མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷ་སྐུལ་ཨུ་ཡོན་ལྷན་ཁང་གིས་འགེབ་སྲུང་མཁན་ལ་རྡུང་རྡེག་གཏོང་བར་ཕྱོགས་གཅིག་ནས་ལྟ་སྐུལ་དང་ཕྱོགས་གཅིག་ནས་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་བྱས།
2019.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 འདི་ནི་ཀྲུང་དབྱང་ལྟ་སྐུལ་ཞིབ་བཤེར་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་དང་པོའི་གནད་དོན་གྱི་ཁུངས་སྣེ་ཡིན་པ་དང་།  ཁུངས་སྣེ་གསལ་ཞིང་ཞིབ་བཤེར་གྱི་རང་བཞིན་ཆེ་བས་ང་ཚོས་དུས་སྐབས་སྔོན་མ་ནས་བཟུང་ཐོག་དང་པོར་ཞིབ་བཤེར་བྱས་པའི་ཁུངས་སྣེ་ནི་དོན་དག་གཅིག་ཡིན་པ་གཞི་ནས་ཤེས་ཡོད་པས་ཚད་མཐོན་པོས་མཐོང་ཆེན་དང་མྱུར་དུ་ཞིབ་བཤེར་བྱེད་པའི་བྱ་བ་བསྒྲུབས་པ་ཡིན།” ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་ནམ་གུང་གི་དུས་ཚོད་གཅིག་གི་སྟེང་།  ཞིང་ཆེན་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་སྤྲད་པའི་གནད་དོན་གྱི་ཁུངས་སྣེ་ལ་ཞིབ་བཤེར་བྱེད་པར་བཀོད་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་རང་ཞིང་དུ་ཡོང་རྗེས་སུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཅིག་ནས་ལྟ་སྐུལ་དང་ཕྱོགས་གཅིག་ནས་དག་ཐེར་ཡོ་བསྲང་བྱེད་པའི་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གོ་གནས་གཙོ་བོར་འཇོག་པ་དང་། མྱུར་དུ་འགུལ་སྐྱོད་སྤེལ་ཏེ་བྱེད་ཐབས་སྣ་ཚོགས་སྤྱད་ནས་གནད་དོན་བཅོས་བསྒྱུར་བྱེད་པར་ཧུར་བརྩོན་ཆེན་པོས་སྐུལ་འདེད་བྱས།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་“ངན་ནག་རུལ་སུངས་དང་འགེབ་སྲུང་བཅས་ལ་འབྲེལ་བ་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་མི་སྣས་རང་འགུལ་གྱིས་མྱུར་དུ་རང་ཉེས་ངོས་ལེན་བྱེད་པར་སྐུལ་མ་བཏང་། ”ཟླ་དྲུག་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གིས་ཟླ་བདུན་པའི་ཚེས་བཅུའི་ཉིན་གྱི་སྔོན་ལ་རང་ཉེས་ངོས་ལེན་བྱེད་མཁན་ལ་ཉེས་ཆད་ཡང་མོ་གཅོད་རྒྱུ་དང་དེ་མིན་ཚེ་ཐག་གཅོད་གཟབ་ནན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཤུགས་དྲག་པོའི་སྲིད་ཇུས་ཀྱི་འབོད་སྐུལ་འོག  མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་ཡི་ཅུའུ་ཆེ་གེ་མོའི་ཅུའུ་ཀྲང་གཞོན་པ་ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དུ་ཡོང་ནས་རང་འགུལ་སྒོས་ཉེས་དོན་ཁས་ལེན་བྱས།

དེ་རིང་6.03ཆེད་དོན་ཚན་ཁག་གིས་ཚོགས་འདུ་བསྡུས་ནས་གནད་དོན་གྱི་ཁུངས་སྣེ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས། ཚན་ཁག་རེ་རེའི་ལས་འགན་ནི་སྔོན་ལ་ལས་བགོས་བྱེད་པ་དང་རྗེས་སུ་ཞིབ་བཤེར་བྱེད་པའི་ཁ་ཕྱོགས་གཏན་འཁེལ་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་རྐང་འཛིན་མི་སྣ་བརྒྱད་ཅུ་འདེམ་ནས་ཆེད་དོན་ཚན་ཁག་བཙུགས་ཏེ། གནད་དོན་གྱི་ཁུངས་སྣེ་ཞིབ་བཤེར་དང་བརྡར་གཅོད་བྱས་ཏེ་གནད་དོན་གྱི་ཞིབ་བཤེར་བྱེད་ཡུལ་གཙོ་བོ་བཙལ།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་སྤྲད་པའི་གནད་དོན་གྱི་ཁུངས་སྣེ་ཞིབ་བཤེར་བྱེད་པ་དེ་བྱ་བ་ཀུན་གྱི་གཙོ་གནད་དུ་བཟུང་སྟེ། དམ་འཛིན་བྱས་ནས་དུས་ཐོག་ཏུ་ཞིབ་བཤེར་དང་བརྡར་གཅོད་བྱས། དེ་དང་མཉམ་དུ《ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་མཛུབ་སྟོན་ལ་གཞོགས་འདེགས་བྱེད་པའི་ཇུས་གཞི》ལ་ཞིབ་འཇུག་བྱས་ནས་གཏན་ལ་ཕབ།

