སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་སྔོན་གྱི་བོད་འབྲེལ་ལས་དོན་གྱི་གནས་བབ་གསར་བ་མུ་མཐུད་དུ་གསར་གཏོད་བྱེད།
2020.09.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་དགའ་བསུ་ཆེན་པོ་ཐོབ།

བསྟུད་མར་ཉིན་འགའི་རིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་དགའ་བསུ་ཆེན་པོ་ཐོབ།  ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཏང་བཅོས་སྐྱོང་དང་དོ་དམ་ནན་མོ་བྱེད་པ་གཏིང་ཟབ་ཏུ་འགྲོ་བ་དང་བདེན་པ་བདེན་ཐུབ་ཡོང་བར་སྐུལ་འདེད་བྱེད་པ་སོགས་ཀྱི་ཐད་ནས་ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བོད་ལྗོངས་བྱ་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས་སྲིད་ཇུས།  ཐབས་ཇུས་བྱེད་ཐབས་བཅས་བཀོད་སྒྲིག་བྱས་ཤིང་། དེ་ལ་སྲིད་ཇུས་རང་བཞིན་དང་བསམ་བློ་རང་བཞིན། གཞུང་ལུགས་རང་བཞིན་ཆེན་པོ་ལྡན་ལ། མར་ཁེ་སི་རིང་ལུགས་བདེན་དོན་གྱི་འོད་ཟེར་རབ་ཏུ་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་དགོས་ལ། དོན་ངོ་མའི་ཐོག་ནས་བསམ་བློ་དང་བྱ་སྦྱོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱེད་པ།  དམངས་སེམས་གཅིག་མཐུན་དང་དཀའ་ངལ་མཉམ་སེལ་སྒོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱེད་པར་ནུས་ཤུགས་འདོན་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ནི་རྒྱལ་ཡོངས་གཅིག་གྱུར་གྱི་རྩ་བ་དང་མི་རིགས་མཐུན་སྒྲིལ་གྱི་གཞི་མ།   བསམ་བློའི་སྟོབས་ཤུགས་ཀྱི་སྲོག་རྩ་བཅས་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པ་ཤེས་དགོས་ལ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས།  ང་ཚོས་ཕྱིན་ཆད་བོད་འབྲེལ་ལས་དོན་ལེགས་པོར་བསྒྲུབ་པར་ཁ་ཕྱོགས་གསལ་བོར་བསྟན་པར་མ་ཟད།  རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས།” མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཀྲི་མེན་གྱིས་བཤད་རྒྱུར། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག།  ཏང་ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ལེན་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་སོ་སོ་སེ་འབྲུ་བཞིན་དམ་པོར་སྦྲེལ་བར་སྐུལ་འདེད་བྱེད་པ། ཀྲུང་ཧྭ་མི་རིགས་བློ་གཤོག་ཆེ་ཞིང་གོང་བུར་འགྲིལ་ཤུགས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་བསྐྱོད་པར་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་ལ་མཐའ་གཅིག་ཏུ་དམག་འཐབ་བྱེད་པའི་ལམ་བུ་དང་།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་། སྤུན་ལྟར་ཉེ་བ། སོ་སྲུང་རོགས་རེས། ལག་གདང་སྦྲེལ་ནས་མདུན་བསྐྱོད་བཅས་བྱས་ཏེ། མཉམ་དུ་དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་རྩོམ་དགོས།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཆོས་ལུགས་ལས་དོན་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་ཆིས་ལི་ཐིན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གྱི་ནང་དོན་གཏིང་ཟབ་ལ་ཕུན་སུམ་ཚོགས་པས།  ང་ཚོས་ཕྱིན་ཆད་བོད་འབྲེལ་ལས་དོན་བསྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་ལ། དེ་ལ་གཞུང་ལུགས་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་འབེན་རང་བཞིན་བཅས་ཀྱི་ཁྱད་ཆོས་ཆེན་པོ་ལྡན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།  ང་ཚོས་ཕྱིན་ཆད་ཀྱི་བྱ་བའི་ཁྲོད། ངེས་པར་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱུན་འཁྱོངས་དང་སྲུང་སྐྱོབ་ལེགས་པོ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས། རིག་གནས་ཀྱི་འདུ་ཤེས། ཆོས་ལུགས་ཀྱི་འདུ་ཤེས་བཅས་འཛུགས་པར་ཁྲིད་སྟོན་བྱེད་དགོས།  ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་རྒྱུན་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པར་ཁྲིད་སྟོན་ལེགས་པོ་བཅས་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་ཀླུ་རྒྱལ་དོན་འགྲུབ་ཀྱིས་བལྟས་ན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ངེས་པར་བཅུ”དང་“ཁག་ཐེག་བཞི”དམིགས་སུ་བཀར་ནས་ནན་གྱིས་བསྟན་ཡོད་ལ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་སྔར་ལས་ཕུན་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། དུས་རབས་གསར་བའི་བོད་འབྲེལ་ལས་དོན་ལེགས་པོར་སྒྲུབ་པར་ཁ་ཕྱོགས་གསལ་བོར་བསྟན་པར་མ་ཟད།  རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས།  ཐེངས་འདིའི་གྲོས་ཚོགས་ཀྱིས་བོད་འབྲེལ་ལས་དོན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་བཏོད། བོད་འབྲེལ་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།  ལས་འགན་གཟི་བརྗིད་དང་འགན་འཁྲི་ལྕི་མོ་ཡིན་པའི་ཚོར་སྣང་ཟབ་མོ་སྐྱེས།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་མཐིལ་རྟོགས། དོན་སྙིང་གཙོ་བོ་ཁོང་དུ་ཆུད་པར་བྱེད་དགོས།“ངེས་པར་བཅུ”ཕྱོགས་སྟོན་དང་ཚད་གཞིར་བྱས་ཏེ།  ཚོགས་འདུའི་དགོངས་དོན་བྱེ་བྲག་གི་ལས་དོན་ནང་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ལས་དོན་ལ་འཕེལ་རྒྱས་གསར་བ་དང་ཡར་ཐོན་གསར་བ་ཡོང་བར་ཧུར་བརྩོན་སྒོས་སྐུལ་འདེད་བྱེད་དགོས།

མཚོ་སྔོན་གྱི་བོད་འབྲེལ་ཁུལ་དང་རྫོང་གིས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པའི་ཚུན་ལ།  ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་ཏུ། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་གཏོང་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པས།  བོད་འབྲེལ་ཁུལ་རྫོང་གི་འཕེལ་རྒྱས་དེ་ལོ་རྒྱུས་སྟེང་ཆེས་ལེགས་པའི་དུས་སྐབས་ཤིག་ཏུ་ཐོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོབ་བྱས་པ་ལས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། ངར་ཤུགས་ཆེན་པོ་སྐྱེས་བྱུང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ལས་དོན་སྔར་ལས་ཡག་པོ་ཞིག་བསྒྲུབ་པར་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས། ཀོས་ནན་རྫོང་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་ཀྱི་ཞིང་སྡེ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་རྫོང་གཅིག་པུར་གཏན་འཁེལ་བྱས་ཡོད། ང་ཚོས་"ངེས་པར་བཅུ"ཕྱོགས་སྟོན་དང་ཚད་གཞིར་བཟུང་ནས།   ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ཞིང་སྡེ་བཅོས་སྐྱོང་གི་ཞིབ་ཕྲའི་ལག་ལེན་ཁྲོད་དོན་འཁྱོལ་མཐར་ཕྱིན་བྱས་ནས། ཏང་གི་མགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དཀྱིལ་སྙིང་དུ་འཛིན་པ་དང་།"བཅོས་སྐྱོང་གསུམ"མཉམ་འདྲིས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཧུར་ཐག་གིས་ཞིང་སྡེ་བཅོས་སྐྱོང་གི་ཐབས་ལམ་བཟང་པོ་འཚོལ་ཞིབ་བྱེད་པ་དང་། འབད་བརྩོན་སྒོས་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་བཟང་བོ་གྲུབ་པར་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་ རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་རབ་བརྟན་གྱིས་དེ་ལྟར་བཤད་བྱུང་། །

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བསོད་ནམས་རྒྱ་མཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་མཛེས་སྡུག་གི་གཅིག་སྒྲིལ་དང་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། མི་རིགས་འདུས་སྡོད་ས་ཁུལ་དང་། དབུལ་ཕོངས་ས་ཁུལ། སྐྱེ་ཁམས་སྲུང་ཡོལ་ཁུལ་བཅས་གཞི་གཅིག་ཏུ་འདུས་པའི་གཅིག་སྒྲིལ་ལ་མཚོན་ནས་བཤད་ན་ཕྱོགས་ཡོངས་ནས་"སྐྱེ་ཁམས་རྟགས་ཅན" ཡག་པོ་བཟོ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་དགོས། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་བྱེད་པ་ཕན་ཚུན་ཟུང་འབྲེལ་བྱས་ནས་འཆམ་མཐུན་མཉམ་གནས་ཀྱི་རྐྱེན་སྲོལ་ཁ་ཕྱོགས་སུ་བྱས་ཏེ། རྩྭ་ས་འགན་གཙང་ལེན་གྱི་བདག་གཉེར་ལམ་ལུགས་བརྟན་པོ་ཡོང་བ་དང་། འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་ཁྱིམ་ཚང་གི་ཕྱུགས་ར་སྤེལ་བ་དང་སྙི་བ་ནག་པོ་འདེབས་འཛུགས་སོགས་སྣ་མང་བདག་གཉེར་ལ་རྒྱབ་སྐྱོར་བྱེད་པ། སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་གསར་གཏོད་བྱེད་པ་བཅས་བྱེད་ཐབས་སྣ་མང་བརྒྱུད་ནས། ཕྱོགས་ཡོངས་མཉམ་དུ་སྐྱེ་ཁམས་བཟང་པོ་འཛུགས་སྐྲུན་ཁྲོད་ཞུགས་པའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱས་། སྐྱེ་ཁམས་ལེགས་བཅོས་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་ཏེ། རི་ལྗང་ཆུ་དྭངས་དེ་འབྲོག་པ་མང་ཚོགས་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོན་ཁུངས་དང་རྒྱབ་རི་ཆེ་ཤོས་སུ་འགྱུར་བར་བྱེད་དགོས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཙོང་ཅིན་ཚེ་ཡིས་མྱོང་ཚོར་ཟབ་མོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་ན་ངར་ཤུགས་སློང་བར་མ་ཟད་འགན་འཁྲི་ལྕི་བ་ཤེས་ཚོར་ཟབ་མོ་བྱུང་། དུས་ཡུན་རིང་བོར་བོད་འབྲེལ་ཁུལ་རྫོང་གི་ལས་དོན་སྒྲུབ་པའི་ལས་བྱེད་པ་ཞིག་གི་ངོས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ས་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་ཡིན་པ་དེ་ཤེས་ལ། མི་རིགས་ཁག་མཐུན་སྒྲིལ་དམ་ཟབ་བྱས་ཚེ། འཕེལ་རྒྱས་ཁག་གཞི་ནས་ཡར་རྒྱས་ཆེན་པོ་འབྱུང་ཐུབ། སླད་ཕྱིན་ང་ཚོས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་ཡུས་ཧྲུའུ་ཡི་དོན་དངོས་དང་ཟུང་འབྲེལ་བྱས་ནས། དེ་སྔའི་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་ད་ཡོད་ལས་ཀའི་བསམ་ཕྱོགས་ལ་དུས་ཐོག་ཏུ་མཐུན་སྦྱོར་བྱས་ཏེ།   འཐུས་ཚང་གི་ལས་ཀའི་འཆར་གཞི་དོན་འཁྱོལ་དམ་འཛིན་དང་ཕན་འབྲས་ཐོན་པར་བྱེད་པ་དང་། དངོས་ཡོད་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་ལས་བྱེད་པར་སྐུལ་མ་གཏོང་བ་དང་། མང་ཚོགས་དང་ལྷན་དུ་མི་རིགས་མཐུན་སྒྲིལ་གྱི་ལས་ཀའི་ནང་ཧུར་ཐག་གིས་ཞུགས་ཏེ་མི་ཚང་མ་མི་རིགས་མཐུན་སྒྲིལ་གྱི་ལས་ཀའི་དྲིལ་བསྒྲགས་མཁན་དང་འགྲེལ་བཤད་རྒྱག་མཁན་ལ་འགྱུར་དུ་འཇུག་དགོས།

མཚོ་སྔོན་གྱི་ད་ལྟའི་མཐུན་སྒྲིལ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་གསར་གཏོད་བྱས་པ་ཞིག་ཡིན་ལ། མཚོ་སྔོན་གྱི་མ་འོང་བར་འོད་སྟོང་འབར་བའི་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ན། སྔར་བཞིན་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་པ་བྱེད་པར་བརྟེན་དགོས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་ཁྲེ་ཞའོ་ཡུས་ཀྱི་བསམ་པར། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་གིས་སྲིད་ཇུས་ཁག་དང་རྣམ་གྲངས་གལ་ཆེན་གཞི་རིམ་དུ་རྩ་བ་ཚུགས་པ་དང་། འབྲས་བུ་གཡུར་དུ་ཟ་བ། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས།

མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གཞི་རིམ་ཀྱི་བོད་འབྲེལ་ལས་བྱེད་པ་ཞིག་གི་ངོས་ནས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ལས་དོན་གྱིས་ཀྲུང་དབྱང་གི་འབོད་སྒྲ་དང་སྲིད་ཇུས་སྔར་ལས་མི་སེམས་ལ་འབབ་པ་དང་། གཞི་རིམ་མང་ཚོགས་ཀྱི་སེམས་སུ་འབབ་པར་བྱ་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་མཁར་བྱང་སྡོད་ཁུལ་དུ་བསྐྱོད་པ་ན། ལྗང་མདོག་གིས་བསྐོར་བའི་ཐོག་ཁང་དུ་མི་རིགས་སོ་སོས་ཟེ་འབྲུ་བཞིན་དུ་དམ་པོར་སྦྲེལ་བ་དང་།  ་“མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་སོགས་ཀྱི་སྦྱར་ཡིག་གང་སར་མཐོང་ཐུབ་ལ། མི་རིགས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་བའི་དྲིལ་བསྒྲགས་ལྡེབས་རིས་ཀྱིས་མིག་དབང་ཡོངས་སུ་འཕྲོག རིག་གནས་ལམ་གྱི་སྤྱི་གླིང་གི་ཟུར་ཞིག་ཏུ་རྒན་པོ་འགའ་གྲིབ་མའི་འོག་ཏུ་བསྡད་ནས་ཁ་བརྡ་བྱེད་བཞིན་འདུག  མཁར་བྱང་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཁྲུན་ཧྲིན་གྱིས་བཤད་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོ་བཟོ་བ་དང་། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས། འབད་བརྩོན་ལྷོད་མེད་ཀྱིས་མཉམ་དུ་མཛེས་སྡུག་གི་འཚོ་བ་བསྐྲུན་པ་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བ་བྱ་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྦྲ་སར་ཡུལ་ཚོ་སྤོས་ཁྱིམ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིག་ལྡན་གྱིས་བཤད་རྒྱུར། ངས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སྡེ་བའི་སྦྲ་གུར་ནང་ཁྱབ་པར་བྱས་ཏེ། མི་སེམས་འགུལ་བའི་གནས་ཚུལ་མང་ཚོགས་ཚང་མར་བརྒྱུད་བསྒྲགས་བྱ་རྒྱུ་ཡིན།

ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། བློ་རྩེ་གཅིག་སྒྲིམ་གྱིས་བསམ་བློ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བོད་འབྲེལ་ཁུལ་རྫོང་གི་སྲིད་ཇུས་བཟང་བོ་ལག་བསྟར་བྱས་ནས།  སྐྱེ་ཁམས་སྔོན་མ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་། དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་ཡོང་བ་འབྲེལ་མཐུད་ལེགས་པོ་བྱས་ཏེ།   མཉམ་དུ་འཆམ་མཐུན་བརྟན་ལྷིང་གི་གནས་བབ་བཟང་པོ་སྲུང་སྐྱོབ་བྱ་དགོས་ཟེར།

 ལོ་ཙཱ།དངོས་སྦྱོང་སློབ་མ་བདེ་སྐྱིད་སྒྲོལ་མ། ལྷ་མཁར་མཚོ།