རང་ཞིང་གིས་ནག་འཇོམས་ངན་སེལ་གྱི“གཙང་སེལ་དྲུག” གི་འགུལ་སྐྱོད་ལ་ནན་ཏན་གྱིས་སྐུལ་འདེད་བྱས་པ།
2020.07.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

ཉེ་ལམ། ཞིང་ཆེན་སྤྱི་བདེ་ཐིན་གྱིས“རྩ་བ་ནས་གཙང་སེལ་བྱེད་པ། གཙང་སེལ་མཐའ་འཁྱོལ་བྱེད་པ། གཙང་སེལ་དག་པོ་བྱེད་པ”ཡི་སྤྱིའི་བླང་བྱ་ལྟར། “གཙང་སེལ་དྲུག”གི་འགུལ་སྐྱོད་ལ་ཡར་སྐུལ་བྱེད་པའི་བྱ་བ་དང་ནག་འཇོམས་ངན་སེལ་གྱི“ལས་རིགས་ཁུངས་གཙང”བྱེད་པའི་གཅིག་གྱུར་གཙང་བཤེར་འགུལ་སྐྱོད་རྩ་འཛུགས་བྱས་པ་དང་དེའི་ཐད་ལ་གྲུབ་འབྲས་མངོན་གསལ་བླངས།

ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་སྤྱི་བདེ་ཐིན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། སྔར་ལས་ལས་བགོས་འགན་འཁྲི་གསལ་པོ་དང་འགན་འཁྲི་དངོས་འབེབས་ཇེ་དྲག་ཏུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་གང་ལེགས་བྱེད་པ་བཅས་ཀྱིས། ལས་རིགས་སོ་སོའི་ཁྱབ་ཁོངས་སུ་ཁྱོན་ཡོངས་དང་ཞིབ་ཚགས་སྒོས་གནད་དོན་དང་གནོད་རྐྱེན་འཚོལ་ཞིབ་བྱས་ཤིང་། ཉིན་རྒྱུན་གྱི་བདེ་སྲུང་དོ་དམ་བྱེད་སྟངས་ཚགས་ཇེ་དམ་དུ་བཏང་།

ཟླ7པའི་ཚེས3ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཅིག་གྱུར་འགུལ་སྐྱོད་ཁྲོད། བསྡོམས་པས་ཉེན་རྟོག་པ་སྟོང་བརྒྱད་དང་སུམ་བརྒྱ་དོན་བརྒྱད་ཀྱི་སྟོབས་ཤུགས་བཀོལ་ཏེ་རིགས་སོ་སོའི་ཚོང་ར་དང་སྡེ་ཁག་གཙོ་བོ་སྟོང་དགུ་དང་དྲུག་བརྒྱ་དོན་གཉིས་ལ་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད་གནད་དོན་ཡོད་པའི་ཚོང་ཁང་སྟོང་གཅིག་དང་བཞི་བརྒྱ་གྱ་དགུ་ལ་ཉེས་ཆད་བཅད། དེའི་ཁྲོད་དུ་ཚོང་ཁང་རེ་བཞི་ཡིས་ཚོང་གཉེར་བྱེད་མཚམས་བཞག་སྟེ་དག་ཐེར་ལེགས་བཅོས་བྱས་པ་དང་། ཚོང་ཁང་ལྔ་བརྒྱ་དོན་བརྒྱད་ལ་དུས་བཅད་ལྟར་དག་ཐེར་བྱེད་དུ་བཅུག་ལ། ཡུལ་དངོས་ནས་ཚོང་ཁང་བཞི་བརྒྱ་དང་རེ་གཅིག་དག་ཐེར་བྱེད་དུ་བཅུག་པ་དང་། ཚོང་ཁང་སུམ་བརྒྱ་དང་གསུམ་ལ་ངག་ཐོག་ནས་ཐ་ཚིག་བསྒྲགས་ཤིང་། ཚོང་ཁང་གྱ་གསུམ་ལ་དངུལ་ཆད་བཅད། བྲོས་བྱོལ་བྱས་པའི་མི་བཞི་འཛིན་བཟུང་བྱས་པ་དང་། ཤོ་དང་འབྲེལ་བའི་བདེ་སྲུང་གྱོད་དོན་བཅུ་དགུ་བསྒྲུབས་པ་དང་མི་དགུ་བཅུ་ལ་ཉེས་ཆད་བཅད་ཅིང་། ཤོ་དངུལ་སྒོར་མོ་ཁྲི་གསུམ་ལྷག་རྩིས་ལེན་བྱས། ཤོ་དང་འབྲེལ་བའི་ཉེས་དོན་གྱོད་གཞི་གཅིག་བསྒྲུབས་ཤིང་། དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས། འཆལ་འབྲེལ་བདེ་སྲུང་གྱོད་གཞི་དྲུག་བསྒྲུབས་པ་དང་མི་བཅུ་གཉིས་ལ་ཉེས་ཆད་བཅད། ཐམ་ག་རྫུན་བཟོ་དང་བསྒྱུར་བཟོ་བྱས་པའི་ཉེས་དོན་གྱོད་གཞི་གཅིག་བསྒྲུབས་པ་དང་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས། གད་སྙིགས་དངོས་རྫས་ཉོ་སྒྲུབ་ས་ཚིགས་སུ་བརྐུས་རྫས་མེད་པར་བཟོ་བའི་ཉེས་དོན་གྱོད་གཞི་གཅིག་བསྒྲུབས་པ་དང་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་ལ། གྱོད་གཞི་དང་འབྲེལ་བའི་སྒོར་མོ་འབུམ་གཅིག་ལྷག་ཡོད།

