པོ་དང་པོ་སྒྲུབ་པའི་ཁྲོད། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་དང་། གྲོང་ཁྱེར། ཆུས་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་ནས་མི་སྣ་སྐོང་འཐེན་བྱས་ཏེ་གྱོད་གཞི་སྒྲུབ་མཁན་ཚན་ཆུང་བཙུགས་པ་དང་། དེས་དོགས་ཡོད་ཉེས་ཅན་ཉེར་དགུས་ལག་བསྟར་བྱས་པའི་ཁྲིམས་འགལ་དོན་དངོས་དོན་གཅིག་ལ་ཁྱོན་ཡོངས་དང་། གཏིང་ཟབ་པ། ཞིབ་ཚགས་ཀྱི་སྒོ་ནས་རྟོག་དཔྱོད་བྱས་པ་དང་། གྱོད་གཞིའི་དྲི་གཞི་བརྒྱ་དང་བཞི་བཅུ་ལ་ཞིབ་བཤེར་བྱས་པ་དང་། ཉིན་ཞེ་ལྔའི་རིང་གཞུང་ཕྱོགས་ཀྱིས་ཞུ་གཏུག་བྱས་པས། མྱུར་དུ་འཛིན་བཟུང་དང་ཞུ་གཏུག་བྱེད་པའི་ཁྲོད་གནད་འགག་གི་ནུས་པ་འདོན་སྤེལ་བྱས། གྱོད་གཞིའི་མཛུབ་སྟོན་དང་གྱོད་གཞི་སྒྲུབ་པའི་ལྟ་སྐུལ་ལ་ཤུགས་སྣོན་ཆེད། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས<མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ངན་ནག་དང་འབྲེལ་བའི་གྱོད་གཞིར་གཅིག་གྱུར་གྱིས་འགན་ཁུར་བའི་འབྲེལ་ཡོད་གཏན་འཁེལ>དང་<མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཁུངས་སྣེར་རྟོག་དཔྱོད་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས>སོགས་ཀྱི་ལམ་ལུགས་གཏན་འཁེལ་བྱས་པ་དང་། ངན་ནག་དང་འབྲེལ་བའི་གྱོད་གཞིར་རིམ་པ་གོང་མའི་ལས་ཁུངས་ཀྱིས་ལྟ་རྟོག་བྱེད་པའི་ནང་རྐྱེན་དང་དྲིས་ལན་ལ་ལྟ་བའི་མཛུབ་སྟོན་ནང་རྐྱེན་བཙུགས་ཏེ། ཟི་ལིང་གྲོང་ཁྱེར་གྱི“ཟླ་དང་པོའི་ཚེས་སོ་གཅིག་ཉིན”མགོ་གཡོགས་ནས་སྒོར་མོ་བསྐྱི་བའི་གྱོད་གཞི་དང་། རྨ་ལྷོའི“ཁ་མགོ་བའི་གྱོད་གཞི” ཡུས་ཧྲུའུ་ཡི“ཟླ་བཅུ་བའི་ཚེས་གཅིག་ཉིན”གྱི་གྱོད་གཞི་སོགས་ངན་ནག་དང་འབྲེལ་བའི་གྱོད་གཞིར་ཞིབ་བཤེར་བྱེད་པའི་ཁྲོད་ནུས་པ་གཙོ་བོ་འདོན་སྤེལ་བྱས།

ནན་ཏན་གྱིས“གྱོད་གཞི་གཅིག་ཐེངས་གསུམ་ལ་བརྟག་བཤེར་བྱེད་པ་དང་། ཁྱད་མེད་གཉིས”ཀྱི་རེ་བ་དངོས་འབེབ་དང་། “འགེབ་སྲུང་མཁན་འཛིན་བཟུང་”བྱེད་པ་དེ་ནག་འཇོམས་ངན་སེལ་དང་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། ངན་ནག་སྟོབས་ཤུགས་ཀྱི་གྱོད་གཞིའི་ལྟག་རྒྱབ་ཀྱི་རུལ་སུངས་གནད་དོན་སྔོག་འདོན་བྱས་པ་དང་། དེ་ནི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་བསྟུད་མར་སྤེལ་བའི་བྱ་བ་ཞིག་ཀྱང་རེད། དེ་བས། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ད་དུང་ཆེད་དུ་ངན་ནག་སྟོབས་ཤུགས་ཀྱི“འགེབ་སྲུང་མཁན”གྱི་ཁུངས་སྣེར་རྟོག་དཔྱོད་བྱེད་པའི་ནང་རྐྱེན་བཙུགས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་གཞི་སྒྲུབ་པའི་མི་སྣས་དོགས་ཡོད་ཉེས་ཅན་ལ་འདྲི་རྟོགས་བྱེད་སྐབས“འགེབ་སྲུང་མཁན”གྱི་ཁུངས་སྣེ་ངེས་པར་དུ་འདྲི་དགོས་པའི་རེ་བ་བཏོན། ངན་ནག་སྟོབས་ཤུགས་ལྟག་རྒྱབ་ཀྱི་རུལ་སུངས་སྔོག་འདོན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཉེ་བའི་ལོ་ལྔ་ཙམ་གྱི་རིང་ལ་སྒྲུབ་པའི་མགོ་གཡོགས་ནས་སྒོར་མོ་ལེན་པ་དང་། བསམ་གཟས་ནས་དོན་དག་སློང་བ། བསམ་གཟས་ནས་གནོད་པ་བསྐྱལ་བ་སོགས་རིགས་བརྒྱད་ཀྱི་འཛིན་བཟུང་བྱེད་པར་ཆོག་མཆན་མ་ཐོབ་པ་དང་ཞུ་གཏུག་མ་བྱས་པའི་གྱོད་གཞིར་ཕྱིར་ལྟ་བྱས། ས་གནས་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཙོན་ཁང་དང་། ལྟ་རྟོག་ཁང་གི་ཞིབ་དཔྱོད་མི་སྣ་རྩ་འཛུགས་བྱས་ཏེ། འཛིན་བཟུང་བྱས་པའི་མི་སྣའི་ཁྲོད་དུ་ངན་ནག་སྟོབས་ཤུགས་ཀྱི་ཉེས་ཅན་དང་“འགེབ་སྲུང་མཁན”གྱི་ཁུངས་སྣེ་ཡོད་མེད་ལ་རྟོག་དཔྱོད་བྱས་ནས། ཐབས་ལམ་མང་པོ་དང་ཟུར་མང་པོ་ནས“འགེབ་སྲུང་མཁན”གྱི་ཁུངས་སྣེ་སྔོག་འདོན་བྱས། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས“འགེབ་སྲུང་མཁན”གྱི་ཁུངས་སྣེ་བཅུ་ལ་རྟོག་དཔྱོད་བྱས་པ་དང་། གྱོད་གཞི་ཚང་མ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་རྟོག་ཨུ་ཡོན་ལྷན་ཁང་དང་། ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་ལ་དུས་ལྟར་བསྐྱལ།

                                                                                                                          ལོ་ཙཱ། ཚེ་རིང་སྒྲོལ་མ།