ལྟ་སྐུལ་མཛུབ་སྟོན་ནན་མོ་བྱས་ཏེ་ཕན་འབྲས་ཐོབ་པར་བརྩོན་ལེན་ཅི་ཐུབ་བྱས།
2019.07.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་བརྫོད་དོན་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཕྱོགས་བསྡུས་གནས་ཚུལ།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་པའི་ཚུན་ལ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་སོ་སོས་མགྱོགས་མྱུར་ངང་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱར་གཏིང་ཟབ་ཏུ་སློབ་སྦྱོང་དང་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱས་ཤིང་། བྱེད་ཐབས་སྣ་ཚོགས་ལ་མཐོང་ཆེན་དང་ཚད་གཞི་རྒྱུན་འཁྱོངས། ལྟ་སྐུལ་མཛུབ་སྟོན་ནན་མོ་བྱས་ནས། རྒྱུན་ཆད་མེད་པར་མཛུབ་སྟོན་བྱ་བའི་དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་བཏང་བ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བརྗོད་དོན་སློབ་གསོ་གཏིང་ཟབ་ཅིང་སྐྱོན་བྲལ་བ། གོ་རིམ་ལྡན་བའི་ངང་སྤེལ་བར་སྐུལ་འདེད་བཏང་།

བརྗོད་དོན་སློབ་གསོའི་ཁྲོད་མཛུབ་སྟོན་ཚན་ཁག་བཙུགས་ནས་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་བ་ནི། བརྗོད་དོན་སློབ་གསོ་ལེགས་པར་སྤེལ་བར་ཁག་ཐེག་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་བསྐོར་སྐྱོད་མཛུབ་སྟོན་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོ་སྤེལ་བའི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་བྱེད་དགོས།

བརྗོད་དོན་སློབ་གསོ་སྤེལ་མགོ་རྩོམ་པའི་སྐབས་སུ། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཁག་གཞུང་སྒྲུབ་ཁང་གིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་གསོ་སྦྱོང་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ལ་བསམ་བློའི་སྐུལ་སློང་དང་བྱེད་སྒོའི་གསོ་སྦྱོང་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ཏེ། དོན་ངོ་མའི་ཐོག་ནས་ལྟ་སྐུལ་མཛུབ་སྟོན་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་དགོས། ལྟ་སྐུལ་མཛུབ་སྟོན་བྱ་བའི་ལས་འགན་གསལ་བོ་བྱེད་པ་དང་མཛུབ་སྟོན་ཚན་ཁག་གི་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱེད་དགོས།  གཟབ་ནན་དང་རྣལ་མའི་སྒོ་ནས་བརྗོད་དོན་སློབ་གསོའི་གནད་སའི་བྱ་བ་དང་འབུར་ཐོན་གནད་དོན་ཐག་གཅོད་ཀྱི་ལྟ་སྐུལ་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། བྱེད་སྟངས་ལ་དོ་སྣང་བྱས་ཏེ་ལྟ་སྐུལ་མཛུབ་སྟོན་གྱི་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས། རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་མཛུབ་སྟོན་ཚན་ཁག་གི་སྣང་བརྙན་བཟང་པོ་བསྐྲུན་པ་དང་། བསམ་པའི་རྣམ་པ་ལེགས་པོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ནས། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་བྱས་རྗེས་འཇོག་པར་ཁག་ཐེག་བྱེད་དགོས།

ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་སོ་སོས་ནན་ཏན་སྒོས་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། བརྒྱུད་སྒྲོག་ལེགས་པོ་བྱེད་པ། ལག་ལེན་བཟང་པོ་བྱས་ཏེ། འབྲེལ་གཏུག་ལས་ཁུངས་ཀྱིས་ལག་བསྟར་ཇུས་གཞི་གཏན་འཁེལ་ལེགས་པོར་བྱེད་པར་མཛུབ་སྟོན་དང་། སྐུལ་སློང་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་གི་དགོངས་དོན་དེ་བརྗོད་དོན་སློབ་གསོའི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་ལག་ལེན་དངོས་འབེབས་བྱས།

