མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ཀྱིས་སོ་སོར་ཀྲུང་དབྱང་ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་སློབ་སྟོན་དག་ཐེར་ལེགས་བཅོས་དང་ཆེད་དམིགས་འཐབ་རྩོད་ལ་སྐུལ་འདེད་བཏང་།
2019.08.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བའི”བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“ཕྱིར་ལྟ”དང“གཅིག་ཀྱང་མེད་པ།” “གཙང་བཟོ་གསུམ”གྱི་བྱ་བའི་ཇུས་གཞི་གཞི་འཛིན་སར་བརྩིས་ཏེ། ཀྲུང་དབྱང་ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་སློབ་སྟོན་དག་ཐེར་ལེགས་བཅོས་དང་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། དག་ཐེར་ལེགས་བཅོས་བྱེད་པ་དམིགས་སར་སླེབས་ཐུབ་པ་དང་ཕན་འབྲས་མངོན་གསལ་ལེན་ཐུབ་པར་ཁག་ཐེག་བྱས།

གནད་དོན་དག་ཐེར་དང་དངོས་འབེབས་ལ“ཕྱིར་ལྟ”བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཞིང་། མཚོ་ནུབ་ཁུལ་ཡོངས་ཀྱིས་ནུས་མེད་གཉོམ་ཞན་ཡིན་པའི་ཏང་རྩ་འཛུགས་ཀྱི“ཕྱིར་ལྟ”ཇུས་གཞི་བཟོས་ཏེ། ཁུལ་ཡོངས་ཀྱི་སྡེ་བ་རིམ་པའི་རྩ་འཛུགས295ལ་རེ་རེ་བཞིན་བརྟག་དཔྱད་ཟབ་མོ་བྱས། ཆེད་དམིགས་ལྟ་ཞིབ་བྱ་བའི་ཚན་ཆུང་བཙུགས་ནས་ས་ཁུལ་སོ་སོ་དང་ཁུལ་ཐད་གཏོགས་ཀྱི་གཙོ་གནད་སྡེ་ཁག་ཏུ་སོང་སྟེ་ཞིབ་ཐོའི་རྣམ་པའི་ལྟ་སྐུལ་སྤྱི་འདོམས་དང་མངོན་གསལ་སྒོས་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱས་ཤིང་། བརྡ་བསྒྲགས་དང་བསྐོང་འདྲི། ལྟ་སྐུལ་སྤྱི་འདོམས། འགན་འདྲི་བཅས་ཀྱི་ཤུགས་ཚད་ཆེ་རུ་བཏང་། བློ་ཐག་རྦད་ཆོད་ཀྱིས་རྫོང་ཁུལ་དུ་ཞིབ་གཅོད་མ་བྱས་པའི་ནག་འབྲེལ་ངན་འབྲེལ་གྱི་གྱོད་དོན“གཅིག་ཀྱང་མེད་པ”མངོན་འགྱུར་བྱས། མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་གཙོ་གནད་དུ་བཟུང་ནས་མྱུལ་ཞིབ་བྱས་པའི་དོགས་ཡོད་ངན་ནག་དཔུང་ཚོགས་ཀྱིས་བཟོས་པའི་གྱོད་དོན4ཡི་ཁྲོད། དོགས་ཡོད་ཉེས་ཅན37འཛིན་བཟུང་བྱས་ཤིང་། བསྡམས་བཅད་བྱས་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བཞི་ཁྲི་གསུམ་ཞིབ་བཤེར་བཀག་ཉར་བྱས།

