མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དྲིལ་སྒྲོག་དང་དངོས་འབེབ་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན།
2020.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

བསྟུད་མར་ཉིན་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གཅིག་བསྡུས་ཀྱིས་དྲིལ་སྒྲོག་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། རིམ་པ་སོ་སོའི་སྒྲོག་འགྲེལ་ཁོངས་མི་རྩ་འཛུགས་བྱས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་རུ་ངོ་འཕྲད་པ་དང་། ཕན་ཚུན་སྐུལ་འདེད་ཀྱི་རྣམ་པར་བརྟེན་ནས་སྒྲོག་འགྲེལ་བྱ་བ་སྤེལ་བ་དང་། རྣམ་པ་དང་བྱེད་ཐབས་མང་པོར་བརྟེན་ནས་མང་ཚོགས་ཀྱིས་ཉན་སྤྲོ་བའི་སྒོ་ནས་ཁུལ་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་བསླངས།

རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་འབྲེལ་བ་དང་། དངོས་ཡོད་བྱ་བ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག དངོས་འབེབ་བྱེད་པ་དེ་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ་དང་། མང་ཚོགས་ཀྱིས་ཁས་ལེན་པ། མང་ཚོགས་ལ་སྣེ་ཁྲིད་བྱེད་མཁན་དུ་འགྱུར་བའི་གོ་རིམ་ཁྲོད། གནས་མཉམ་འབྲེལ་གྱི་ས་ཁུལ་དང་། ཁག་བགོས་དོ་དམ་སྡེ་ཁག་སོགས་སུ་གཏིང་ཟབ་སྒོས་སྤེལ་ཏེ་རྟོག་ཞིབ་སྒྲོག་འགྲེལ་ཐེངས་བརྒྱ་དང་ཉི་ཤུ་ལྷག་ལ་སྤེལ་ནས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དམ་འཛིན་བྱེད་པ་དང་། དྲིལ་སྒྲོག་བྱེད་པ། དངོས་འབེབ་བྱེད་པའི་རྣམ་པ་ཞིག་གྲུབ་འདུག ས་ཁུལ་སོ་སོས“རྒན་གསུམ་མི་སྣ”དང་། སློབ་གྲྭ་ཆེན་མོའི་སྡེ་དཔོན། གཞི་རིམ་ལས་བྱེད་པ། ཕྱུག་འགྱུར་སྣེ་ཁྲིད་མི་སྣས་གྲུབ་པའི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”དང་། “དར་དམར་སྒྲོག་འགྲེལ་ཡན་ལག་རུ་ཁག་ཆུང་བ” “དར་དམར་སྒྲོག་འགྲེལ་ཚོགས་པ”སོགས་མང་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས། སྡེ་བའི་འདུས་སྡོད་ཁུལ་དང་། སྡོད་ཁུལ་སོགས་སུ་གཞི་རྒྱ་ཅུང་ཆུང་བ་དང་། ཕན་ཚུན་སྐུལ་འདེད། གོ་བདེ་བའི་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་སྒྲོག་འགྲེལ་ཐེངས་ཉིས་བརྒྱ་ལྷག་ལ་སྤེལ་བ་དང་། ཉན་མཁན་མང་ཚོགས་འབུམ་གཅིག་དང་ཁྲི་ལྔ་ལ་སླེབས་ཏེ། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པའི་མདུན་ལྗོངས་ལེགས་པོར་མང་ཚོགས་གཅིག་འདུས་ཀྱིས་སྐུལ་མ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཡིད་ཆེས་བྱེད་པའི་ཚད་གཏིང་ཟབ་ཏུ་བཏང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་རྫོང་མི་རིགས་གླུ་གར་ཚོགས་པ་དང་། མང་ཚོགས་སྒྱུ་རྩལ་ཁང་སོགས་འཁྲབ་སྟོན་མི་སྣས་གྲུབ་པའི“རིག་རྩལ་དྲིལ་སྒྲོག་ཡན་ལག་རུ་ཁག་ཆུང་བ”དང་། “རིག་རྩལ་དྲིལ་སྒྲོག་འཁྲབ་སྟོན་རུ་ཁག”གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་འབྲེལ་བའི་རིག་རྩལ་ལེ་ཚན་གསར་སྐྲུན་དང་སྒྲིག་བཟོ་བྱས་པ་དང་། “རིག་གནས་དམངས་ཕན”དང་། “གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་དང་འབྲེལ་ཏེ། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་གྱི་རྣམ་པས་དྲིལ་སྒྲོག་སྒྲོག་འགྲེལ་ཐེངས་ཉི་ཤུ་ལྷག་ལ་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞང་དང་། གྲོང་བརྡལ། སྡེ་བ། འདུས་སྡོད་སྡོད་ཁུལ། སློབ་གྲྭ དམག་སྒར་སོགས་སུ་ཁྱབ་སྒྲོག་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱ་འགུལ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བྱས།

ས་ཁུལ་སོ་སོ་དང་། ལས་ཁུངས་སོ་སོས“པོད་འཕྲིན་དང་། སྐད་འཕྲིན། གསར་འགྱུར་མགྲོན་སྣེ”སོགས་སྨྱན་བྱད་གསར་བའི་སྟེགས་བུ་བཀོལ་སྤྱོད་གང་ལེགས་བྱས་ཏེ། དྲིལ་སྒྲོག་གི“བརྗོད་གཞི་ཆེན་པོ”དེ“གླེང་གཞི་ཆུང་བར”ཁག་དགར་ཏེ། གྲངས་ཀ་དང་། རི་མོའི་འགྲེལ་བརྗོད། འགུལ་རིས། H5 བརྙན་ཐུང་སོགས་ཀྱི་རྣམ་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐད་ཀྱི་གཞུང་ལུགས་རྩོམ་ཡིག་སྣ་མང་སྤེལ་བ་དང་། དགོངས་དོན་སྒྲོག་འགྲེལ་བྱས་པའི་རྩོམ་ཡིག་བརྒྱད་བརྒྱ་ལ་སླེབས་པ་དང་། དེས་ཁྱོན་ཡོངས་ནས་རིམ་པ་མང་པོའི་གླེང་ཕྱོགས་བསྐྲུན་ཏེ། སྒྲོག་འགྲེལ་གྱི་ཡིད་འགུག་ནུས་པ་ཇེ་དྲག་ཏུ་བཏང་བར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག དངོས་འབེབ་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

                                                                                                                         ལོ་ཙཱ། ཚེ་རིང་སྒྲོལ་མ།