ཉེ་སྔོན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཞང་གི་ཞང་གཙོ་རྡོ་རྗེ་དགྲ་འདུལ་གྱིས་གངས་ཁྲོད་དུ་དཀའ་ཁག་ལ་འཕྲད་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། “སྐབས་དེར་དཀའ་ཁག་ཇི་འདྲ་ཆེ་རུང་རིམས་ནད་སྔོན་འགོག་བྱ་བའི་སྐོར་གྱི་དྲིལ་སྒྲོག་ལག་དེབ་ཡུལ་མི་མི་རེ་རེའི་ལག་དུ་འབྱོར་བར་བྱེད་དགོས་སྙམ་བྱུང་།”ཟེར།
ཆུ་དམར་ལེབ་རྫོང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་ཆགས་ཡོད་པ་དང་། གཙང་གསུམ་མགོ་ཁུངས་ཀྱི་ལྟེ་བའི་ཁུལ་དུ་གནས་པར་མ་ཟད་རྨ་ཆུའི་མགོ་ཁུངས་ཀྱི་བོད་རིགས་འདུས་སྡོད་ཁུལ་དུ་འབྲོག་ལས་རྐྱང་རྐྱང་གཉེར་བའི་རྫོང་དང་པོ་ཡང་རེད།
ཉེ་སྔོན་རྡོ་རྗེ་དགྲ་འདུལ་དང་ཁོའི་ལས་གྲོགས་གཉིས་ཀྱིས་རླངས་འཁོར་བསྐོར་ནས། ཆུ་དམར་ཞང་སྲིད་གཞུང་དང་བར་ཐག་སྤྱི་ལེ་180ཡོད་པའི་ཀླུ་ཁྲི་སྡེ་བར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་ལག་དེབ་བསྐྱལ་དུ་སོང་། ཉིན་དེའི་དགོང་མོའི་ཆུ་ཚོད་བདུན་པར་ཁོ་ཚོས་གངས་རི་ཞིག་བརྒྱུད་ནས་འགྲོ་སྐབས་སྟབས་མ་ལེགས་པར་ཁོ་ཚོའི་རླངས་འཁོར་དེ་ཁང་རྫུབས་ཀྱི་ཁྲོད་ལྷུང་པས་མུ་མཐུད་དུ་འགྲོ་ཐབས་མེད་པར་གྱུར། དེ་བས་ཁོ་ཚོ་མི་གསུམ་གྱིས་ད་ནི་རྐང་ཐང་དུ་ཁོ་ཚོ་དང་བར་ཐག་ཅུང་ཉེ་ཤོས་ཀྱི་རྡོ་ཤུལ་སྡེ་བར་ལོག་རྒྱུའི་སེམས་ཐག་བཅད་པ་དང་། དེ་ལྟར་ཆུ་ཚོད་བཞིའི་རིང་ལ་སྤྱི་ལེ་20ཡི་ལམ་དུ་རྐང་ཐང་གིས་བསྐྱོད།
“རླངས་འཁོར་རི་སྐེད་ཙམ་དུ་ཐོན་དུས་གློ་བུར་དུ་ཁངས་རྫུབས་ཀྱི་ནང་དུ་ལྷུང་ཞིང་ཁ་ལོ་འང་བསྒྱུར་ལ་ཉེ། སྐབས་དེར་ང་ཚོས་ཤེད་ཤུགས་བཏོན་ནས་ཕྱིར་འཐེན་པར་རླངས་འཁོར་དེ་མ་ཉིད་དུ་ཁ་ལོ་འགའ་འཁོར་སོང་།”ཞེས་ཆུ་དམར་ལེབ་རྫོང་ཆུ་དམར་ཞང་གི་ཏང་ཨུའི་ཧྲུའུ་ཅི་སུན་ཁྲའོ་ཁེ་ཡིས་གསར་འགོད་པར་དེ་ལྟར་ཕྱིར་དྲན་བྱེད་ཞོར་ཅུང་སྐྲག་སྣང་གི་རྣམ་པ་དང་བཅས་དེ་བཤད་བྱུང་།
ཆུ་དམར་ལེབ་རྫོང་ཆུ་དམར་ཞང་གི་ཏང་ཨུའི་ཧྲུའུ་ཅི་སུན་ཁྲའོ་ཁེ་ཡིས་མུ་མཐུད་དུ་བཤད་རྒྱུར། རི་མགོ་ན་ལག་ཁྱེར་ཁ་པར་ལ་བརྡ་རྟགས་མེད་པས། རོགས་སྐྱོབ་བྱེད་མཁན་ཞིག་བཙལ་རྒྱུ་ནི་ཧ་ཅང་དཀའ་ངལ་གྱི་གནས་སུ་ལྷུང་། རྐང་ཐང་དུ་འགྲོ་བའི་ལམ་བར་དུ་ང་ཚོ་མི་གསུམ་པོར་ཁ་བརྡ་སོགས་ཅི་ཡང་མེད་པར་ཁ་བའི་ཁྲོད་ནས་གོམ་པ་རེ་རེ་བཞིན