ས་མཐོར་སྲིད་ཇུས་བཟང་པོའི་འོད་ཟེར་འཕྲོས།
2020.10.13 ཁུངས། མི་དམངས་དྲ་བ། ཀློག་གྲངས། 9

 —མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་ལས་དོན་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་གནས་ཚུལ།

དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུའི་དུས་མཚམས་སུ་སླེབས་སྐབས་གསར་འགོད་པ་གྲོང་ཁྱེར་དང་གྲོང་གསེབ་བརྒྱུད་ནས།  ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་གནས་སྤོས་གྲོང་གསར་བཅས་སུ་བསྐྱོད་པ་ན།   དབུལ་ཐར་གྱི་གཏམ་རྒྱུད་རེ་རེ་མཐོ་སྒང་གི་ས་གཞི་ཆེན་མོར་རིམ་བཞིན་གྲུབ་ནས་འབྲས་བཟང་སྨིན་པ་ཐོས་བྱུང་།

མཚོ་ལྷོ་ཁུལ་གྱི་གནས་སྤོས་དབུལ་སྐྱོར་ས་ཚིགས་ཆེ་ཤོས་ཡིན་པའི“ཨ་མདོ”ཞེས་པའི་དམངས་སྲོལ་རིག་གནས་གྲོང་ཚོའི་གཞི་ཁྱོན་ལ་མུའུ1500ཟིན་པ་དང་། བཀོད་སྒྲིག་ས་ཚིགས་དེར་གྲོང་ཚོ48ཀྱི་ཁྱིམ་ཚང853གྱི་རོང་འབྲོག་མང་ཚོགས3421 ཡོད། སྤྲོ་གསེང་ཐང་ཆེན་དང་། ཚོང་ལས་བཟོ་ཁང་། དྲ་ཐོག་ཚོང་དོན་རྟེན་གཞི། གྲོང་གསེབ་ཡུལ་སྐོར་དམངས་ཕྱུག་སྒྲིག་བཀོད་སོགས་ཆ་ཚང་ཡོད་པས་གནས་སྤོས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་རེད།

“སྔོན་ཆད་ཀྱི་ཁང་རྙིང་ནས་ད་ལྟའི་སྡོད་ཁང་གསར་པར་སྤར་རྗེས་གློག་དང་ཆུ་སོགས་གང་ལའང་སེམས་ཁྲལ་བྱེད་མི་དགོས”ཞེས་ད་ལོ་ལོ65ཡིན་པའི་འབྲུག་བདེས་གསར་འགོད་པར་དེ་ལྟར་བཤད་བྱུང་།

སྔོན་ཆད་འབྲུག་བདེ་ས་བབ་མཐོ་ཚད་སྨི3000ལྷག་ཙམ་ཟིན་པའི་ཆུ་སྔོན་གྲོང་རྡལ་མཐར་གཏིང་གྲོང་ཚོར་བསྡད་ཡོད་པས། རྫོང་མཁར་དུ་བསྐྱོད་པར་སྟབས་མི་བདེ་བ་རེད།   དེ་སྔའི་དཀའ་སྡུག་གི་འཚོ་བའི་སྐོར་གླེང་སྐབས་འབྲུག་བདེའི་གདོང་ལ་སྐྱོ་སྣང་གིས་ཁེངས་འདུག

“ས་ཕྱོགས་གཅིག་གི་ས་ཆུས་ས་ཕྱོགས་དེ་གའི་མི་རྣམས་གསོ་མི་ཐུབ་པའི” རྣམ་པ་བསྒྱུར་ཆེད། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག 2017ལོར་ཞིན་ཧེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་གཅིག་བཏང་སྟེ་ཨ་མདོའི་དམངས་སྲོལ་རིག་གནས་གྲོང་ཚོ་ཞེས་པའི་གནས་སྤོས་ས་ཚིགས་འཛུགས་སྐྲུན་བྱེད་མགོ་བརྩམས།

