ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱིས་རིམས་འགོག་བྱ་བར་ཤུགས་བསྣན།
2020.02.15 ཁུངས། མཚོ་ལྷོ་བོད་ཡིག་གསར་འགྱུར། ཀློག་གྲངས། 44

ཀོས་ནན་རྫོང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་ནས་བཟུང་། སུམ་མདོ་གྲོང་རྡལ་གྱིས་མགྱོགས་མྱུར་ངང་གྲོང་རྡལ་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་། སྡེ་བ་ཁག སྡོད་ཁུལ་བཅས་ཀྱི་ཏང་ཀྲི་པུའུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ།

གཅིག ཀྲི་པུའུ་ཡི་རིམས་འགོག་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། གྲོང་རྡལ་ཡོངས་ཀྱི་སྡེ་བ16དང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་འཁྱོངས་བྱས་པ་དང་།རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་ཨུའི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱས་པ།གཞི་རིམ་ཏང་རྩ་འཛུགས་ཀྱི་རིམས་ནད་སྔོན་འགོག་ནུས་པ་དང་ཏང་ཡོན་གྱི་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།གཞི་རིམ་གྱི་ཏང་ཀྲི་པུའུ་ཁག་གིས་དུས་ཐོག་ཏུ་དང་ལེན་དང་སྒྲིག་འཛུགས་བཅས་བྱས་ཏེ་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀག་སྡོམ་བྱ་བའི་ནུས་ཤུགས་བཏོན་ཡོད་པ་རེད།

གཉིས། ཏང་ཡོན་གྱི་གདོང་ལེན་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞི་རིམ་འཐབ་ཕྱོགས་དང་པོའི་ཀྲི་པུའུ་ཁག་གི་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་ཅན་གྱིས་རང་འགུལ་ངང་འགན་འཁྲི་ཁུར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་བློ་སྟོབས་ཆེན་པོས་འབད་འཐབ་དང་། ཏང་ནང་དུ་ཞུགས་པའི་དམ་ཚིག་བསྐྱར་དྲན། ཏང་གཤིས་སྦྱོང་བརྡར། སྣེ་ཁྲིད་ཁས་ལེན་གྱིས་མིག་དཔེ་སྟོན་པ། “ཏང་ཡོན་གཅིག་དང་དར་ཆ་གཅིག”གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གང་ལེགས་བཅས་བྱས་ཏེ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་མིག་དཔེ་བཟང་པོ་བསྟན་པས།ཏང་ཡོན་གྱི་གདོང་ལེན་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་ཕྱིན་ཡོད།

གསུམ།  མཉམ་འགོག་མཉམ་བཅོས་ཀྱི་གྲུབ་ཚུལ་སྔར་བས་སྲ་བརྟན་དུ་གྱུར། རིམས་ནད་སྔོན་འགོག་ལས་དོན་ཁྲོད་མང་ཚོགས་ཀྱིས་རང་འགུལ་ངང་སྡེ་བའི་ཁོར་ཡུག་བཅོས་སྒྲིག་དང་།དངུལ་དང་དངོས་ཟོག་ཞལ་འདེབས་ཕུལ་བ།ཆུ་བོའི་ཡན་ལག་རུ་ཆུང་སྒྲིག་འཛུགས་བྱས་ཏེ་ཆུ་ལམ་གྱི་འབག་བཙོག་ལ་དག་སེལ་ནན་མོ་བྱས་པ་རེད། རྩྭ་ཐང་དོ་དམ་སྲུང་སྐྱོང་བ་དང་ནགས་ལས་དོ་དམ་སྲུང་སྐྱོང་བ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་ཚང་མས་སྐུལ་སློང་བྱས་ཏེ་དྲིལ་སྒྲོག་རུ་ཁག་དང་ཞིབ་བཤེར་རུ་ཁགདུག་སེལ་རུ་ཁག་བཅས་བཙུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག་དང་།འཚོ་བའི་ཐད་མཁོ་བའི་དངོས་ཟོག་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ནུས་ཤུགས་བཏོན་ཡོད་པ་རེད།

                                                                                 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།