ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ངན་ནག་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་ཉེས་དོན་ཚོགས་ཁག་བཅུ་བདུན་ལྷག་རྩ་མེད་དུ་བཏང་།
2019.06.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ལས་འགན་ཕྲག་ཏུ་བླངས་ཏེ། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་གཟབ་ནན།  སྔར་ལས་དྲང་བདེན་གྱི་སྤྱོད་ཚུལ་བཅས་ཀྱིས་ཁྲིམས་ལྟར་གཟབ་ནན་སྒོས་ངན་ནག་སྟོབས་ཤུགས་དང་འགེབ་སྲུང་མཁན་ལ་ཆད་པ་ནན་མོ་གཅོད་པ་དང། འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་སྒོས་སྤེལ། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྔ་གཞུག་ཏུ་ངན་ནག་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་ནག་ཉེས་ཚོགས་ཁག་བཅུ་བདུན་ལྷག་རྩ་མེད་དུ་བཏང་བ་དང་། ནག་ཉེས་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་ཉིས་བརྒྱ་དང་བཅུ་འཛིན་བཟུང་བྱས་ལ།  ཉེས་དོན་གྱོད་གཞི་བརྒྱ་དང་རེ་དྲུག་ལྷག་རྩད་ཆོད། དེའི་ནང་དུ་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་གཅིག་དང་ཉེས་དོན་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉེས་དོན་མི་སྣ་ཉེར་བཞི། ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཚོགས་ཁག་བརྒྱད་བཅས་རྩད་ཆོད་ནས་འཛིན་བཟུང་བྱས། ཉེས་དོན་གྱོད་གཞི་དང་འབྲེལ་ཡོད་ཀྱི་མི་སྣ་ང་བརྒྱད་འཛིན་བཟུང་བྱས་ལ། སྒོ་ཐེམ་བརྒྱབས་པ་དང་སྤྱོད་མཚམས་བཞག་པའི་མ་དངུལ་ཕབ་རྩིས་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་གཉིས་ལྷག་ལ་འབུད། ནག་ཡོད་ནག་འཇོམས་དང་ནག་མེད་ངན་འཇོམས། ངན་མེད་ཟིང་བཅོས་ཀྱི་བྱ་བའི་རྩ་དོན་གཞིར་བཟུང་ནས། ས་ཁུལ་དང་ལས་རིགས། ཁྱབ་ཁོངས་གལ་ཆེན་བཅས་ཕར་རྒོལ་བྱེད་སར་བཟུང་ནས། དུས་ཚོད་གཅིག་བསྡུས་དང་སེམས་ཤུགས་གཅིག་བསྡུས། ནུས་ཤུགས་ཡོད་དགུས་དོགས་ཟོན་གཅིག་བསྡུས་བྱས་ཏེ་ཁྱབ་ཁོངས་སོ་སོར་རྟོག་ཞིབ་གཙང་ཕྱགས་བྱས་ནས། ཁེབས་པ་གཅིག་དང་ཕྱིར་མིག་ལྟ་བ་གཉིས། གཙོ་གནད་གསུམ། འགན་འཁྲི་བཞི། ཁྱབ་ཁོངས་ལྔ། འབྱོར་བ་དྲུག་བཅས་ཀྱི་ཁུངས་སྣེ་རྟོག་ཞིབ་གསལ་བོ་བྱེད་པའི་བྱ་བའི་རྣམ་པ་ཞིག་གྲུབ། དེ་དང་མཉམ་དུ་སྡོད་ཁུལ་དང་ཞིང་སྡེ། ཁེ་ལས། ཚོང་ར་བཅས་མི་ཚོགས་འདུ་སའི་ཡུལ་དངོས་ནས་སྦྱར་ཚིག་བརྡ་ཁྱབ་དང་འཕྲེད་འགེལ་སྦྱར་ཚིག་གི་བརྡ་སྦྱོར་འགེལ་བ་བཅས་ལ་བརྟེན་ནས་འཆར་ཡོལ་དང་སྤྱི་བསྒྲགས་བྱང་བུ་སྒྲིག་བཟོ་བྱེད་པ། སྤྱི་བདེའི་འཛུམ་མདངས་གཉིས་དང་ཚུལ་ལྡན་གཅིག་སོགས་ཀྱི་དྲ་ཚིག་སྨྱན་བྱད་བཀོལ་སྤྱོད་བྱས་ཏེ། ཞུ་གཏུག་བྱེད་པའི་ཐབས་ལམ་མངོན་གསལ་བྱས་ནས་ནུས་ཤུགས་ཆེན་པོས་ཁྱིམ་མཚེས་བར་འཆམ་མཐུན་མཉམ་གནས་དང་ འགྲེལ་བཤད་དྲིལ་བསྒྲགས། གླེང་ཕྱོགས་ཀྱི་ཁྲིད་སྟོན་སོགས་བྱས་ཏེ་མང་ཚོགས་སྐུལ་སློང་བྱེད་པའི་བྱ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན། དེའི་ཁྲོད་འཕྲེད་འགེལ་སྦྱར་ཚིག་སྤྱི་བསྒྲགས་བརྡ་ཁྱབ་ཀྱི་སྦྱར་ཡིག་འབུམ་གཅིག་ལྷག་ཡོད།