2018ལོའི་སྟོན་ཁར་འབྲུག་བདེ་དང་ཁྱིམ་ཚང་དབུལ་པོའི་མང་ཚོགས་རྣམས་ཨ་མདོ་གྲོང་ཚོར་གནས་སྤར། “རྩྭ་ས་ཚང་མ་བརྒྱུད་བཤུག་བཏང་བར་ལོ་རེར་བོགས་དངུལ་སྒོར2000ལྷག་ཡོད”ཅེས་འབྲུག་བདེས་དགོད་ཞོར་དུ་དེ་ལྟར་བཤད། ཁོས་མུ་མཐུད་དུ་བཤད་རྒྱུར། “བུ་མོས་གྲོང་ཚོར་གཙང་སྦྲའི་ལས་ཀ་གཉེར་གྱིན་ཡོད་པ་དང་། ཚ་མོ་སློབ་ཆུང་འགྲིམ་བཞིན་ཡོད་པས་ཉིན་ལྟར་སློབ་གྲྭའི་རླངས་འཁོར་གྱིས་བསུ་སྐྱེལ་བྱེད་བཞིན་ཡོད་ལ། ང་རང་ནད་ལྟ་སྐབས་སྨན་རིན་ཚང་མ་རྩིས་ཞུ་བྱེད་ཐུབ་པ་དང་། མ་མཐའི་འཚོ་བའི་འགན་སྲུང་སོགས་ཁ་གསབ་དག་བརྩིས་ན་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཙམ་ཡོད” ཟེར།

ཞིན་ཧེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་ལྕགས་བྱམས་ཐར་གྱིས་བཤད་རྒྱུར། གནས་སྤོས་མང་ཚོགས་ཀྱིས་སྲིད་གཞུང་གི་ཁྲིད་སྟོན་འོག ད་ལྟ་ཡུལ་སྐོར་སོགས་སྣ་མང་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པས་གསར་དུ་སྐྲུན་པའི་གནས་སྤོས་གྲོང་ཚོ་དེར་ལོ་གཉིས་ཀྱི་རིང་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་ཡོད་ཟེར།

ཞིན་ཧེ་རྫོང་ནས་ཤར་ངོས་སུ་སྤྱི་ལེ300ལྷག་བསྐྱོད་ཚེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ཐོན་ཐུབ།

ལོ་གཉིས་ལྷག་གི་སྔོན་ལ་གཅན་ཚ་རྫོང་གིས་རྨ་ཆུའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ གནས་སྤོ་བྱ་ཡུལ་བདེ་སྐྱིད་གྲོང་གསར་བསྐྲུན་པ་དང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ7དང་སྡེ་བ30ཡི་ཁྱིམ་ཚང251གི་བོད་རིགས་མང་ཚོགས946རི་ཁུལ་ནས་གནས་འདིར་སྤར་བ་རེད། ད་ལྟ་བདེ་སྐྱིད་སྡེ་བ་འདི་གནས་སྤོས་གྲོང་ཚོ་ནས“དྲ་ཐོག་མིང་གྲགས་མཛེས་ལྗོངས་ཁུལ”དུ་གྱུར་ནས་ཡུལ་སྐོར་བ་མང་པོ་གནས་འདིར་ཡུལ་སྐོར་དུ་ཡོང་བཞིན་ཡོད།

གསར་འགོད་པ་སྒྲོལ་མ་ཐར་གྱི་དམངས་ཁྱིམ་འགྲུལ་ཁང་དུ་སྐྱོད་སྐབས་སྒོ་རའི་ནང་བཀོད་པ་ལེགས་པའི་ཤིང་ཁང་ཞིག་ལས་ཡོད།