“གཙང་བཟོ་གསུམ”གྱི་བྱ་བའི་དམིགས་འབེན་འགྲུབ་པར་ཁག་ཐེག་བྱས། དུས་ལྟར་ཐེར་འདོན་གོང་ཞུ་བྱེད་མཁན་ལ་ཡང་བསྐྱར་འཚམས་འདྲི་ཞུ་བའི་བྱ་བ་ལེགས་པོར་བསྒྲུབས་ཏེ། གྱོད་དོན་གྱི་ཁུངས་སྣེ་ལ་ཞིབ་བཤེར་བྱས་ཏེ་ཡོངས་རྫོགས“གཙང་བཟོ”བྱེད་པ་མངོན་འགྱུར་བྱས། ལྟ་སྐུལ་སློབ་སྟོན་གྱིས་ཕྱིར་ལན་སློག་པའི་འབུར་ཐོན་གནད་དོན་དང་དག་ཐེར་ལེགས་བཅོས་ཀྱི་བླང་བྱར་དམིགས་ནས། དག་ཐེར་ལེགས་བཅོས་བྱེད་ཐབས་རེ་རེ་བཞིན་ཇེ་ཞིབ་དང་། འགན་འཁུར་མགོ་ཁྲིད་དང་འགན་འཁུར་ལས་ཁུངས། དག་ཐེར་ལེགས་བཅོས་བྱེད་ཐབས། གཞན་ད་རུང་འགྲུབ་པའི་དུས་ཡུན་སོགས་རེ་རེ་བཞིན་གསལ་པོ་བྱས་ཏེ། ཕྱིར་ལན་སློག་པའི་འབུར་ཐོན་གནད་དོན་ཡོངས་རྫོགས“གཙང་བཟོ”བྱས། ལས་རིགས་ཁྱབ་ཁོངས་ཀྱི་བདེ་སྐྱོང་རྙོག་འཛིང་གི་གནས་དང་རྙོག་འཛིང་གི་སྣང་ཚུལ27གཏན་འཁེལ་བྱས་པ་དང་། “རྙོག་འཛིང་གི་གནས་གཅིག་ལ་ཇུས་གཞི་གཅིག”ཞིབ་འཇུག་སྒོས་གཏན་འབེབས་བྱས་ནས། འཆུན་འདོམས་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་། རྙོག་འཛིང་གི་གནས་དང་རྙོག་འཛིང་གི་སྣང་ཚུལ་ཡོངས་རྫོགས“གཙང་བཟོ”འཆུན་འདོམས་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་གཏིང་ཟབ་ཏུ་དོན་འཁྱོལ་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་བྱ་བའི་ཁྲོད། མཚོ་ལྷོ་ཁུལ་གྱིས་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཆེད་དོན་བྱ་བའི་ཚན་ཆུང6དང་ཆེད་དམིགས་འཐབ་རྩོད་བྱ་བའི་ཆེད་ལས་ཚན་ཁག་བཙུགས་ཏེ། ཁུལ་དང་རྫོང་། ཞང་གསུམ་གྱི་རིམ་པ་སོ་སོའི་ཏང་ཨུ་རིམ་པ་དགར་ཞིང་ཁྱབ་ཁོངས་ཆེན་པོར་ཆེད་དམིགས་འཐབ་རྩོད་སྐུལ་སློང་དང་བཀོད་སྒྲིག་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དོན་དངོས་གནས་ཚུལ་དང་སྦྲེལ་ནས་རང་སྐྱོང་ཁུལ་དུ་གཙོ་གནད་རྡུང་རྡེག་བྱེད་ཡུལ17དང་གཙོ་གནད་དག་ཐེར་བྱེད་ཡུལ10གསལ་པོ་བྱས་པ་དང་། རྩྭ་ས་དང་ས་མཚམས་རྩོད་གླེང་དང་ལྗོངས་ཁུལ་གྱི་སྒྲིག་མེད་སྣང་ཚུལ་སོགས་གཙོ་གནད་རྡུང་རྡེག་བྱེད་པའི་ནང་དོན4གསར་དུ་བསྣན། ཉེ་བའི་ལོ་འགའི་རིང་གི་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་གི་གྱོད་དོན་དང་བདེ་སྐྱོང་ཉེས་དོན་གྱི་གྱོད་དོན། འགལ་བ་དང་རྩོད་གླེང་བཅས་ལ་དམིགས་ནས་ཡར་གསེད་མར་གསེད་བྱེད་པ་དང་། སྐབས་ཐོག་གི་གྱོད་དོན་དང་གསོག་འཇོག་བྱས་པའི་གྱོད་དོན། བརྡས་ཐག་བཅད་པའི་གྱོད་དོན་བཅས་ལ་དབྱེ་ཞིབ་ཞིབ་བཤེར་དང་ཉེས་མཚང་ཐེར་འདོན། ཁུངས་སྣེ་རྩད་ཞིབ་བྱེད་པ་བཅས་ཀྱི་བྱ་བར་ཤུགས་བསྣན་པར་མ་ཟད། “གྱོད་དོན་རེ་ལ་ཆེད་དོན་ཚན་ཁག་རེ”ལག་བསྟར་བྱས་ཏེ། ཚན་ཁག་དེར་འགན་འཁུར་ཡག་པོ་བྱེད་དུ་བཅུག ཆ་འཕྲིན་བརྡ་ཁྱབ་དང་ཁྲིམས་གཅོད་ཞིབ་འཇུག་གི་དབྱེ་ཞིབ། གྱོད་དོན་གལ་ཆེན་ཡར་ཞུ་དང་གྲོས་མོལ་སོགས་ཀྱི་ལམ་ལུགས་བརྒྱད་བཙུགས་ཏེ། གྱོད་དོན་གལ་ཆེན་ལ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་སྔ་མོ་ནས་ཇུས་གཏོགས་བྱེད་པའི་ནང་རྐྱེན་ལག་བསྟར་བྱས་ནས་རྒྱུན་ཆད་མེད་པར་རྡུང་རྡེག་དང་དག་ཐེར་བྱེད་པའི་སྤྱི་ཡོངས་སྒྲིལ་ཤུགས་ཇེ་དྲག་ཏུ་བཏང་།

ཆེད་དམིགས་འཐབ་རྩོད་བྱེད་པའི་ཁྲོད་དུ། མཚོ་ལྷོ་ཁུལ་གྱིས་སྤྱོད་པས་བཅོས་སྐྱོང་དང་ཁྲིམས་ཀྱིས་བཅོས་སྐྱོང་། རང་གིས་བཅོས་སྐྱོང་བྱེད་པ་དེ་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གཞི་འཛིན་ས་རུ་བརྩིས་ཏེ། ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞི་བོའི་ཡུན་ཕན་དོ་དམ་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་། སྡེ་སྲོལ་དམངས་ཆིངས་དང་གཞིས་དམངས་སྤྱི་ཆིངས། དགོན་སྲོལ་བཙུན་ཆིངས་བཅས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་དུ་བཅུག་པ་རེད།

                                                                                                              རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།