ཉི་ཟླ་བོད་རིགས་ཞང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུར་ཁྲིད་སྟོན་བྱས།
2020.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

 བསྟུད་མར་ཉིན་ཁ་ཤས་ཀྱི་རིང་ལ་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཞང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི་”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཞང་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས“གོམ་སྟབས་གསུམ”གྱིས་རིམ་པ་བཞིན་སྐུལ་ཁྲིད་བྱེད་པའི་རྣམ་པ་སྤྱད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་ནས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

ཏང་ཨུའི་མགོ་ཁྲིད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱས། ཞང་ཏང་ཨུའི་མགོ་ཁྲིད་པའི་ཁོངས་མིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གཙོ་བོའི་ཁྲོད་དུ་བཞག་ནས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཏང་ཨུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ཚན་ཁག་གི་ཁོངས་མི་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་བརྗེ་རེས་བྱས་ཏེ་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་མོ་བྱས་ནས་ཞང་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ལ་སྣེ་ཁྲིད་ཡག་པོ་བྱས།

དེ་དང་ཆབས་ཅིག་ཏང་ཨུའི་ཁོངས་མིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་ཟུང་འབྲེལ་བྱས་ཏེ།《ཏང་གི་སྒྲིག་ཡིག》དང་། 《ཚད་གཞི》《སྲོལ་ཡིག》གི་ནང་དོན་ལ་གཞིགས་ནས་རང་ངོས་ཀྱི་མི་འདང་ས་འཚོལ་ཞིབ་བྱས་ཏེ་མི་སྒེར་གྱི་ངོས་ཟིན་ནུས་པ་མཐོ་རུ་བཏེགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རྗེས་ཕྱོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་རྨང་གཞི་བཟང་བོ་བཏིངས།

ལས་ཁུངས་རྩ་འཛུགས་བྱས་ནས་ཡང་བསྐྱར་སློབ་སྦྱོང་བྱས། ཞང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡིས་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་ཟུང་འབྲེལ་བྱས་ཏེ། ཏང་ཨུའི་ཧྲུའུ་ཅི་གཞོན་པས་ཚོགས་ཞུགས་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་སུ་ཟུག་ཅིང་ཕན་འབྲས་ཐོན་པར་བྱེད་དགོས་པའི་བླང་བྱ་བཏོན།

སྡེ་བའི་ཀྲུ་པུའུ་སོ་སོ་དང་མཉམ་དུ་སློབ་སྦྱོང་བྱས། ཞང་ཏང་ཨུ་ཡིས་ཞང་ཡོངས་ཀྱི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་”གི་མགོ་ཁྲིད་པ་དང་ཧྲུའུ་ཅི་དང་པོ། སྡེ་སྡོད་བྱ་བའི་རུ་མི་བཅས་རྩ་འཛུགས་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཅིག་བསྡུས་ཀྱིས་སྒྲོག་འགྲེལ་བྱེད་པའི་ཚོགས་འདུ་ཚོགས་པར་མ་ཟད་སྡེ་བ་སོ་སོའི་ཧྲུའུ་ཅི་དང་པོ་གཙོ་བོ་ཡིན་པའི་ཧྲུའུ་ཅི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་སྒྲོག་འགྲེལ་བྱ་བ་རྒྱ་ཁྱབ་ཏུ་བཏང་།

མིག་སྔའི་བར་སྒྲོག་འགྲེལ་བྱ་འགུལ་ཐེངས་བཅུ་དགུར་སྤེལ་བ་དང་མང་ཚོགས་ལྔ་བརྒྱ་དང་ཉེར་བཞི་ལྷག་ཚོགས་འདུར་ཞུགས་ཤིང་།  དེ་དང་མཉམ་དུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་དང་དྲིལ་སྒྲོག་གི་ཚ་རླབས་གསར་བ་ཞིག་འཕྱུར་བར་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བ་བྱས།

གཞན་ཡང་། ཞང་ཏང་ཨུ་ཡིས་སྡེ་བ་ཁག་གི་ཏང་ཀྲི་པུའུ་ཡི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ།  ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་བྱེད་པ་དང་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་དམངས་ཕྱུག་སྡེ་དར་གྱི་འཕེལ་རྒྱས་ཐབས་ལམ་འཚོལ་བ་གཉིས་ཟུང་འབྲེལ་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་ཉི་ཟླ་བོད་རིགས་ཞང་གི་རྗེས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པའི་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱས།

                                                   ལོ་ཙཱ་བ། གཡང་འབུམ་རྒྱལ།