“སྲིད་ཇུས་བཟང་པོའི་འོད་ཟེར་ངའི་གཞིས་ཁྱིམ་འདིར་འཕྲོས་བྱུང”ཞེས་སྒྲོལ་མ་ཐར་གྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ལ་དཔེ་འདི་འདྲ་འཇོག་བཞིན་ཡོད།  སྔོན་ཆད་ཁྱིམ་མི་བདུན་གྱི་ཡོང་འབབ་སྒོར་ཁྲི་གཅིག་ཀྱང་ཟིན་གྱི་མེད། ས་གནས་དབུལ་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཁོས་དམངས་ཁྱིམ་འགྲུལ་ཁང་དེ་བཙུགས་པས་ད་ལོའི་དབྱར་ཁར་ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་ཡོང་འབབ་སྒོར3000ལྷག་ཙམ་ལེན་ཐུབ།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་རྫོང(གྲོང་ཁྱེར་དང་ཆུས)38དང་གྲོང་ཚོ1249ཡི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གཞི་ཚང་མ་ལེགས་འགྲུབ་བྱས་ཟིན་པ་དང། རོང་འབྲོག་ཁྱིམ་ཚང་ཁྲི་ལྔ་སྟོང་གཉིས་ཀྱི་མི་འབུམ་གཉིས་གནས་སྤོ་བཀོད་སྒྲིག་བྱས་ཤིང་། དེའི་གྲས་སུ་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཁྲི་གསུམ་སྟོང་གསུམ་དང་མི་འབུམ་གཅིག་ཁྲི་གཅིག་སྟོང་བརྒྱད་དགུ་བརྒྱ་ཟིན་ཡོད།

“འོད་ནུས་གླིང་ཁུལ་དེར་སྤྱི་ལེ་གྲུ་བཞི་མ609ཡོད་པས་སིང་ཀ་ཕོར་རྒྱལ་ཁབ་ཀྱི་རྒྱ་ཁྱོན་དང་ཁྱད་པར་མེད། མཚོ་སྔོན་གྱིས་ཟླ་སྔོན་མར‘གནོད་མེད་གློག་གཏོང་ཉིན་བརྒྱའི’ཟིན་ཐོ་གསར་པ་བཏོད་པ་དང་། ཧི་ནན་དང་པེ་ཅིན་སོགས་ཀྱི‘གནོད་མེད་གློག་གཏོང’ལ་གླིང་ཁུལ་དེས་སྟོབས་ཤུགས་ཆེན་པོ་བཏོན་ཡོད”ཅེས་མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཐུའུ་ཞིན་ཕུང་གིས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་གནས་པའི་བཏུལ་ཐང་ནི་སྔོན་ཆད་གང་སར་བྱེ་འབུར་གྱིས་ཁེངས་པའི་ཐང་རྒོད་ཅིག་ཡིན་ལ།  གཙང་གསུམ་ཆུ་འགོའི་བྱེ་རླུང་གི་གནོད་འཚེ་ཆེན་པོ་ཐེབས་སའང་རེད།

“འཚོ་བའི་ཆེད་དུ་ནོར་ལུག་འཚོ་དགོས་ལ་ས་ཞིང་ཡང་འདེབས་དགོས་པ་དང་།  སྐྱེ་ཁམས་སྲུང་བའི་ཆེད་དུ་ཕྱུགས་བཀག་རྨོ་བསྐྱུར་བྱེད་དགོས་པའི་དཀའ་གནད་ཁྲོད།  མང་ཚོགས་མང་པོ་གནས་སྤོ་དགོས་བྱུང་ལ། ཁག་གཅིག་གིས་སྡོད་ས་ཐེངས་གསུམ་ཡང་སྤོས་མྱོང་”ཞེས་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ཞི་ཐའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཱ་ཅིན་ཞུའེ་ཡིས་དེ་ལྟར་བརྗོད་བྱུང་།

རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་གོ་སྐབས་དང་བསྟུན་ནས། ས་བབ་མཐོ་བ་དང་ཉིན་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་དུས་ཚོད་8ཟིན་པ་སོགས་ཀྱི་ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ཏེ་བཏུལ་ཐང་དུ་འོད་ནུས་གློག་གཏོང་རྟེན་གཞི་བཙུགས་པ་རེད། དེའི་ནང་རྫོང5ཡི་གྲོང་ཚོ11གིས་ཀྲའོ་ཝ50.5ཡི་གྲོང་ཚོ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་ཁང་བརྒྱུད་ནས་སྐྱེ་ཁམས་བཅོས་སྐྱོང་དང་། ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས། ཁྱིམ་ཚང་དབུལ་པོའི་ཡོང་འབབ་འཕར་སྣོན་བཅས་དང་ཟུང་འབྲེལ་དམ་ཟབ་ཐུབ་པའི“སྐྱེ་ཁམས་དབུལ་སྐྱོར”གྱི་ཐབས་ལམ་འཚོལ་ཞིབ་བྱུང་།

