རང་ཉིད་གསར་བརྗེ་བྱེད་པའི་སྤོབས་པར་བརྟེན་ནས་ཧེ་བག་འཚོལ་བ།
2019.10.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

 —ཞིང་ཆེན་ཡོངས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཡི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་ཚུལ་གླེང་བ།

 ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཡི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་བསྡོམས་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་སྟེང་གི་གསུང་བཤད་ཁྲོད་བསྟན་དོན། “རང་ཉིད་གསར་བརྗེ་བྱེད་ཕོད་པ་དང་། གཟབ་ནན་སྒོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་ནི། ང་ཚོའི་ཏང་གི་ཆེས་མངོན་པར་གསལ་བའི་གཤིས་སྤྱོད་ཡིན།”ཧེ་བག་མ་བཙལ་ན་གསལ་པོ་མིན་ལ། གནད་དོན་མ་གཏོར་ན་བརྟོལ་མི་ཐུབ། ང་ཚོས“ཧེ་བག་འཚོལ་བ”ཡི་རང་རྟོགས་རང་བཞིན་དང་། ཁ་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ཀྱིས་ཧེ་བག་འཚོལ་དགོས།

མི་འདང་ས་ཤེས་ན་རང་ཉིད་ལ་ཕྱིར་རྟོག་བྱེད་ཐུབ། མགར་བྱེད་ན་ལུས་སྟོབས་བཟང་དགོས། ཇི་ལྟར་བྱས་ན་ད་གཟོད་ཚོད་བགམ་ཐེག་ཐུབ་པ་རེད། སེམས་རྣལ་དུ་ཕབ་ནས་རང་ཉིད་ཀྱི་མི་འདང་ས་དང་ཞན་ཆར་ཕྱིར་རྟོག་བྱེད་དགོས་ཤིང་། མགོ་བོ་ཡར་བཀྱགས་ཏེ་སླེབས་དགོས་པའི་དམིགས་འབེན་དང་གོ་འཕང་ལ་བལྟས་ན། ད་གཟོད་སྔར་ལས་ཆེ་བའི་འཚར་ལོངས་ཀྱི་བར་སྟོང་ཡོད་པ་དང་། སྔར་ལས་འདང་བའི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡོད། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་ཞིབ་ཏུ་བསྡུར་ཏེ་ཧེ་བག་འཚོལ་རྒྱུ་ནི། བརྗོད་དོན་སློབ་གསོའི་ཁྲོད་སློབ་གསོར་སློབ་སྦྱོང་དང་གནད་དོན་ལ་ལྟ་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཏང་ཡོན་ལས་བྱེད་པས་རང་འགུལ་གྱིས་རང་ཉིད་ལ་ལྟ་ཞིབ་དང་། རང་རྟོགས་ཀྱིས་ནོར་བ་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པར་རང་ཉིད་གསར་བརྗེ་ཡི་སྙིང་སྟོབས་དྲག་པོ་ལྡན་དགོས་ཤིང་། ཚོད་བགམ་ཐེག་ཐུབ་པའི་རང་ཉིད་གཙང་སྒྱུར་གྱི་ཁྱད་ཆོས་དང་། འབད་བརྩོན་ལྷོད་མེད་ངང་རང་ཐོག་ཏུ་གནས་པའི་གནད་དོན་དང་ནོར་འཁྲུལ་ལ་འཐབ་འཛིང་བྱེད་པ། གྲི་ཁ་ནང་དུ་བསྐོར་ཐུབ་པ་དང་། བློ་རྩ་བརྟན་པ། འགག་རྩར་ཐུག་དུས་འཕྲལ་ཐག་གཅོད་ཐུབ་པ། ཆག་སྒོ་ནང་ནས་འབྱུང་བར་སྔོན་འགོག་བྱེད་པའི་རང་ཉིད་གསར་བརྗེ་ཡི་སྙིང་སྟོབས་ཀྱིས་རང་ཉིད་བཞེངས་སྐྲུན་དང་སྦྱོང་བརྡར་བྱེད་དགོས།