་སྤོས་ཏེ་མདུན་དུ་བསྐྱོད། སོང་གིན་སོང་གིན་རྡོ་རྗེ་དགྲ་འདུལ་གྱི་རྐང་པ་སྦྲིད་དེ་ཚོར་བ་ཅི་ཡང་མེད་པར་གྱུར། ཡིན་ནཡང་སྐབས་དེར་ངའི་སེམས་སུ་ད་དུང་སྤྱི་ལེ་བརྒྱ་ཙམ་ལ་རྐང་ཐང་དུ་བགྲོད་དགོས་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཤེས་བྱའི་ལག་དེབ་དེ་ངེས་པར་དུ་ཡུལ་མི་རྣམས་ཀྱི་ལག་ལ་འཕྲོད་དུ་འཇུག་དགོས་སྙམ་བཞིན་བྲེལ་བ་ལངས་སོང་།
ཆུ་དམར་ཞང་ནི་ཁུ་ནུ་རི་འདབས་ཀྱི་བོད་བྱང་ཐང་གི་དབུས་སུ་གནས་པ་དང་། ཞང་དེ་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། མཚོ་བོད་གཞུང་ལམ་དང་འབྲེལ་བའི་རྒྱལ་ལམ109ཡི་ཉེ་འགྲམ་དུ་ཡོད་པས། འགྲོ་འོང་བྱེད་པའི་རླངས་འཁོར་མང་པོ་ཞིག་གནས་འདི་བརྒྱུད་དགོས་ཀྱི་ཡོད་པས་ང་ཚོའི་རིམས་ནད་སྔོན་འགོག་སྐོར་གྱི་དྲིལ་སྒྲོག་ལག་དེབ་དུས་ཐོག་ཏུ་སྐྱེལ་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་བ་ཞིག་ཡིན་ཞེས་རྡོ་རྗེ་དགྲ་འདུལ་གྱིས་བཤད།
འོན་ཀྱང་དྲིལ་སྒྲོག་ལག་དེབ་པར་འགྲེམས་བྱ་རྒྱུའི་སྐོར་ལ་ཁོ་ཚོས་བཀོད་སྒྲིག་ཞིབ་ཚགས་ཤིག་བྱས་མེད་དེ། སྔོན་གྱི་གཟའ་འཁོར་གཅིག་གི་ནང་དུ་རིམས་ནད་སྔོན་འགོག་བྱ་བ་མགོ་བརྩམས་མ་ཐག ཞང་སྲིད་གཞུང་གིས་ཉིན་ལྟར་སྐད་འཕྲིན་གྱི་ཚོགས་པ་བརྒྱུད་དེ་རིམས་ནད་གནས་ཚུལ་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་སོགས་སྡེ་བ་སོ་སོར་ངོ་སྤྲོད་བྱེད་བཞིན་ཡོད་པ་ལས་ནུས་ཚོད་ཀྱིས་མི་དམངས་མཉམ་དུ་ཚོགས་ནས་དྲིལ་སྒྲོག་མི་བྱེད་རྒྱུ་བྱས་ཡོད་ཅེས་སུན་ཁྲའོ་ཁའེ་ཡིས་བཤད།
ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཆུ་དམར་ཞང་དུ་ཉིན་ཤས་རིང་བསྟུད་མར་ཁངས་བབས་ནས་ཐག་རིང་ལུང་ཁུག་གི་སྡེ་བ་ཁ་ཤས་ལ་ཆ་འཕྲིན་ཤར་གཏོང་བྱེད་མ་ཐུབ། དེ་བས་ཞང་སྲིད་གཞུང་གི་ལས་བྱེད་པ་རྣམས་ཀྱིས་གྲོས་མོལ་བྱས་རྗེས་སུན་ཁྲའོ་ཁའེ་ཡིས་ཐབས་བཀོད་འདི་ལྟ་བུ་ཞིག་འཐེན་པ་སྟེ། བོད་ཡིག་གི་ལམ་ནས་རིམས་ནད་སྔོན་འགོག་དྲིལ་སྒྲོག་སྐོར་གྱི་དྲིལ་སྒྲོག་ལག་དེབ་སྟོང་གཅིག་བཟོས་ཏེ་སྡེ་བ་སོ་སོའི་ཏང་ཡོན་གྱི་དྲིལ་སྒྲོག་ཞབས་ཞུའི་ས་ཚིགས་སུ་སྐྱེལ་རྒྱུ་བྱས།