ལྟ་སྐུལ་གྱི་འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་མཛུབ་སྟོན་གྱི་ནུས་ཤུགས་མཐོར་འདེགས་གཏོང་ཆེད། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་སོ་སོས་ཡོངས་ཁྱབ་ཏུ་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ། འབད་བརྩོན་སྒོས་ཀྲུང་དབྱང་གི་དགོངས་དོན་ལ་གོ་ལ་ཟབ་མོ་བླངས་ནས་མཛུབ་སྟོན་བྱ་བའི་དམིགས་གཏད་རང་བཞིན་ཇེ་མཐོར་བཏང་།

མཛུབ་སྟོན་ཚན་ཁག་ཁག་ཅིག་གིས་ད་དུང་གཅིག་བསྡུས་གསོ་སྦྱོང་ལ་ཞུགས་པའི་རྨང་གཞིའི་སྟེང་། ཚན་ཁག་གི་ཁོངས་མི་རྩ་འཛུགས་བྱས་ཏེ་མཉམ་དུ་སློབ་སྦྱོང་དང་རང་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་ཡིག་ཆ་དང་མགོ་ཁྲིད་ཀྱི་གསུང་བཤད། སྲིད་ཇུས་གཏན་འཁེལ་བཅས་ལ་ཡང་ཡང་ཞིབ་འཇུག་དང་སློབ་སྦྱོང་བྱས་ནས། བསམ་བློའི་ངོས་ཟིན་གཏིང་ཟབ་ཏུ་བཏང་བ་དང་འགན་འཁྲིའི་ལས་འགན་གསལ་བོ་བྱས།

ལག་བསྟར་ཇུས་གཞི་གཏན་འཁེལ་བྱེད་པ་ནི་བརྗོད་དོན་སློབ་གསོ་ལེགས་པར་སྤེལ་བའི་རྨང་གཞི་ཡིན།

མཛུབ་སྟོན་ཚན་ཁག་བཅུ་བཞི་པས་ལྟ་ཞིབ་ཀྱི་འགག་གནད་དམ་འཛིན་བྱས་ཏེ། ལས་ཁུངས་བརྒྱད་པོ་ཚང་མ་དྲིལ་སྒྲོག་ལས་ཁུངས་ཡིན་པའི་དོན་དངོས་ལ་དམིགས་ནས། ཇུས་གཞིའི་ཁྲོད་དར་ཆ་མཐོན་པོར་བསྒྲེངས་བ་དང་དམངས་སེམས་གཅིག་སྡུད། མི་སྣ་གསར་བ་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་མཚོན་པ་བཅས་ཀྱི་འགན་འཁྲིའི་ལས་འགན་མངོན་དགོས་པའི་བླང་བྱ་བཏོན།

མཛུབ་སྟོན་ཚན་ཁག་ཉེར་གཉིས་པས་ལག་བསྟར་ཇུས་གཞི་ལ་རེ་རེ་བཞིན་ལྟ་ཞིབ་བྱས་རྗེས། ཟུང་འབྲེལ་དང་ཁྱབ་སྤེལ་གྱི་གཙོ་གནད་གཉིས་ལ་དམིགས་ནས། འབྲེལ་གཏུག་ལས་ཁུངས་ཀྱི་ལག་བསྟར་ཇུས་གཞི་བཟོ་བཅོས་མཛུབ་སྟོན་ཚོགས་འདུ་བསྡུས་ནས། ལས་ཁུངས་སོ་སོའི་ལག་བསྟར་ཇུས་གཞི་བཟོ་བཅོས་དང་འཐུས་ཚང་དུ་བཏང་།

