མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་དྲུག་པ།
2020.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཚོགས་འགོ་རྩོམ་པ་དང་ཁེ་ལས་ཀྱིས་ལས་ཀ་གཉེར་འགོ་རྩོམ་པ། ཚོང་ཁང་གིས་ཚོང་རྒྱག་འགོ་རྩོམ་པ་སོགས་ཀྱི་དོན་དག་ཐད་ནས་གཤམ་གྱི་བརྡ་ཁྱབ་འདི་བཏང་བ་ཡིན།

གཅིག ཞིང་ཆེན་ནང་ཁུལ་གྱི་ཆེ་འབྲིང་དང་ཆེད་སྦྱོང་སློབ་གྲྭ་ཁག་གིས་གཅིག་གྱུར་སྒོས་རྒྱལ་ཁབ་ཀྱི་ཞིབ་ཕྲའི་གཏན་ཁེལ་ལྟར་དུ་སློབ་གྲྭ་ཚོགས་འགོ་བརྩམ་དགོས་ལ། ཆུང་འབྲིང་སློབ་གྲྭ་དང་འབྲིང་རིམ་ལས་རིགས་སློབ་གྲྭ། བྱིས་གཉོར་ཁང་། བུ་བཅོལ་ཁང་བཅས་ཀྱིས་རྩ་དོན་སྟེང་ནས་སྔོན་ཆད་ལྟར་དུ་ཟླ་གསུམ་པའི་ཚེས་གཅིག་ཉིན་སློབ་གྲྭ་ཚོགས་པར་གྲ་སྒྲིག་གང་ལེགས་བྱ་དགོས་པ་དང་། དགེ་བཟོ་པ་རྣམས་སྔོན་ལ་ལས་གནས་སུ་ཐོན་དགོས། སློབ་གྲྭ་ཚོགས་འགོ་རྩོམ་པའི་དུས་ཚོད་གསལ་པོ་ཞིང་ཆེན་སློབ་གསོ་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ཏེ་བརྡ་གཏང་ངེས་ལ། དྲ་ཐག་སློབ་ཁྲིད་ལ་ཡང་གྲ་སྒྲིག་བཟང་པ་བྱ་དགོས། སློབ་གྲྭ་མ་ཚོགས་སྔོན་ལ། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་དང་གསོ་སྦྱོང་ལས་ཁུངས་ཀྱིས་སློབ་ཁྲིད་ཁ་གསབ་བྱེད་པ་དང་དོགས་གཞིར་ལན་འདེབས་པ། ཟུར་ཁྲིད་བྱེད་པ་སོགས་འདུ་འཛོམས་རང་བཞིན་གྱི་སློབ་ཁྲིད་བྱ་འགུལ་ཅི་ཡང་སྤེལ་མི་ཆོག

གཉིས། ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་རྗེས་སུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་དང་འཛུགས་སྐྲུན་ལས་གཞི་ལས་འགོ་རྩོམ་པ་དང་བསྐྱར་ལས་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་རྩ་འཛུགས་བྱ་དགོས། ཁེ་ལས་ཐོན་སྐྱེད་ཀྱི་དགོས་མཁོ་དང་ཕྱི་ཡོང་ལས་ཀ་པ་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། ཁེ་ལས་ཀྱིས་རང་འགུལ་སྒོས་ལས་ཀ་ལས་འགོ་རྩོམ་པའི་རེ་འདུན་ཞུ་དགོས་ལ། ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཁག ཡང་ན་བཟོ་ལས་གླིང་ཁུལ་བཅས་འཐད་པ་བྱུང་རྗེས་གོ་རིམ་ལྡན་པར་ལས་འགོ་རྩོམ་དགོས། ཁེ་ལས་སོ་སོས་ངེས་པར་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ་དང་། རིམས་ནད་ཞིབ་བཤེར་དང་ལས་བཟོ་པའི་བདེ་ཐང་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་ནས། རིམས་ནད་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས།

གསུམ། ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་རྗེས་སུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཉོ་འཚོང་ཞབས་ཞུའི་ལས་རིགས་དང་སྒེར་གཉེར་ཚོང་ཁང་གིས་ཚོང་རྒྱག་འགོ་རྩོམ་པར་གོ་རིམ་ལྡན་པའི་སྒོ་ནས་རྩ་འཛུགས་བྱ་དགོས། ས་ཆ་སོ་སོའི་སྲིད་གཞུང་དང་ལས་རིགས་གཙོ་གཉེར་སྡེ་ཁག་གིས་ས་ཁུལ་གྱི་དོན་དངོས་གཞིར་བཟུང་ནས་ཚོང་རྒྱག་མགོ་རྩོམ་པའི་ཆ་རྐྱེན་གཏན་ཁེལ་བྱ་དགོས། ཕྱིར་མཚོ་སྔོན་དུ་ལོག་ནས་ཚོང་ལས་ཞབས་ཞུ་གཉེར་མཁན་ཚང་མས་ཁྱིམ་ནས་རང་འགུལ་སྒོས་ལོགས་སུ་འདུག་པ་དང་ཡང་ན་སྨན་བཅོས་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས་པ་དང་། ལོགས་སུ་འགར་མཚམས་མ་བཞག་པའི་སྔོན་ལ་ཚོང་གཉེར་མགོ་བརྩམ་མི་ཆོག

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན།