མཚོ་ཤར་གྲོང་ཁྱེར་རིག་གནས་གནས་སྐོར་ལས་རིགས་ཀྱིས་བྱེད་ཐབས་མང་པོར་བརྟེན་ནས་དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་།
2020.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་།  མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གིས་དབུལ་སྐྱོར་མཁྲེགས་གཏོར་གྱི་སྤྱིའི་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབ་བྱ་ཆེད། མཚོ་ཤར་གྲོང་ཁྱེར་རིག་གནས་གནས་སྐོར་སྡེ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་བཏོན་པའི་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་ཞན་ཆ་ཁ་གསབ་བྱེད་པར་བཏོན་པའི་གནད་དོན་གལ་ཆེན་གཉིས་ཡོངས་འགྲུབ་བྱས་པ་དང་། གྲོང་ཁྱེར་རིག་གནས་ལུས་རྩལ་གནས་སྐོར་ཅུའུ་ཡིས་དོན་དངོས་ཀྱི་བྱེད་ཐབས་མང་པོ་དང་ཟུང་འབྲེལ་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་ཁག་ཐེག་བྱས།

རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཞན་ཆ་ཁ་གསབ་བྱས་ནས་དབུལ་སྐྱོར“འགན་སྲུང་”ཇེ་བརྟན་དུ་བཏང་། མུ་མཐུད་དུ་དབུལ་ཕོངས་སྡེ་བའི་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་ཀྱི་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ལུས་རྩལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ཧུར་ཐག་གིས་ལག་བསྟར་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་དབུལ་སྐྱོར་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱེད་པ། སྤྱི་བའི་རིག་གནས་བརྡ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་བཟོ་སྐྲུན་དང་། རིག་གནས“སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི”ལས་གཞི་སོགས་ཤུགས་ཆེན་པོས་ལག་བསྟར་བྱས།

ཐོན་ལས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་བཏང་ནས། དབུལ་སྐྱོར་གྱི“སྒུལ་ཤུགས”ཁ་སྣོན་བྱས། མཚོ་སྔོན་གྱི་ཚེམ་དྲུབ་དབུལ་སྐྱོར་ཐོན་ལས་ར་བའི་ལས་གཞི་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་མཚོ་སྔོན་གྱི་ཚེམ་དྲུབ་ཐོན་ལས་དེ“མཛུབ་རྩེའི་ལག་རྩལ”ནས“མཛུབ་རྩེའི་དཔལ་འབྱོར”ཕྱོགས་སུ་བསྒྱུར་བ་དང་། ཞིང་སྡེའི་གནས་སྐོར་གྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་སྡེའི་གནས་སྐོར་དབུལ་སྐྱོར་སྡེ་བའི་ལས་གཞིའི་འདེགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ཞིང་། ཞིང་ཆེན་རིམ་པའི་རིག་གནས་གནས་སྐོར་ཐོན་ལས་ཀྱི་མ་དངུལ་བརྩོན་ལེན་བྱས་ནས་ཆ་རྐྱེན་དང་འཚམ་པའི་ཞིང་སྡེའི་གནས་སྐོར་དབུལ་སྐྱོར་ལས་གཞིའི་མ་དངུལ་བརྩོན་ལེན་ཏེ། ལོ་འདིའི་ནང་གནས་སྐོར་སྤྱོད་ཁང་ང་གཉིས་ལས་པར་བརྩོན་ལེན་བྱེད་རྒྱུ་རེད། རིག་གནས་ལུས་རྩལ་བྱ་འགུལ་སྤེལ་ཏེ། དབུལ་ཐར་གྱི“ཡིད་ཆེས”ཇེ་དྲག་ཏུ་བཏང་། རྨ་ཙོང་རིག་གནས་སྒྱུ་རྩལ་དུས་ཆེན་དང་། རྨ་ཆུའི་རྒྱུད་ཀྱི་རྒྱང་རྒྱུགས་འགྲན་སྡུར་སོགས་སྤེལ་ཏེ། རིག་གནས་ཀྱིས་གནས་སྐོར་དར་སྤེལ་བྱེད་པ་དང་། གནས་སྐོར་གྱིས་འཛད་སྤྱོད་ལ་སྐུལ་འདེ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་རྗེས་ཀྱི་རིག་གནས་གནས་སྐོར་ལས་རིགས་དར་སྤེལ་གཏོང་བའི་ཡིད་ཆེས་ཇེ་མཐོར་བཏང་སྟེ། མཚོ་ཤར་གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་གནས་སྐོར་ལས་རིགས་ཇེ་མགྱོགས་སུ་བཏང་།

དྲིལ་སྒྲོག་ཚོང་གཉེར་གྱི་ཤུགས་ཇེ་ཆེར་བཏང་སྟེ། དབུལ་སྐྱོར“མྱུར་ཚད”ཇེ་མགྱོགས་སུ་བཏང་། མུ་མཐུད་དུ་ཟི་ལིང་མེ་འཁོར་འབབ་ཚིགས་དང་། ཚའོ་ཅཱ་པའོ་གནམ་གྲུ་ཐང་དུ“ཚོན་རྫས་ཀྱི་ཕ་ཡུལ་དང་། ཐུག་རིང་གི་ཕ་ཡུལ། ཚེམ་དྲུབ་ཀྱི་ཕ་ས། ཡིད་དུ་འོང་བའི་མཚོ་ཤར”སོགས་བརྗོད་བྱ་ཡིན་པའི་རིག་གནས་གནས་སྐོར་དྲིལ་སྒྲོག་བརྡ་ཁྱབ་དང་། མཚོ་ཤར་རིག་གནས་གནས་སྐོར་དྲིལ་སྒྲོག་བྱང་བུ། ཕྱི་ཕྱོགས་སུ་དྲིལ་སྒྲོག་མཚམས་སྦྱོར་བྱེད་པ། གནས་སྐོར་ས་ཁྲ། གནས་སྐོར་ཞབས་ཞུའི་ཕྱོགས་སྟོན་སོགས་རིག་གནས་གནས་སྐོར་དྲིལ་སྒྲོག་བཀོལ་ཆས། བློ་གྲོས་ལྡན་པའི་རིག་གནས་གནས་སྐོར་གྱི་གཞི་གྲངས་ཆེན་མོའི་སྟེགས་བུ་བརྒྱུད་དེ། “ལག་ཁྱེར་ཁ་པར་གཅིག་གིས་མཚོ་ཤར་ལ་གནས་སྐོར”བྱེད་ཐུབ་པའི་དྲིལ་སྒྲོག་ལ་བརྟེན་ནས་མཚོ་ཤར་གྲོང་ཁྱེར་གྱི་རིག་གནས་གནས་སྐོར་ཐོན་ཁུངས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ནས། གནས་སྐོར་བ་ཚུར་བཀུག་པ་དང་། དེ་ལས་ཞིང་སྡེའི་གནས་སྐོར་གྱི་དབུལ་སྐྱོར་ལས་གཞིའི་ཡོང་སྒོ་འཕར་བར་སྐུལ་འདེད་བྱས།

རོགས་སྐྱོར་བྱ་བ་དམ་འཛིན་གྱིས་སྤེལ་ཏེ། དབུལ་སྐྱོར“འདེགས་སྐྱོར”ཇེ་བརྟན་དུ་བཏང་། སྔར་ལས་ལྷག་པའི་སྒོ་ནས་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་བྱ་བའི་འགན་འཁྲི་ནན་ཏན་བྱས་པ་དང་། ཅུའུ་ལས་ཁུངས་ཀྱི་ལས་བྱེད་པའི“གཉེན་འབྲེལ་ཆ་སྒྲིག”གི་རོགས་སྐྱོར་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། དབུལ་སྐྱོར་སྡེ་བས་སྡེ་བའི་རིག་རྩལ་རུ་ཁག་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། “མཐུན་ཚོགས་དང་། ཀུང་ཟི། དབུལ་ཕོངས་ཁྱིམ་ཚང་”སོགས་བརྒྱུད་དེ། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་གསོ་སྐྱོང་བྱས་པ་དང་། རིག་གནས་ལུས་རྩལ་བྱ་འགུལ་ཧུར་ཐག་གིས་སྤེལ་ཏེ། ལོ་འདིའི་ནང་དབུལ་སྐྱོར་འཚམས་འདྲིའི་འཁྲབ་སྟོན་བྱ་འགུལ་ཐེངས་བརྒྱད་ལ་སྤེལ།

ཁ་གཏད་མཐུན་སྦྱོར་བྱ་བ་ཤུགས་དྲག་གིས་སྤེལ་ནས་དབུལ་ཐར“ལམ་བུ”རྒྱ་བསྐྱེད། རིག་གནས་གནས་སྐོར་གྱིས་ཐོན་ལས་ཐོན་ཁུངས་དང་བྱ་བའི་ཤུགས་ཚད་ལ་རོགས་སྐྱོར་བྱེད་པར་ཁྲིད་སྟོན་བྱེད་པ་དེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་ཕྱོགས་སུ་བསྲིངས་བ་དང་། རིག་གནས་གནས་སྐོར་གྱི་རོགས་སྐྱོར་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ནས། མ་དངུལ་དེ་དབུལ་ཕོངས་སྡེ་བའི་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཕྱོགས་སུ་བཀོལ། མཚོ་ཤར་གནས་སྐོར་མཚམས་སྦྱོར་ལྟེ་གནས་ཀྱི་དྲིལ་སྒྲོག་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་ཤར་གྲོང་ཁྱེར་རིག་གནས་གནས་སྐོར་ལས་རིགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཤིང་།  མཉམ་འབྲེལ་རོགས་སྐྱོར་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགོ་ཁྲིད་ཁོངས་མི་དང་ཕྱུག་བསྒྱུར་སྣེ་ཁྲིད་པ་རྩ་འཛུགས་བྱས་ནས་བུའུ་ཡུས་གྲོང་ཁྱེར་དུ་ལྟ་ཞིབ་སློབ་སྦྱོང་བྱེད་པར་སོང་ནས་བསམ་ཕྱོགས་རྒྱ་བསྐྱེད།

                                                                                                                      ལོ་ཙཱ། ཚེ་རིང་སྒྲོལ་མ།