མཛུབ་སྟོན་ཚན་ཁག་སོ་བཞི་བས་ཁེ་ལས་ཀྱི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞིར་ལྟ་ཞིབ་ནན་མོ་བྱས་ཏེ། རང་སོ་སོའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས་གཅིག་པ་གཅིག་རྐྱང་གི་རྣམ་པ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་སོ་སོས་བརྗོད་དོན་གཙོ་བོ་དམ་འཛིན་དང་ཏང་རྩ་འཛུགས་ཀྱིས་བྱ་བ་སྤེལ་བར་དམ་པོར་དམིགས་ནས། ཡུལ་བབ་དང་བསྟུན་པ་དང་རིགས་བཀར་ནས་མཛུབ་སྟོན་བྱེད་པར་དོ་སྣང་བྱས་ཏེ། གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། སྲིད་ཇུས་མཛུབ་སྟོན་ལ་ཤུགས་སྣོན། སློབ་སྦྱོང་སློབ་གསོར་སྐུལ་འདེད། བརྟག་དཔྱད་ཞིབ་འཇུག   གནད་དོན་ལ་ལྟ་ཞིབ། དག་ཐེར་ལེགས་སྒྲིག་དང་དངོས་འབེབས་མཉམ་བསྲེས། གཞི་གཅིག་ཏུ་སྐུལ་འདེད་བཅས་བྱས་ཏེ། རེ་རེ་བཞིན་དམ་འཛིན་དང་གཏིང་ཟབ་ཏུ་བཏང་།

མཛུབ་སྟོན་ཚན་ཁག་ཉེར་དྲུག་པ་སོ་སོར་འབྲེལ་གཏུག་ལས་ཁུངས་བདུན་ལ་སོང་ནས་མི་རེ་རེ་བྱས་ནས་ཁ་བརྡ་བྱས་པ་དང་། འབྲེལ་གཏུག་ལས་ཁུངས་སུ་གནས་པའི་ཆེས་གཅིག་བསྡུས་དང་ཆེས་དགོས་གཏུག་གི་གནད་དོན་དང་མིག་སྔར་ཐག་གཅོད་ཆོག་པའི་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁ་བརྡ་བྱ་ཡུལ་གྱི་མི་རང་ཉིད་དང་དེའི་ཁག་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་། དེ་མིན་བརྗོད་དོན་སློབ་གསོ་སྤེལ་བའི་བསམ་འཆར་དང་གྲོས་གཞིར་རྒྱུས་ལོན་བྱས་ཏེ། གནད་དོན་ལྟ་ཞིབ་དང་དག་ཐེར་ལེགས་སྒྲིག  དངོས་འབེབས་བཅས་བྱེད་པར་གནད་འཁེལ་གྱི་དམིགས་ཡུལ་འདོན་སྤྲོད་བྱས།

མཛུབ་སྟོན་ཚན་ཁག་བཅུ་གཉིས་པས་འབྲེལ་གཏུག་ལས་ཁུངས་སོ་སོས་གཅིག་བསྡུས་སློབ་སྦྱོང་དང་ཞིབ་འཇུག་གྲོས་སྡུར། བརྟག་དཔྱད་ཞིབ་འཇུག  ཆེད་དོན་ཏང་གི་སློབ་ཚན་བཅས་ཆེད་དོན་གསུམ་གྱི་བྱ་བའི་ཇུས་གཞི་གཏན་འཁེལ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དང་གནད་དོན་ལ་ལྟ་ཞིབ། དག་ཐེར་ལེགས་སྒྲིག་དངོས་འབེབས་བཅས་ཀྱི་ཐོག་མའི་གནད་དོན་གྱི་རྩིས་ཐོ་བཀོད་ནས། ཕྱོགས་བཞིའི་བྱེད་ཐབས་དང་བླང་བྱ་དེ་མགོ་མཇུག་བར་གསུམ་དུ་ཁྱབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

བྱེད་སྟངས་ལ་དོ་སྣང་བྱས་ཏེ་ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱས། ལྟ་སྐུལ་མཛུབ་སྟོན་གྱི་བརྗོད་དོན་སློབ་གསོའི་བྱ་བའི་ཁྲོད། ཀྲུང་དབྱང་གི་མཛུབ་སྟོན་ཚག་ཁག་སོ་སོས་བདེན་འཚོལ་དངོས་སྒྲུབ་དང་ཧུར་བརྩོན་འཚོལ་ཞིབ་བྱས་ཏེ། ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པར་བྱས་པའི་རྨང་གཞིའི་སྟེང་གསར་སྐྲུན་རང་བཞིན་གྱི་སྒོ་ནས་བྱ་བ་སྤེལ་ཏེ། རྒྱུན་ཆད་མེད་པར་མཛུབ་སྟོན་བྱ་བའི་དམིགས་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་བཏང་།