“གཅིག་ནས་ཁྱིམ་ཚང་དབུལ་པོའི་ནུས་པ་དང་འཚམ་པའི་འོད་ནུས་སྤྱི་ཕན་ལས་རྐང་བཀོད་སྒྲིག་བྱས་ཏེ་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པ་དང་། གཉིས་ནས་ཁྱབ་རྒྱ་ཆེན་པོས་འོད་ནུས་གསོག་ལེབ་བཏིང་ནས་རླུང་གི་རྒྱུགས་ཚད་གཏན་འགོག་དང་ས་ཆུ་གསོ་བ། ཆ་ཤས་ཀྱི་སྐྱེ་ཁམས་ཇེ་ལེགས་སུ་བཏང་ཡོད”ཅེས་མཚོ་ལྷོ་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་ཝང་ཞོ་ཅུན་གྱིས་དེ་ལྟར་བཤད་བྱུང་།

འོད་ནུས་ཀྱི་ཕན་འབྲས་བཟང་པོ་ལས་དབུལ་སྐྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཞིང་། བཏུལ་ཐང་གླིང་ཁུལ་གྱིས་དབུལ་ཐར་ཁྱིམ་ཚང་གི་འོད་ནུས་སྤྱི་ཕན་ལས་རྐང5664བཀོད་སྒྲིག་བྱས་པ་དང་མི1427ལས་ཀར་བཅུག་ནས་གླ་ཕོགས་སྒོར་ས་ཡ་གཅིག་འབུམ་བདུན་ཁྲི་བཞི་སྟོང་གཉིས་སུམ་བརྒྱ་སྤྲད་དེ་མང་ཚོགས་དབུལ་པོར་གོ་སྐབས་བཟང་པོ་བསྐྲུན།

“འོད་ནུས་ཀྱི་ཁེ་སྤོགས་བགོ་རྒྱུ་ཡོད་པ་དང་གླིང་ཁུལ་དུ་ལུག་འཚོ་ཐུབ་པས་ཟླ་གཅིག་ལ་ཡོང་འབབ་སྒོར3000ཙམ་ཡོད”ཅེས་ཞི་ཐའེ་གྲོང་ཚོའི་སྡེ་མི་མཱ་ཅན་ཧྲེང་གིས་དེ་ལྟར་བཤད་བྱུང་།

མིག་སྔར་མཚོ་སྔོན་གྱིས་རིམ་རྩིས་བྱས་ན་འོད་ནུས་དབུལ་སྐྱོར་དམིགས་ཚད་ཀྲའོ་ཝ་721.6བརྩོན་ལེན་བྱས་པ་དང་། ལོ་རེར་གློག་འདྲེན་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ལྔ་བྱེ་བ་བདུན་ཟིན་ནས། ཁྱིམ་ཚང་དབུལ་པོ་ཁྲི་བརྒྱད་སྟོང་བདུན་བཞི་བརྒྱར་ཡོང་འབབ་འཕར་སྣོན་འབྱུང་བར་ཐད་ཀར་སྐུལ་ཁྲིད་བྱས། དེའི་ནང་གྲོང་ཚོ་རིམ་པའི་འོད་ནུས་དབུལ་སྐྱོར་དམིགས་ཚད་ཀྲའོ་ཝ471.6ཟིན་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་དབུལ་པོ1622ཚང་མར་ཆ་སྙོམས་ཆན་ཝ290ཡོངས་ཁྱབ་ཐུབ་པ་དང་། གྲོང་ཚོ་ཚང་མར་ལོ་འཁོར་གྱི་ཁེ་སྤོགས་སྒོར་འབུམ་གསུམ་ཙམ་བྱུང་ནས་ཁེ་སྤོགས་ཐོབ་ཡུན་ལོ་20ལྷག་ཙམ་ཟིན་ཡོད།