ངན་ནག་སྟོབས་ཤུགས་འབྱུང་སླ་བའི་ས་གནས་དང་ལས་རིགས། ཁྱབ་ཁོངས་གལ་ཆེན་བཅས་ནས་མགོ་བརྩམས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུན་མཐུད་སྒོས་འབྲེལ་ཡོད་ལས་རིགས་ཀྱི་སྡེ་ཁག་གཙོ་བོར་མཐུན་སྦྱོར་མཉམ་ལས་བྱས་ནས་སྔ་གཞུག་ཏུ་ནུས་ཤུགས་ཡོད་དགུས་ཉེན་རྟོག་པ་མི་ཐེངས་ཁྲི་གཅིག་བཏང་ནས་ངན་ནག་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་གྱོད་དོན་ཐག་གཅོད་བྱས།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཆེད་དོན་རུ་ཁག་གིས་ཐེངས་སྔོན་མའི་ནང་རྟོག་ཞིབ་བྱས་པའི་ཁུངས་སྣེ་དམ་པོར་བཟུང་བ་བརྒྱུད་ནས། མཱ་ཆེ་གེ་མོ་མགོ་གཙོ་ཡིན་པའི་ནག་ཚོགས་ཀྱི་རླངས་འཁོར་ཁ་ལོ་བའི་སྲུང་སྐྱོབ་ཡོང་སྒོ་ལེན་པའི་ངན་ནག་སྟོབས་ཤུགས་ཀྱི་ཚོགས་ཁག་དགུ་རྩ་མེད་དུ་བཏང་།
སྐྱེད་ཀ་མཐོ་བ་དང་སྐྱེད་ཀ་མང་པོར་སྟེར་བའི་ནག་ཉེས་ཀྱི་སྐྱེད་ཀ་བྱེད་ཐབས་ལ་ཁ་གཏད་ནས་མགྱོགས་མྱུར་སྒོས་འཇོན་ཐང་ཅན་གྱི་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་ཆེད་དོན་འཛིན་གྲྭ་སྒྲུབ་པ་དང་། རྟོག་ཞིབ་ཁང་དང་ཁྲིམས་ཁང་དུ་སྔོན་ལ་གདན་ཞུ་བྱས་ཏེ་ཕྱོགས་གསུམ་གྱི་སྒྲིག་གཞིས་ནོར་སྲིད་ཞིབ་བཤེར་བྱས་ནས།  ནུས་ཤུགས་གཅིག་བསྡུས་སྒོས་གྱོད་དོན་མཁྲེགས་གཏོར་གྱི་བྱ་བ་སྤེལ། ཞིབ་དཔྱོད་གཞུང་སྒྲུབ་ཁང་གིས་ངན་ནག་སྟོབས་ཤུགས་ཀྱི་ཉེས་དོན་གྱོད་གཞི་སྣ་ཚོགས་ཡོངས་སུ་བསྒྲུབས།
ཆེད་དོན་རུ་ཁག་གིས་ཞིབ་བཤེར་བྱས་པ་བརྒྱུད་ནས། ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བ་ནས་བཟུང་དོགས་ཡོད་ཉེས་ཅན་རིན་ཆེ་གེ་མོ་དང་བཱེ་ཆེ་གེ་མོ་སོགས་ཀྱིས་རླངས་འཁོར་ཞབས་ཞུ་ཚད་ཡོད་ཀུང་ཟི་ཆེ་གེ་མོ་ཞིག་བཙུགས་རྗེས། ཁྲིམས་འགལ་གྱི་སྒོ་ནས་རླངས་འཁོར་གཏའ་མར་འཇོག་པ་དང་དངུལ་བུན་བསྐྱིས་པའི་ལས་སྒོ་གཉེར་བ་དང་། མགོ་སྐོར་གཏོང་བ་དང་འཇིགས་སྐུལ།  རྙོག་དྲ་བཟོ་བ། གཏུག་བཤེར་སོགས་ཀྱི་བྱེད་ཐབས་གང་མང་སྤྱད་ནས་རྒྱུ་ནོར་གཡོ་ལེན་དང་བསྙད་འདོགས་རྒྱུ་འཕྲོག བསྙད་རྐོ་ཟིང་སློང་། བཙན་ཤེད་ཀྱིས་ཉོ་ཚོང་རྒྱག་པ་སོགས་ཁྲིམས་འགལ་གྱི་ཉེས་དོན་བྱ་འགུལ་སྤེལ་བ་དང་། གནོད་འཚེ་ཐེབས་མཁན་བཞི་བརྒྱ་དང་རེ་གསུམ་ཡོད་པ་དང་འབྲེལ་ཡོད་གྱོད་གཞིའི་མ་དངུལ་སྒོར་ཁྲི་སྟོང་གསུམ་ལྷག་ལ་བུད་ཡོད་པ་དང་། ཁྲིམས་འགལ་གྱི་སྒོ་ནས་སྒོར་ཁྲི་བརྒྱད་བརྒྱ་དང་དགུ་བཅུ་ལྷག་གི་ཁེ་སྤོགས་བླངས། དེས་ཟི་ལིང་གྲོང་ཁྱེར་གྱི་ཚོང་རའི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བརླགས་ཚབས་ཆེན་བཟོས་པ་རེད། སྐབས་སྔོན་མའི་བྱ་བ་བརྒྱུད་དེ་སྔ་གཞུག་ཏུ་སུང་ཆེ་གེ་མོ་དང་བཱེ་ཆེ་གེ་མོ་གཙོ་ཡིན་པའི་དོགས་ཡོད་ཉེས་ཅན་ཉེར་གཉིས་འཛིན་བཟུང་བྱས་པ་དང་དེར་མཐུད་ནས་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་དོན་སོ་གཅིག་དང་། རྒྱུ་ནོར་གཡོ་ལེན་གྱི་གྱོད་དོན་བཅུ། བཙན་ཤེད་ཀྱི་ཉོ་ཚོང་གྱོད་དོན་བདུན། བསྙད་རྐོ་ཟིང་སློང་གི་གྱོད་དོན་བཞི་བཅས་རྩད་ཆོད་ནས་ཐག་གཅོད་ནན་མོ་བྱས།
                                                                                                                                            ལོ་ཙཱ་བ། སྐར་མ་མཚོ།