མཛུབ་སྟོན་ཚན་ཁག་བཅུ་བདུན་པས་འབྲེལ་གཏུག་ལས་ཁུངས་ཀྱིས་ཟུང་འབྲེལ་གྱི་བྱ་བ་ལེགས་པོ་སྒྲུབ་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲིར་དམིགས་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་། རང་སོ་སོའི་འགན་ནུས་ལ་དམིགས་ཏེ་བྱ་བའི་ལག་ལེན་ཁྲོད་ཞུགས་ནས།  ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཆེད་དོན་ལེགས་སྒྲིག་བཅོས་སྐྱོང་གནད་དོན་ཐག་གཅོད་བྱེད་དགོས་པར་མ་ཟད། ལས་རིགས་སྡེ་ཁག་གི་དོན་དངོས་དང་ཟུང་དུ་འབྲེལ་ཏེ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་འདེད་བཏང་།

མཛུབ་སྟོན་ཚན་ཁག་སོ་གཉིས་པས་ཁེ་ལས་བདུན་ལ་འབྲེལ་གཏུག་བྱས་ཏེ། ཁེ་ལས་ལ་དམིགས་ཏེ་ཇུས་འགོད་དང་། ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་གིས་སྙིང་སྟོབས་སྔར་ལས་ཆེར་བསྐྱེད་དང་ལས་སྒྲུབ་ཀྱི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།  ཁེ་ལས་འཕེལ་རྒྱས་ཀྱི་གནད་འགག་གི་གནད་དོན་གཙོ་བོ་འཚོལ་ཞིབ་བྱས་ནས། གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་དང་ཐབས་ལམ་རྙེད་པར་སྐུལ་འདེད་བཏང་།

མཛུབ་སྟོན་ཚན་ཁག་ཉེར་དགུ་པ་རིམ་པ་གཉིས་པའི་ཁེ་ལས་སུ་ཟབ་ཞུགས་བྱས་ནས་གནས་ཚུལ་ལ་ཞིབ་འཇུག་རྒྱུས་ལོན་བྱས་པ་དང་། ཁེ་ལས་ཁག་ཅིག་གི་འགན་འཁུར་མི་སྣ་གཙོ་བོའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁེ་ལས་ཀྱི་འགན་འཁུར་མི་སྣ་དང་ལས་བཟོ་པའི་འཐུས་མི་རེ་གཉིས་དང་ཁ་བརྡ་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་ལ་ཉན།

མཛུབ་སྟོན་ཚན་ཁག་བཅུ་བས་དེའི་འབྲེག་གཏུག་ལས་ཁུངས་ཀྱིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། བྱ་བའི་འགྲོས་དང་བསྟུན་ནས་སློབ་སྦྱོང་གི་དུས་ཚོད་ལེགས་པོ་སྲུང་འཛིན་བྱེད་པ་དང་།  བྱེད་ཐབས་རེ་རེ་དངོས་གནས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

མཛུབ་སྟོན་ཚན་ཁག་བཅོ་ལྔ་བའི་ཚན་གཙོ་ཡིས་རིམ་པ་བཞིན་དེའི་འབྲེལ་གཏུག་ལས་ཁུངས་གི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་འདྲིས་བྱས་ཏེ། མགོ་ཁྲིད་པ་གཙོ་བོས་ནུས་ཤུགས་འདོན་ཚད་མི་འདང་བའི་ལས་ཁུངས་ལ་དུས་ཐོག་ཏུ་སྐུལ་འདེད་བཏང་བ་དང་། ཚན་གཙོ་དང་ཚན་གཙོ་གཞོན་པ་དེའི་འབྲེལ་གཏུག་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས་པའི་གྲོས་ཚོགས་དང་བྱ་འགུལ་ཚང་མར་ཞུགས་ཏེ། ཡུལ་དངོས་ནས་དཔྱད་བརྗོད་བྱས་པའི་དུས་མཚུངས་སུ་མཛུབ་སྟོན་བསམ་འཆར་བཏོན།

