བསྟུད་མར་ཉིན་འགའི་རིང་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་དཀའ་སྡུག་ལ་མི་སྐྲག་ཅིང་། གྲང་ངར་ལ་མི་འཛེམས་པར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཁོངས་གཏོགས་ཀྱི་ན་གོར་མོ་གྲོང་ཁྱེར། ཀུའོ་ལེ་མུའུ་ཏི་གྲོང་རྡལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཁོངས་གཏོགས་ཀྱི་ཧེ་ཡན་རྫོང་དང་ཞང་གྲོང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིང་། མཚོ་སྔོན་སློབ་ཆེན་དང་ཟི་ལིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་མཁར་དཀྱིལ་ཁུལ་དང་རུའེ་ཁྲི་སྡེ་ཁུལ་སོགས་སུ་སྒྲོག་འགྲེལ་བྱ་འགུལ་སྤེལ། ཁུལ་དང་རྫོང་ཞང་དང་གྲོང་རྡལ་ཁ་ཤས་དང་། དེ་མིན་ད་རུང་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སློབ་ཆེན་སོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་དགེ་སློབ་དྲུག་སྟོང་ལྷག་གིས་སྙན་ཞུ་ཚོགས་འདུར་ཉན། ལས་ཁུངས་ཁ་ཤས་ཀྱིས་ད་དུང་ཡན་ལག་ཚོགས་ར་བཙུགས་ནས་དེ་ལས་མང་བའི་ཏང་ཡོན་ལས་བྱེད་པར་སྒྲོག་བཤད་ལ་ཉན་དུ་བཅུག
སྒྲོག་འགྲེལ་ཚོགས་པའི་ཁོངས་མིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་ལ་ངོས་ཟིན་གང་ལེགས་བྱུང་བ”དང་།“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པོའི་ལེགས་ཆ་ལ་གོ་བ་ཟབ་མོ་ལོན་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་རྟོན་བརྟན་པོར་ཚུགས་པ།”“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་སྤྱིའི་དམིགས་འབེན། ལས་འགན་གཙོ་བོ་བཅས་ཡང་དག་པར་ཁོང་དུ་ཆུད་པ།”“ཏང་གི་མགོ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། ཚང་འཛོམས་གྲོས་ཚོགས་སྟེང་གཏན་འབེབས་བྱས་པའི་དམིགས་འབེན་འགན་འཁྲི་སོ་སོ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ”བཅས་ཀྱི་ཕྱོགས་བཞི་ནས་མིག་སྔར་གྱི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་འབྲེལ་བ་དམ་ཟབ་བྱས་ཤིང་། ཟུར་དང་ཕྱོགས་མང་པོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་དང་ཡང་དག གཏིང་ཟབ་མ་ལག་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ།
ཞིང་ཆེན་ནོར་སྲིད་ཐིན་གྱི་ཁེ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲོའུ་ཀུའོ་ཡིས་བཤད་རྒྱུར། སྒྲོག་འགྲེལ་བརྒྱུད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོ་ལོན་པ་དང་ངོས་འཛིན་སྔར་ལས་གཏིང་ཟབ་བྱེད་དགོས་ལ། བྱ་བ་དངོས་དང་ཟུང་དུ་སྦྲེལ་ཏེ། རྗེས་ཕྱོགས་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ནས་ཚོང་ར་ཅན་དུ་བསྒྱུར་བའི་བཅོས་བསྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་གཏན་ནས་གཡོ་འགུལ་མེད་པར་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། གཡོ་འགུལ་མེད་པར་སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཡར་སྐུལ་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རང་སྟེང་གི་ནུས་པ་འདོན་སྤེལ་བྱེད་དགོས།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།