ཟླ7པའི་ཚེས16ཉིན། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དགུ་བ་ཟི་ལིང་དུ་བསྡུས་པ་དང་། གྲོས་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི“གཙང་སེལ་དྲུག”འགུལ་སྐྱོད་ཀྱི་འཕེལ་རིམ་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། “གཙང་སེལ་དྲུག”འགུལ་སྐྱོད་ཀྱི་ཉམས་མྱོང་དང་བྱེད་ཐབས་སྤྱི་སྡོམ་དང་བསམ་བློ་བརྗེ་རེས་བྱས་ཤིང་། ལོ་སྨད་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་ཏེ། “གཙང་སེལ་དྲུག”གི་འགུལ་སྐྱོད་དང་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དམིགས་དག་ཐེར་ལེགས་བཅོས་འགུལ་སྐྱོད་གཏིང་ཟབ་ཏུ་གཏོང་བར་ཡང་དང་བསྐྱར་དུ་སྐུལ་སློང་དང་བཀོད་སྒྲིག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་དགོས་ན། ཁྱོན་ཡོངས་ནས་ཚང་བཤེར་ཆད་གསབ་དང་། རྒྱུན་ཆད་མེད་པར་སྲ་བརྟན་དང་ཇེ་མཐོར་བཏང་ནས། “གཙང་སེལ་དྲུག”འགུལ་སྐྱོད་ཀྱི་དམིགས་འབེན་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ཡོངས་སུ་འགྲུབ་པར་ཁག་ཐེག་བྱེད་དགོས། ལས་རིགས་ཁྱབ་ཁོངས་གཙོ་བོ་བཅུ་གཅིག་གི་གནད་དོན་འབུར་ཐོན་ལ་ཁ་གཏད་དེ་ཆེད་དམིགས་དག་ཐེར་ལེགས་བཅོས་བྱེད་པ་དང་། ལས་རིགས་ཁྱབ་ཁོངས་ཁྲོད་ཀྱི་གནད་དོན་གཙོ་བོར་ཁ་གཏོད་ཐུབ་པར་བྱས་ཏེ། སྤྱི་ཚོགས་ཁོར་ཡུག་སྔར་བས་ཇེ་གཙང་དང་དཔལ་འབྱོར་སྔར་བས་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་འགན་སྲུང་བྱས།

གྲོས་ཚོགས་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འཕེལ་རིམ་གཉིས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། དམིགས་བསལ་གྱི་ཐབས་ཇུས་འདོན་པ་དང་། དམིགས་བསལ་གྱི་སྟོབས་ཤུགས་འབུལ་བ། དམིགས་བསལ་གྱི་བྱེད་ཐབས་བཏོན་ནས་ནག་འཇོམས་ངན་སེལ་གྱི་མཇུག་བསྡུ་པའི་དམག་འཐབ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། གྲུབ་འབྲས་ཞིབ་ཐོ་དྲུག་པོར་ཁ་གཏོད་པ་དང་། “ཁུངས་སྣེའི་མཛོད་ཁང་གཙང་བཤེར”དང“བྲོས་པའི་ཉེ་མི་གཙང་སེལ།”“གྱོད་དོན་གཙང་སྒྲུབ།”“སྲུང་གདུགས་འབྲེལ་ལམ་གཙང་སེལ།”“ལྐོག་ནོར་གཙང་དག”“ལས་རིགས་འབྱུང་ཁུངས་གཙང་གཅོད”བཅས་བྱས་ཏེ། “གཙང་སེལ་དྲུག”གི་འགུལ་སྐྱོད་མཁྲེགས་གཏོར་གྱི་དམག་འཐབ་བཟང་པོར་རྒྱག་དགོས། དམིགས་འབེན་དང་འགན་འཁྲི་དོན་འཁྱོལ་བྱེད་པར་དམིགས་ནས་སྔར་བས་ཁ་གཏད་རང་བཞིན་དང་སྔར་བས་གོ་ཆོད་རང་བཞིན་གྱི་བྱེད་ཐབས་སྤྱད་ནས། གནོན་ཤུགས་བརྒྱུད་ཁྲིད་བྱེད་པ་དང་འགོག་ཤུགས་སེལ་བ། སྒུལ་ཤུགས་སློང་བ། དམངས་ཤུགས་གཅིག་བསྡུས་བཅས་ཀྱིས། ཆེད་དམིགས་འཐབ་རྩོད་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཤུགས་ཡོད་རྒུས་འགན་སྲུང་བྱས།