གལ་སྲིད་ཡུལ་གཞན་དུ་གནས་སྤོར་ཞེས་པ་ནི་ཁང་པ་གསར་པར་སྡོད་པ་དང་། འོད་ནུས་ཐོན་ལས་ནི་ཡོང་འབབ་ཇེ་མང་དུ་གཏོང་བ་ཞིག་ཡིན་ན། སློབ་གསོར་མཐོང་ཆེན་དང་ལྟ་བར་འགྱུར་ལྡོག་གཏོང་བ་ནི་མང་ཚོགས་དབུལ་པོའི་རེ་བ་དང་། དབུལ་ཐར་མཁྲེགས་གཏོར་ལས་དོན་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་རེད་ཅེས་བརྗོད་ཆོག

གསར་འགོད་པས་མཚོ་སྔོན་བོད་ཡིག་འཚོལ་བསྡུའི་མཉེན་ཆས“ཡོངས་འཛིན”ཐོག་ནས་མདུན་གྲལ་དུ་སླེབས་པའི་ནང་དོན10མཐོང་སྐབས། ས་མཐོའི་མང་ཚོགས་ཀྱི་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་གི་འཚོ་བ་བསྐྲུན་པའི་སེམས་ཤུགས་ཆེན་པོ་ཚོར་ཐུབ།

རེས་སྐོར་གསར་པའི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་སྤེལ་མགོ་བརྩམས་པའི་ཚུན་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རོགས་སྐྱོར་འོག མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཁྲེགས་གཏོར་འཐབ་འཛིང་ལ་ཤུགས་སྣོན་བྱས་པས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང42དང་དབུལ་ཕོངས་སྡེ་བ1622ཚང་མ་དབུལ་ཕོངས་ལས་ཐར་ཐུབ་པ་དང་དབུལ་ཕོངས་མི་གྲངས་འབུམ་ལྔ་ཁྲི་གསུམ་སྟོང་དགུ་ཇེ་ཉུང་དུ་ཕྱིན་ནས་མཐོ་སྒང་གི་ས་གཞི་འདིར་འཕོ་འགྱུར་ཆེན་པོ་བྱུང་ཡོད།

ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ཆོས་ཚ་སྡེ་བའི་སྡེ་མི་བན་དེ་མཁར་གྱིས་དགའ་སྤྲོའི་ངང་ལོ་གཉིས་སྔོན་གྱི་གནས་ཚུལ་གླེང་སྐབས།  སྐབས་དེར་ཁོ་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་གི་འཐུས་མི་བྱས་ཏེ་རྫོང་ཐོག་ཏུ་བྱ་དགའ་ལེན་པར་སྐྱོད་ལ། ཁོས་ཚོགས་ཐོག་ཏུ་ཕྱུག་འགྱུར་སྐོར་གྱི་གཏམ་བཤད་སྤེལ་པར་མ་ཟད་ད་དུང་ཕྱིར་ཡོང་དུས་ཞིང་སྤྱོད་འཕྲུལ་འཁོར་གཅིག་བསྐོར་ཡོང་བ་རེད།

ཁྱིམ་མི་མང་བ་དང་དེའི་ཁར་རྩྭ་ས་ཉུང་བར་བརྟེན། ལོ་ལྔའི་ཡར་སྔོན་དུ་བན་དེ་མཁར་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད། ལོ་ལྔའི་ཚུན་དུ། བན་དེ་མཁར་གྱི་ཁྱིམ་མི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་བརྟེན་ནས་ཁང་པ་གསར་པའི་ནང་སྤར་བ་དང་། ད་དུང་དབུལ་སྐྱོར་ཆེད་སྤྱོད་དབུལ་བུན་སྤྱད་ནས་ལུ་གུ་གསོ་སྤེལ་བྱས། ན་ནིང་ལོ་ནས་བཟུང་ཁོས་རྩྭ་ས་ལྟ་སྲུང་པའི་འགན་འཁུར་ཏེ་འཚོ་བ་སྔར་ལས་ཇེ་བཟང་དུ་སོང་ཡོད།