མཛུབ་སྟོན་ཚན་ཁག་བཅུ་བདུན་པས་དུས་ཐོག་ཏུ་དེའི་འབྲེལ་གཏུག་ལས་ཁུངས་སུ་བྱུང་བའི་གཏད་ཕྱོགས་རང་བཞིན་གྱི་གནད་དོན་བསྟན་པར་མ་ཟད་ཡོ་བསྲང་བྱས་ཤིང་། ལས་ཁུངས་ལ་ལས་གཟའ་འཁོར་གཅིག་གི་ནང་ཐེངས་བཞིར་ཆེད་མཁས་པ་གདན་དྲངས་ནས་སྙན་ཞུར་ཟུར་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་ཁྱབ་ཁོངས་ཀྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་། ཐོག་མའི་བསམ་འདུན་དང་འགན་འཁྲིའི་རྒྱས་བཤད་ལ་སློབ་སྦྱོང་བྱེད་པ་མི་འདང་བར་བྲེལ་བྲེལ་འཚུབ་འཚུབ་ངང་གཞི་རིམ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་བཀོད་སྒྲིག་སོགས་དུས་ཐོག་ཏུ་བསྟན་ནས་ཡོ་བསྲང་བྱས།

མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་འབྲེལ་གཏུག་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་ཁྲོད་གནས་པའི་གནད་དོན་ཁ་ཤས་ལ་དམིགས་ནས། དུས་ཐོག་ཏུ་བྱ་བའི་སྟོབས་ཤུགས་ལེགས་སྒྲིག་བྱས་ཏེ། གཙོ་བོ་མི་འདང་ས་དང་ཞན་ཆར་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་། གཏམ་བཤད་ཁ་ཤས་ཀྱིས་ལས་སྒོར་འབྲེལ་གཏུག་ཁོ་ན་བྱེད་པ་ལས་བསམ་བློ་དང་ཟུང་འབྲེལ་མི་བྱེད་པར་དམིགས་ནས།  ཁོ་ཚོར་བསམ་བློའི་འདུ་ཤེས་དང་དམིགས་ཡུལ་འདུ་ཤེས་སོགས་ཀྱི་ཐད་ནས་ངོས་ཟིན་མྱོང་ཚོར་གླེང་བ་དང་བར་ཁྱད་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་སོ་སོས་བརྗོད་དོན་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་བའི་གོ་རིམ་ཁྲོད། རང་ཉིད་འཛུགས་སྐྲུན་དེ་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ།  ཏང་ཀྲུང་དབྱང་གི་གཏན་འཁེལ་དཀར་ཆག་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་། མཛུབ་སྟོན་བྱ་བའི་སྒྲིག་སྲོལ་ཁོང་དུ་ཆུད་པར་བྱས་ཤིང་། སྒྲིག་ཁྲིམས་གཏན་འཁེལ་སྣ་ཚོགས་ལ་བརྩི་སྲུང་ནན་མོ་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་བྱ་བ་ལེགས་པར་སྤེལ་བར་རྨང་གཞི་བརྟན་པོ་བཏིང་།

ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་སོ་སོས་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡོངས་ཁྱབ་ཏུ་བཙུགས་པ་དང་། གཟའ་འཁོར་རེའི་རྒྱུན་ལྡན་གྱི་ཚོགས་འདུ་དང་སློབ་སྦྱོང་སྙན་ཞུ། ཚན་ཁག་གི་ལས་བགོས། རྩ་འཛུགས་འཚོ་བ། བྱ་བའི་སྒྲིག་ཁྲིམས། བདེ་འཇགས་གསང་སྲུང་སོགས་ནང་ཁུལ་གྱི་ལམ་ལུགས་བཙུགས་ནས། མཛུབ་སྟོན་བྱ་བ་སྤེལ་བར་རྩ་འཛུགས་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།

མཛུབ་སྟོན་ཚན་ཁག་དང་པོའི་གནས་སྐབས་ཏང་ཀྲི་པུའུ་ཡིས་མཛུབ་སྟོན་བྱ་བ་སྤེལ་བའི་གནས་ཚུལ་ལྟར་དུས་ངེས་མེད་དུ་གྲོས་ཚོགས་བསྡུས་ཏེ། བྱ་བ་གཙོ་བོར་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ངམ་ཀྲི་པུའུ་ཡི་ཚང་འཛོམས་གྲོས་ཚོགས་ནས་མཉམ་དུ་གྲོས་སྡུར་བྱས་ནས་ཐག་བཅད།

མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཛུབ་སྟོན་བྱ་བ་སྤེལ་བ་དེ་ཏང་གཤིས་ཀྱི་ཉམས་སད་དང་ཞབས་ཞུ་ལྟེ་གནས་ཀྱི་གོ་རིམ་ཤིག་ཏུ་བརྩིས་ནས། གཟབ་ནན་སྒོས་དོ་དམ་དང་ལས་འགན་ལེགས་སྒྲུབ་བྱས། གཟའ་འཁོར་རེར་ངོ་འཕྲད་གྲོས་ཚོགས་བསྡུས་ཏེ། འབྲེལ་གཏུག་ལས་ཁུངས་ཀྱིས་བྱ་བ་སྤེལ་བའི་གནས་ཚུལ་བརྗེ་རེས་དང་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས།

མཛུབ་སྟོན་ཚན་ཁག་སོ་སོས་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ། ཚན་ཁག་གི་བྱ་བའི་ཇུས་གཞི་ཚན་རིག་ལྟར་གཏན་འཁེལ་བྱས་པ་དང་། ལས་བགོས་འགན་འཁུར་དངོས་འབེབས་ཞིབ་རྒྱས་བྱས་ཏེ། ནུས་ཡོད་སྒོས་ལྟ་སྐུལ་མཛུབ་སྟོན་ཀྱི་དམིགས་གཏད་རང་བཞིན་དང་བྱ་བའི་ལས་ཆོད་མཐོར་འདེགས་བཏང་།

མཛུབ་སྟོན་ཚན་ཁག་སོ་གཉིས་པས་བྱ་བའི་ལམ་ལུགས་དང་བྱ་བའི་ཇུས་གཞི་བཟོ་འགོད་བྱས་ཏེ། ཚན་ཁག་གི་ཁོངས་མིའི་བྱ་བའི་བརྒྱུད་རིམ་དང་ཆེད་ལས་རྒྱབ་ལྗོངས་དང་ཟུང་འབྲེལ་བྱས་ནས། འགན་འཁུར་ལས་བགོས་གསལ་བོ་བྱས་པ་དང་། སྒྲིག་ཁྲིམས་བླང་བྱ་བཏོན་པ། བྱ་བར་བྲེལ་འཚུབ་ཆེ་ཡང་མགོ་མཇུག་མི་འཆོལ་བ་དང་ཕན་འབྲས་ལྡན་པར་བྱས།

མཛུབ་སྟོན་ཚན་ཁག་བཞི་བས་འབྲེལ་གཏུག་་བྱ་བའི་རྐྱེན་སྲོལ་བཙུགས་ཏེ། ཚན་ཁག་གསུམ་བགོས་ནས་འབྲེལ་གཏུག་བྱེད་སའི་ཞིང་ཆེན་གསུམ་གྱི་བརྗོད་དོན་སློབ་གསོའི་གཞུང་སྒྲུབ་ཁང་གི་ཉིན་རྒྱུན་གྱི་འབྲེལ་གཏུག་དང་བརྗེ་རེས་སྲུང་འཛིན་བྱས་ཤིང་། འགུལ་རྣམ་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ་བྱ་བ་དངོས་འབེབས་བྱེད་པ་དམ་འཛིན་བྱས།

མཛུབ་སྟོན་ཚན་ཁག་དྲུག་པས་བཅའ་སྡོད་འབྲེལ་གཏུག་པའི་རྐྱེན་སྲོལ་བཙུགས་ཏེ། ཚན་གཙོ་དང་ཚན་གཙོ་གཞོན་པས་བསྐོར་སྐྱོད་མཛུབ་སྟོན་བྱེད་པ་དང་། དུས་ཡུན་ངེས་ཅན་ཞིག་གི་ནང་དེའི་མཛུབ་སྟོན་ས་ཁུལ་དུ་རྗེས་སྙེགས་མཛུབ་སྟོན་བྱེད་མཁན་ཡོད་པར་ཁག་ཐེག་བྱས།

མཛུབ་སྟོན་ཚན་ཁག་སོ་སོས་ཆབ་སྲིད་ཀྱི་འགན་འཁྲི་མཐོན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དྲག་པོས་སྤྱོད་ཚུལ་ལེགས་པོ་དར་སྤེལ་བྱས་ཏེ། ནན་ཏན་སྒོས་འགན་འཁྲི་ལག་བསྟར་བྱས།