ཟླ7པའི་ཚེས16ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དགུ་བའི་ཐོག་ཤེས་གསལ་ལྟར་ན། ད་ལོའི་ཟླ4པར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ནག་འཇོམས་ངན་སེལ་གྱི“གཙང་སེལ་དྲུག”གི་བྱ་འགུལ་བཀོད་སྒྲིག་བྱས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་དང་། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི“གཙང་སེལ་དྲུག”གི་བྱ་འགུལ་སྐུལ་སློང་དང་བཀོད་སྒྲིག་གྲོས་ཚོགས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། དམིགས་འབེན་དམ་འཛིན་དང་གཙོ་གནད་འབུར་ཐོན། མུ་མཐུད་དུ་ཤུགས་འདོན་པ་བཅས་ཀྱིས“གཙང་སེལ་དྲུག”གི་འགུལ་སྐྱོད་མཁྲེགས་གཏོར་དམག་འཐབ་ལ་སྐུལ་འདེད་བྱེད་ཅི་ཐུབ་བྱས་པ་དང་། མྱུར་མོར་འགུལ་སྐྱོད་བསླངས་ནས། ཆེད་དམིགས་འཐབ་རྩོད་ཀྱི་འཕེལ་ཚད་གསར་པ་ཞིག་ཏུ་སླེབས་པར་མུ་མཐུད་དུ་སྐུལ་འདེད་བྱས། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་ནག་འཇོམས་ངན་སེལ་དང་འབྲེལ་བའི་ཁྲིམས་འགལ་ཉེས་དོན་ཚོགས་པ་བརྒྱ་དང་ཉེར་གསུམ་མྱུལ་ཞིབ་རྩད་གཅོད་བྱས་པ་དང་། ཉེས་དོན་གྱོད་གཞི་སྟོང་གཅིག་དང་ཉིས་བརྒྱ་རེ་གསུམ་རྩད་ཆོད། གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་དགུ་བཀག་འཇོག་བྱས་པ་དང་། གྱོད་གཞི་བརྒྱ་དང་ཞེ་བཞི་དང་མི་སྟོང་གཅིག་དང་སོ་བཞི་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱས་ཤིང་། གྱོད་གཞི་གོ་བརྒྱད་དང་མི་དྲུག་བརྒྱ་ང་ལྔ་ཉེས་དོན་ཁྲིམས་ཆད་བཅད་པ་ཁྱབ་སྒྲོག་བྱས།

རང་ཞིང་གིས་བཅོས་སྐྱོང་མཉམ་འཛིན་རྒྱུན་འཁྱོངས་བྱས་ནས“ལས་རིགས་ཁུངས་གཙང”ལ་ཤུགས་ཡོད་རྒུས་སྐུལ་འདེད་བྱས་པ་དང་། ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་དང་རྩ་ལག་མཉམ་བཅོས་བྱེད་པའི་སྤྱིའི་བླང་བྱ་ལྟར། སྤྱི་ཚོགས་བདེ་སྲུང་དང་གྲོང་གསེབ་བཅོས་སྐྱོང་། དངུལ་རྩའི་དངུལ་བུན། བཟོ་འགོད་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་རའི་འཁོར་རྒྱུག རང་བྱུང་ཁོར་སྲུང་། ཆ་འཕྲིན་དྲ་བ། རིག་གནས་ཡུལ་སྐོར། སློབ་གསོ་འཕྲོད་བསྟེན། དགོན་པའི་དོ་དམ་སོགས་ལས་རིགས་ཁྱབ་ཁོངས་ཆེན་པོ་བཅུ་གཅིག་གི་འབུར་ཐོན་གནད་དོན་ལ་དམིགས་ནས་ཆེད་དོན་དག་ཐེར་ལེགས་བཅོས་བྱས་པས། ངན་ནག་སྟོབས་ཤུགས་འབྱུང་བའི་བར་སྟོང་ཇེ་ཆུང་དུ་བཏང་ནས། སྤྱི་ཚོགས་ཀྱི་ཁོར་ཡུག་ནུས་ལྡན་སྒོས་གཙང་དག་བྱས་པ་དང་། སྤྱི་ཚོགས་སྟེང་གི་རྙོག་འཛིང་སྣང་ཚུལ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་པས། སྤྱི་ཚོགས་བདེ་སྲུང་གི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་གཅོད་བྱས་ཤིང་། མང་ཚོགས་ཀྱི་བདེ་སྣང་དང་ཡིད་ཚིམ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།