“སྒུག་བརྟེན་སློང་གསུམ་ལ་བརྟེན་ན་དབུལ་ཕོངས་ལས་ཐར་མི་ཐུབ། ཏང་གི་སྲིད་ཇུས་བཟང་པོའི་རོགས་རམ་འོག ང་ཚོས་དེ་བས་ཀྱང་དཀའ་སྤྱད་འབད་བརྩོན་བྱེད་དགོས”ཞེས་བན་དེ་མཁར་གྱིས་དེ་ལྟར་བརྗོད་པ་དང་། ཁོའི་བུ་ཆེ་བ་མཚོ་སྔོན་མི་རིགས་སློབ་ཆེན་དུ་ལོ་རིམ་གཉིས་པ་འགྲིམ་བཞིན་ཡོད་ཅིང་། ཁོས་ད་དུང་མུ་མཐུད་དུ་མ་དངུལ་བཏང་ནས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་རྩིས་ཡོད་པ་རེད།

སྲིད་ཇུས་བཟང་པོའི་འོག་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ཚེ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ཐུབ་ངེས་རེད།

ཉིན་འདི་དག་རིང་། མཚོ་སྔོན་གྱི་ཨ་མ་ལོ་ལོ་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སིའི་བོད་རིགས་ཕོ་གསར་སྟག་འབུམ་རྒྱལ་གྱིས། ཡུལ་དེ་གའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་པར་གཞིའི་དུས་མཇུག་གི་སྒྲིག་བཟོ་བྱེད་བཞིན་འདུག

ལོ30ལ་སླེབས་པའི་སྟག་འབུམ་རྒྱལ་གྱིས་གྲོགས་པོ་འགའ་དང་མཉམ་དུ་རིག་གནས་ཁྱབ་སྤེལ་ཀུང་སི་བཙུགས་ཏེ་དངོས་མཚོན་གློག་བརྙན་མང་པོ་ཞིག་པར་ལེན་བྱས་ཡོད་པ་དང་། སྟག་འབུམ་རྒྱལ་གྱིས“ང་ཚོས་རང་ཉིད་ཀྱིས་བརྙན་པར་བླངས་ནས་ཕ་ཡུལ་གྱི་འཕོ་འགྱུར་ཟིན་ཐོར་འགོད་རྒྱུ་ཡིན”ཞེས་དེ་ལྟར་བཤད་བྱུང་།

ན་ནིང་ལོ་22ཡིན་པའི་འབྲུག་མོ་ཚེ་རིང་ཧྥུའུ་ཅན་ཞིང་ཆེན་ཞ་མོན་མཁའ་འགྲུལ་ཀུང་སིའི་ལས་ཀ་གཉེར་མཚམས་བཞག་ཏེ་ཕ་ཡུལ་མཚོ་ལྷོར་ལོག་པ་རེད།

“སློབ་གྲྭ་དང་ལས་ཀར་ཕྱིན་ནས་ལོ་6གི་རྗེས་ཕྱིར་ལོག་དུས་ཕ་ཡུལ་དུ་ཐོག་ཁང་མང་པོ་བསྐྲུན་ཡོད་པ་མ་ཟད། དྲ་ཐོག་ཚོང་ཁང་དང་། ཟས་རིགས་མངགས་སྐྱེལ་སོགས་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཕ་ཡུལ་སྔར་བས་མཛེས་སྡུག་ལྡན་པ་དང་འཚོ་བ་སྔར་བས་སྟབས་བདེ་པོར་གྱུར་འདུག”ཅེས་འབྲུག་མོ་ཚེ་རིང་གིས་དེ་ལྟར་བཤད། གསར་འགོད་པས་མིག་མདུན་གྱི་བོད་རིགས་བུ་མོ་འབྲུག་མོ་ཚེ་རིང་ལ་ལོ་ཚོད་དེར་མཐོང་དཀོན་པའི་གདེང་ཚོད་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པ་མཐོང་ཐུབ།

མཚོ་འགྲམ་ས་ཁུལ་དང་ཕ་ཡུལ་བར་གྱི་ཁྱད་པར་སྐོར་གླེང་སྐབས། འབྲུག་མོ་ཚེ་རིང་གིས་མ་འོངས་པར་ཕ་ཡུལ་དུའང་གནམ་གྲུ་ཐང་བསྐྲུན་ནས་མི་དེ་བས་མང་པོ་ས་ཆ་དེ་བས་ཐག་རིང་བ་དང་ས་རྒྱ་དེ་བས་ཆེ་སར་འཕུར་ཐུབ་ན་སྙམ་པའི་རེ་བ་བཅངས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།