ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དངོས་འབེབ་བྱེད་པ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་དེ་མིའི་བློ་ཁ་དང་འཚམ་ཞིང་སེམས་ལ་འབབ་པ་ཞིག་རེད།
2019.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

བསྟུད་མར་ཉིན་འགའི་རིང་ལ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག དངོས་འབེབ་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོས་བེ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་བུན་པོའེ། ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཅང་ཡའེ་ཁྲིན། ཞིང་ཆེན་གསར་འགོད་མཐུན་ཚོགས་ཀྱི་ཆེད་འགན་འཁུར་བའི་ཀྲུའུ་ཞི་གཞོན་པ་ཀོ་ཡུན་ཕུའུ་སོགས་མཚོ་ཤར་གྲོང་ཁྱེར་དང་། ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་དེའི་ཁོངས་གཏོགས་བཱ་བན་གྲོང་རྡལ་དུ་སོང་ནས་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་སུ་སོང་ནས་གྲང་ངར་དང་ཁ་བར་མ་འཛེམ་པར་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དང་། ཁུལ་དང་། རྫོང་། གྲོང་རྡལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། མི་དམངས་ཚོགས་པ། མང་ཚོགས་ཚོགས་པ། ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་སློབ་གྲྭ་ཆེན་མོའི་ཏང་ཡོན་ལས་བྱེད་པ་སྟོང་བཞི་ལྷག་སྙན་ཞུ་གྲོས་ཚོགས་ལ་ཞུགས།

སྒྲོལ་འགྲེལ་ཚོགས་པའི་ཁོངས་མིས“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ངེས་འཛིན་གང་ལེགས་བྱེད་པ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་དོན་སྙིང་གལ་ཆེན་ལ་སྐུལ་འདེད་གཏོང་བ”ནས“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་ཁྱད་སྟོབས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བར་གོ་བ་ཟབ་མོ་ལེན་པ”དང་། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཡང་དག་པའི་སྒོ་ནས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་སྤྱིའི་དགོས་མཁོ་དང་། སྤྱིའི་དམིགས་འབེན་དང་ལས་འགན་གཙོ་བོར་ཡར་སྐུལ་བྱེད་པ”དང་། “ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སོ་སོ་ཁྱོན་ཡོངས་ནས་དངོས་འབེབ་བྱེད་པར་ཁག་ཐེག་བྱེད་དགོས་པ”སོགས་ཕྱོགས་བཞིའི་ཐད་ནས་དེང་སྐབས་ཀྱི་གནས་བབ་དང་ལས་འགན་ལ་ཟུང་འབྲེལ་བྱས་པ་དང་། དངོས་ཡོད་དང་འབྲེལ་འདྲིས་ནན་མོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐད་ལ་ཁྱོན་ཡོངས་ཀྱི་མ་ལག་ལྡན་པ་དང་། གནད་ས་འབུར་དུ་ཐོན་པ། གཏིང་ཟབ་མོའི་སྒོ་ནས་འགྲེལ་བཤད་བཅས་བྱས། སྒྲོག་འགྲེལ་བྱེད་སའི་ཕྱི་རོལ་དུ་ཁ་བ་ལྷབ་ལྷུབ་དུ་འབབ་བཞིན་འདུག་ཀྱང་། སྒྲོག་འགྲེལ་བྱེད་ས་རུ་ཚ་ཚ་འུར་འུར་དུ་སྣང་། ཚོགས་འདུའི་སྟེང་དུ་སྒྲོག་འགྲེལ་ལ་ཉན་མཁན་གྱིས་མཚམས་ལན་རེར་བློ་སེམས་རྩེ་གཅིག་གིས་ཉན་བཞིན་ཡོད་པ་དང་།  མཚམས་ལན་རེར་ཟིན་བྲིས་འདེབས་བཞིན་འདུག མཚམས་མཚམས་སུ་ད་དུང་ཐལ་མོ་ཡང་རྡེབ། ཡར་ཞུའི་ཚོགས་འདུའི་རྗེས་སུ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་དུང་ཚང་མར་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ཡུལ་དངོས་སུ་འབྲེལ་ཡོད་གནད་དོན་ལ་ལན་བཏབ།

གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལས་ཁུངས་གི་ཏང་ཨུའི་ཆེད་འགན་ཁུར་བའི་ཧྲུའུ་ཅི་གཞོན་པ་ཀྲང་ཧའེ་ཅུན་གྱིས་ལྟོས་ན། གུང་གཞོན་ཚོགས་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། རང་འགུལ་གྱིས་དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་། སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་འགན་ཁུར་ཕྲག་ཏུ་བླངས་ནས། རང་དཔེ་གཞན་སྟོན་དང་། དཔེ་སྟོན་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྲོལ་རྒྱུན་གྱི་དྲིལ་སྒྲོག་བྱེད་ཐབས་དང་རྣམ་པ་གཙིགས་སུ་བཟུང་ཏེ། གུང་གཞོན་ཚོགས་པ་དང་ན་གཞོན་རྩ་འཛུགས་དང་སྐུལ་སློང་བྱས་ནས་རང་འགུལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དོན་དངོས་སྟེང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་གུང་གཞོན་ཚོགས་པའི་ལས་བྱེད་མི་སྣ་ཡོངས་ལ་དྲག་ཆས་སྤྲས་པ་དང་། རྒྱ་ཆེའི་གུང་གཞོན་ཚོགས་པ་ཡོངས་ལ་ཁྱབ་པར་བྱས་ལ། ན་གཞོན་ལོ་ཆུང་སྔར་ལས་མང་པོར་སྐུལ་སློང་བྱས་ཏེ། མཐུན་སྒྲིལ་སྒོས་རིགས་སོ་སོའི་ན་གཞོན་ལོ་ཆུང་རྣམས་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཡིད་ཆེས་པའི་རྣམ་པ་ཇེ་བརྟན་དུ་བཏང་ཟེར།

མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་བང་ཀྲའོ་ཉིན་གྱིས་བཤད་རྒྱུར། སྒྲོག་འགྲེལ་གྱིས་ང་ཚོས་ཁྱོན་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་ལམ་ཕྱོགས་དང་བྱེད་ཐབས་བཟང་པོ་འདོན་སྤྲོད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་སློབ་སྔོན་སློབ་གསོ་དང་། དམིགས་བསལ་སློབ་གསོ། མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོའི་འགན་སྲུང་རྐྱེན་སྲོལ་ཡོངས་ཁྱབ་དུ་གཏོང་བའི་ཁ་ཕྱོགས་གསལ་བོ་བཏོན་ཡོད་པ་དང་། དེས་སློབ་གསོ་བརྟན་འཇགས་སྒོས་ཡུན་རིང་བོར་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིངས་ཡོད། སློབ་གསོ་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། རང་གི་ལས་གནས་ལ་རྐང་བཙུགས་ཏེ། མུ་མཐུད་དུ་སློབ་གསོ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་ནས། མི་དམངས་ཡིད་ཚིམ་པའི་སློབ་གསོའི་ལས་དོན་བཟང་པོར་བསྒྲུབ་པའི་ཐད་ལ་ནུས་པ་འདོན་རྒྱུ་ཡིན་ཟེར།

བཱ་ཡན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཚའོ་ཁྲང་ཆིན་གྱིས་བལྟས་ན། སྒྲོག་འགྲེལ་མིའི་བློ་ཁ་དང་འཚམ་པས་ཚང་མས་དང་ལེན་བྱེད་ཐུབ་པ་དང་གོ་བ་ཟབ་མོ་ལེན་ཐུབ། ཞང་དང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ནན་ཏན་གྱིས་སློབ་སྦྱོང་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་མཁན་དང་ལག་ལེན་མཁན་བཟང་པོ་ཞིག་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཞང་དང་གྲོང་རྡལ་བྱ་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཞང་དང་གྲོང་རྡལ་ལས་བྱེད་པའི་ལས་བཟོ་པས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཚང་མ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲངས་རྒྱུ་ཡིན་ཟེར།

                                                                                                                                ལོ་ཙཱ། ཚེ་རིང་སྒྲོལ་མ།