དེ་ལྟར་བྱས་ཚེ་ང་ཚོ་དངོས་སུ་ཁྱིམ་ཚང་རེ་རེའི་སྒོ་རྩར་འགྲོ་མི་དགོས་ལ་ལམ་འགྲོ་བ་རྣམས་ཀྱིས་རང་ཉིད་ཀྱིས་ལམ་ནས་འགྲོ་ཞོར་དུ་འཁྱེར་ཆོག་པས་དེ་ནི་སྟབས་བདེ་ལ་མི་མང་པོ་མཉམ་རུབ་བྱེད་ཚད་ཀྱང་རིམ་བཞིན་ཇེ་ཉུང་ལ་འགྲོ་བ་ཡིན། གང་ལྟར་བྱེད་ཐབས་ཅི་ཞིག་སྤྱད་ཀྱང་ང་ཚོའི་དམིགས་ཡུལ་ནི་ཡུལ་མི་རྣམས་ལ་ཚང་མ་དངངས་སྐྲག་མི་སྐྱེས་རྒྱུ་དང་སྒོར་འགྲོ་རྒྱུ་ཉུང་ཉུང་བྱོས་ཟེར་བ་དེ་ཡིན།
ཟླ་1ཚེས་26ཉིན་ནས་བཟུང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོ་དང་ཞང་སོ་སོས་དུས་གཅིག་ཏུ་རིམས་འགོག་བྱ་བ་སྤེལ་བ་དང་སུན་ཁྲའོ་ཁའེ་དང་ཁོའི་ལས་རོགས་རྣམས་ཀྱིས་ཀྱང་ཉི་མ་རེ་རེར་ཆུ་དམར་ཞང་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་རེད། མིག་སྔར་ཆུ་དམར་ཞང་དུ་ཝུའུ་ཧན་ནས་མཚོ་སྔོན་དུ་ཕྱིར་ལོག་པའི་སློབ་མ8ཡོད་པ་ཚང་མ་རང་ངོས་ནས་ལོགས་སུ་བཀར་ཏེ། ཉིན་རེ་བཞིན་ལུས་དྲོད་སོགས་ཀྱི་གནས་ཚུལ་སྐོར་དུས་ལྟར་ཡར་ཞུ་བྱེད་ཀྱི་ཡོད་པ་དང་། ད་བར་དུ་ཞང་དེ་ཡོངས་སུ་རིམས་ནད་འགོས་པའི་ནད་པ་གཅིག་ཀྱང་མེད།
ཡིན་ནའང་སུན་ཁྲའོ་ཁའེ་ལ་མཚོན་ན་ལྷོད་གཡེང་སྤུ་ཙམ་བྱེད་པའི་གོ་སྐབས་གཏན་ནས་མེད། ཞང་འཕྲོད་བསྟེན་ཁང་དུ་དུག་སེལ་གཤེར་ཁུ་དང་ཁ་ཐུམ་སོགས་རིམས་ནད་སྔོན་འགོག་གི་ཡོ་བྱད་ཧ་ཅང་དཀོན་པོ་ཡིན་པས་ཐེངས་གཅིག་རང་བཞིན་གྱི་ཁ་ཐུམ་ཡང་ཉིན་ཁ་ཤས་ལ་རྒྱག་དགོས་ཀྱི་ཡོད། ཆུ་དམར་ཞང་ལ་འགྲིམ་འགྲུལ་སོགས་སྟབས་ཤིན་ཏུ་མི་བདེ་པས་སྨན་བཅོས་སྒྲིག་ཆས་སོགས་ཀྱི་ཆ་རྐྱེན་ཐད་ནས་ཧ་ཅང་རྗེས་ལུས་ཡིན། དེ་བས་ང་ཚོས་རིམས་ནད་སྔོན་འགོག་བྱ་བ་སྔར་ལས་ལེག་པོར་བསྒྲུབ་དགོས་ཟེར།
དེ་ལྟར་ཚེས་གཉིས་ཉིན་གྱི་ནམ་གོང་གི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་། ཁོ་ཚོ་མི་གསུམ་པོ་ད་གཟོད་རྡོ་ཤུལ་སྡེ་བར་ཐོན། དེ་རུ་ཁོ་ཚོས་བླངས་པའི་པར་ཞིག་རྡོ་རྗེ་དགྲ་འདུལ་གྱི་བྱིས་པས་མཐོང་སྟེ། བྱིས་པས་ཁ་པར་ལས་ཨ་ཕ། མྱུར་དུ་ཕྱིར་ཤོག་ཟེར་བཞིན་ངུས་བྱུང་། ཡིན་ནའང་ད་ལྟ་ཕྱིར་ལོག་ཐབས་གཏན་ནས་མི་འདུག
སྡེ་བ་དེ་རུ་ཞག་མ་གཅིག་ལ་ངལ་གསོས་རྗེས་ཀྱི་ཕྱིར་ཉིན་རྡོ་རྗེ་དགྲ་འདུལ་གྱིས་ཡང་བསྐྱར་ད་ནི་ཇི་ལྟར་བྱས་ཏེ་ལྷག་ཡོད་པའི་དྲིལ་སྒྲོག་ལག་དེབ་800བོ་དེ་ཀླུ་ཁྲི་སྡེ་བར་གང་མགྱོགས་སྒོས་སྐྱེལ་རྒྱུའི་ཐད་ལ་བསམ་བློ་གཏོང་བཞིན་འདུག ནད་རིམས་མ་བཟློག་པར་ང་ཚོ་ནམ་ཡང་ཕྱིར་བཤོལ་བྱེད་མི་རུང་།
ལོ་ཙཱ་བ། གཡང་འབུམ་རྒྱལ།