ཧེ་བག་འཚོལ་བ་ནི། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྒྲིག་ཁྲིམས་ལ་ཞིབ་ཏུ་བསྡུར་དགོས་པ་དང་། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་ཞིབ་ཏུ་བསྡུར་བ། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པའི་བླང་བྱར་ཞིབ་ཏུ་བསྡུར་བ། མི་དམངས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་བསམ་ཚུལ་ཞིབ་ཏུ་བསྡུར་ནས་ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་བཟོ་བ་དང་། ཏང་གི་དྭངས་གཙང་རང་བཞིན་ཇེ་ཞན་དུ་གཏོང་བའི་རྒྱུ་རྐྱེན་འཚོལ་བ། ཏང་ནང་ཁུལ་དུ་གནས་པའི་བསམ་བློ་མི་གཙང་བ་དང་། རྩ་འཛུགས་མི་ལེགས་པ། སྤྱོད་ཚུལ་མི་གཙང་བ་སོགས་འབུར་ཐོན་གནད་དོན་འཚོལ་བ་དང་། ཏང་ཡོན་ལས་བྱེད་པའི་ཐོག་ཏུ་གནས་པའི་བསམ་བློ་སྒྱིད་ལུག་ཡིན་པ་དང་། འཇོན་ཐང་ཞན་པ། མང་ཚོགས་དང་ཁ་བྲལ་བ། ངན་གོམས་རུལ་སུངས་དང་ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འཚོལ་བ། གཞི་རིམ་ཏང་རྩ་འཛུགས་ཇེ་གཉོམ་དུ་འགྱུར་བ། ཚུལ་འཆོས་སུ་འགྱུར་བ། མཐའ་ཅན་དུ་འགྱུར་བ་བཅས་ཀྱི་གནད་དོན་འཚོལ་བ། མང་ཚོགས་རྩ་འཛུགས་དང་། མང་ཚོགས་ལ་དྲིལ་སྒྲོག་བྱེད་པ། མང་ཚོགས་གཅིག་སྡུད་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་འགན་མཐའ་འཁྱོལ་མ་བྱས་པའི་གནད་དོན་འཚོལ་དགོས། རྩ་བའི་གནད་དོན་གཅིག་སྡུད་ཀྱིས་ཐག་གཅོད་རྒྱུ་ནི། ཧེ་བག་མཐོང་ཐུབ་པའི“སྤྱིའི་ལྡེ་མིག”ཡིན་ཞིང་། གནད་དོན་ཐག་གཅོད་པའི་གོམ་པ་དང་པོའང་ཡིན།

ཧེ་བག་འཚོལ་བ་ནི། གནད་དོན་ཅི་ཞིག་ཡོད་ན་གནད་དོན་དེ་འཚོལ་བར་དམིགས་པའི་རྩ་དོན་ཞིག་དང་། གནད་དོན་རྩད་ཆོད་གསལ་པོ་དང་གནད་ཁེལ་ངང་འཚོལ་བ་དེ་ཡིན། ཅི་ཞིག་འཚོལ་དགོས། ཅི་ཞིག་བསྒྱུར་དགོས། མི་རེ་རེའི་ཆེས་ཞན་ས་དེ་གང་ཡིན་པ་བཅས་ལ། རང་གི་སེམས་ན་རྒྱུས་མངའ་ཡོད་པར་བྱེད་དགོས། ལྟ་ཞིབ་གཤག་བཅོས་ཀྱི་གནད་དོན་ཁྲོད་དང་། མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་པའི་གནད་དོན་ཁྲོད་དུ། རང་ཉིད་ཀྱིས་དག་ཐེར་ལེགས་བཅོས་བྱེད་དགོས་པའི་གནད་དོན་གནད་ཁེལ་ངང་འཚོལ་དགོས་ཤིང་། རང་ཉིད་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆེས་འབུར་ཐོན་དང་ཐག་གཅོད་བྱེད་ཐུབ་པའི་གནད་དོན་རྣམས་བསྒྲིགས་ཏེ། གཅིག་བསྡུས་ཀྱིས་དག་ཐེར་ལེགས་བཅོས་བྱེད་དགོས་པ་དང་། སྐབས་ཤིག་ལ་ཐག་གཅོད་མི་ཐུབ་པ་རྣམས་དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་བཤམས་ཏེ། དངོས་གནས་དྲང་གནས་ཀྱིས་གནད་དོན་ཐག་གཅོད་པར་འགན་ལེན་བྱེད་དགོས། རང་ཉིད་ཀྱིས་གནད་དོན་འཚོལ་བ་དང་། རང་ཉིད་ཀྱིས་གནད་དོན་བཅོས་བསྒྱུར་བྱས་ཏེ། རང་ཉིད་མཐོར་འདེགས་གཏོང་དགོས་པ་དང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཏན་ཏིག་ངང་བརྗོད་དོན་སློབ་གསོ་སྤེལ་དགོས་ཤིང་། སྔོན་ཐོན་ལ་ཞིབ་བསྡུར་བྱས་པ་བརྒྱུད་མུ་མཐུད་དུ་སློབ་སྦྱོང་བྱས་ཏེ། རང་ཉིད་ལ་རྩ་བའི་འགྱུར་བ་གསར་པ་འབྱུང་དུ་འཇུག་དགོས་པ་དང་། སྔར་ལས་བརྟན་པའི་གཤིས་སྤྱོད་སྦྱོང་བརྡར་བྱེད་དགོས།

ལེ་བར་ཁྲི་ལ་བསྐྱོད་ཀྱང་། ཐོག་མའི་བསམ་འདུན་བརྗེད་མི་རུང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རང་ཉིད་གསར་བརྗེ་བྱེད་ཕོད་པ་དང་ཧེ་བག་འཚོལ་དགོས་ལ། གནད་དོན་ལ་དྲང་མོར་ལྟ་བ་དེ་རང་རྟོགས་ཤིག་ཏུ་བསྒྱུར་བ་དང་། གྲི་ཁ་ནང་དུ་བསྐོར་བ་དེ་གོམས་སྲོལ་ཞིག་ཏུ་བསྒྱུར་བ། ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་ཐད་མི་བསམ་ཤེས་ཤིག་བྱེད་པ། ཧེ་བག་འཚོལ་བ་དང་དོན་འཁྱོལ་དམ་འཛིན་ཐད་དངོས་སྒྲུབ་པ་ཞིག་བྱེད་དགོས། ཁྱོན་ཡོངས་ནས་གནད་དོན་ལ་ལྟ་ཞིབ་བྱས་ཏེ། དངོས་གནས་དྲང་གནས་ཀྱིས་གནད་དོན་དག་ཐེར་དང་བཅོས་བསྒྱུར་བྱས་ན། ང་ཚོར་བསམ་བློའི་གོ་རྟོགས་ཐད་མཐོར་འདེགས་ཆེན་པོ་ཞིག་ཡོང་ཐུབ་པ་དང་། ཏང་གཤིས་སྦྱོང་བརྡར་ཐད་འཕུར་སྐྱོད་ཆེན་པོ་ཞིག་ལ་བསླེབ་ཐུབ་པས། གནད་དོན་མུ་མཐུད་དུ་ཐག་གཅོད་པའི་ཁྲོད་རང་ཉིད་ལ་ཐོད་བརྒལ་བྱེད་པ་མངོན་འགྱུར་འབྱུང་དུ་བཅུག་སྟེ། རང་རེའི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཇི་སྲིད་བར་དུ་སྲུང་འཛིན་བྱེད་པའི་ཆེད་དུ་འབད་འབུངས་ལྷོད་མེད་བྱེད་དགོས། །

                                             རྩོམ་སྒྲིག་པ། གཡང་འབུམ་རྒྱལ།