ཞིང་ཆེན་རིམ་པའི་ལྟ་སྐུལ་དང་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་རྨང་གཞིའི་སྟེང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གིས་ཕྱོགས་གཅིག་ནས་ལྟ་སྐུལ་དང་ཕྱོགས་གཅིག་ནས་དག་ཐེར་ཡོ་བསྲང་བྱེད་པའི་བྱ་བར་ཕྱོགས་ཡོངས་ནས་གཅིག་གྱུར་བཀོད་འདོམས་བྱས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པར་ཐེངས་དང་པོར་གནད་དོན་སྦྲེལ་མཐུད་ཚུར་ལེན་བྱེད་པར་དག་ཐེར་ཡོ་བསྲང་བྱེད་པའི་ཇུས་གཞི་དཔར་ཏེ་བཀྲམ་ནས། དག་ཐེར་ཡོ་བསྲང་བྱེད་པའི་བྱེད་ཐབས་བཅུ་བཞི་གསལ་བོར་བྱས་པ་དང་འགན་འཁྲིའི་ལས་ཁུངས་དང་དག་ཐེར་ཡོ་བསྲང་དུས་ཡུན་གཏན་ལ་ཕབ་ནས་གནད་དོན་དག་ཐེར་ཡོ་བསྲང་བྱེད་པ་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས།

དག་ཐེར་ཡོ་བསྲང་བྱ་བ་དུས་ཐོག་ཏུ་དོན་འཁྱོལ་བྱེད་པའི་ཕན་འབྲས་ལ་འགན་སྲུང་བྱེད་པར། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་མགོ་ཁྲིད་ཁོངས་མིས་རང་འགུལ་གྱིས་གནད་དོན་ངོས་འཛིན་རྩིས་ལེན་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་གནད་དོན་འཚོལ་ཞིབ་དང་ཐུན་མོང་གིས་ཐབས་ཇུས་ལ་ཞིབ་འཇུག་བྱས།

སྡོམ་རྩིས་བྱས་པ་ལྟར་ན། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་རང་ཞིང་དུ་ཡོང་བའི་ཚུན་གྱི་ཟླ་དྲུག་པའི་ཚེས་ཉེར་དགུའི་བར་དུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་སྡོམ་པས་ངན་ནག་རུལ་སུངས་དང་འགེབ་སྲུང་མཁན་གྱི་གནད་དོན་ཁུངས་སྣེ་སུམ་བརྒྱ་དང་གོ་བདུན་བདག་སྤྲོད་བྱས་པ་དང་། གྱོད་ཐོ་བརྒྱ་དང་གྱ་བཞི་བཀོད་པ་དང་མི་ཉེར་དགུ་ལ་དག་ཐེར་ཡོ་བསྲང་བྱས་པ། མི་ཞེ་དྲུག་ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་གཅོད་བྱས་པ་དང་ཁྲིམས་འཛིན་ལས་ཁུངས་ཀྱི་མི་བཞི་ཕྱིར་ཕུད། དེའི་ཁྲོད་བརྡ་ཁྱབ་འགྲེམ་སྤེལ་བྱས་རྗེས། གཞུང་ཞབས་པ་མི་བཞི་ཡིས་རང་འགུལ་སྒོས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ལ་ཉེས་དོན་ངོས་ལེན་བྱས་པ་དང་། ཏང་ཡོན་ལས་བྱེད་པ་གསུམ་གྱིས་རང་འགུལ་སྒོས་རྩ་འཛུགས་ལ་གནད་དོན་ཡར་ཞུ་བྱས་པར་མ་ཟད་ནག་ཉེས་ངོས་ལེན་བྱས།

                                                                                              ལོ་ཙཱ་བ། གཡང་འབུམ་རྒྱལ།