མཛུབ་སྟོན་ཚན་ཁག་བཅུ་དྲུག་པས་བསྟུད་མར་ལས་སྣོན་དང་ལས་ཡུན་ཇེ་རིང་དུ་བཏང་ཏེ།   འཁང་ར་ཅི་ཡང་མེད་པར་རང་ལ་གནོན་ཤུགས་བྱིན་ནས་ཧུར་ཐག་གིས་བྱ་བ་སྒྲུབ་པ་དང་། བློ་མཐུན་མང་པོ་ཞིག་གིས་ལུས་པོ་མི་བདེ་བའི་གནས་ཚུལ་འོག་ཏུ་ཡང་སྔར་བཞིན་བྱ་བ་རྒྱུན་འཁྱོངས་བྱས།

མཛུབ་སྟོན་ཚན་ཁག་སུམ་ཅུ་བས་སྤྱོད་གཙང་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱས་ཏེ། འབྲེལ་གཏུག་ཁེ་ལས་དེར་གཞན་བརྒྱུད་ཀྱི་འབྲེལ་འདྲིས་མི་བྱེད་པ་དང་། འབྲེལ་གཏུག་ཁེ་ལས་ཀྱི་འགྲན་ཡ་ལ་འབྲེལ་འདྲིས་བྱས་ནས་རང་ཉིད་དང་གཉེན་ཉེ་ལ་སྒེར་ཕན་སྒྲུབ་པ་དང་སྒེར་གྱི་བྱ་བ་སྒྲུབ་པ་གཏན་འགོག་བྱས།

སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ལས་ཁུངས་ཀྱིས་ཡོངས་ཁྱབ་ཏུ་བཤད་པ་ལྟར་ན། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་མང་ཚོགས་དང་འབྲེལ་འདྲིས་དང་སྤྱོད་ཚུལ་ལེགས་སྒྱུར།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མི་བྱེད་པ།  ཡང་དུ་བསྐྱར་དུ་ཡིག་ཆ་ཡར་ཞུ་མི་བྱེད་པ་དང་། དེའི་དོན་དུ་ཡར་རྒྱུག་མར་རྒྱུག་མི་བྱེད་པ་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་ཁག་ཁུར་ཇེ་ཡང་དུ་བཏང་ཞིང་། ཁོ་ཚོས་སྤྱོད་ཚུལ་ལེགས་པོས་བརྗོད་དོན་སློབ་གསོ་སྤེལ་བར་མིག་དཔེ་བསྐྲུན།

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁག་ཅིག་གི་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་བསྡུས་ཏེ། གོམ་གང་མདུན་སྤོས་སྒོས་ཉམས་མྱོང་ཕྱོགས་སྡོམ་དང་བྱ་བར་བཀོད་སྒྲིག་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་སོ་སོས་གོམ་རིམ་རྗེས་མར་བསམ་བློའི་ངོས་ཟིན་མཐོར་འདེགས་དང་། མགོ་ཁྲིད་པའི་འགན་འཁྲི་དངོས་འབེབས། བརྗོད་དོན་གཙོ་བོ་གཅིག་སྡུད་དང་སློབ་སྦྱོང་སློབ་གསོ་གཏིང་ཟབ་བྱས་ཏེ། འབུར་ཐོན་གནད་དོན་འཚོལ་ཞིབ་དང་དག་ཐེར་ལེགས་སྒྲིག་དངོས་འབེབས་བྱེད་པ་དམ་འཛིན་བྱས་ནས། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཁག་ཐེག་སོགས་ཀྱི་ཐད་ལྟ་སྐུལ་མཛུབ་སྟོན་བྱེད་པར་ཤུགས་བསྣན་ཏེ། བརྗོད་དོན་སློབ་གསོར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་ནས་ནན་ནན་ཏིག་ཏིག་གི་ཕན་འབྲས་ལེན་པར་ཁག་ཐེག་བྱེད་རྒྱུ་རེད།

ལོ་ཙཱ།སྒྲོལ་མ་སྐྱིད།