དབུལ་ཐར་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
2020.11.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 36

 ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན།  དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་དུ་འཇུག་རྒྱུ་ནི་ང་ཚོའི་ཏང་གི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན།

ད་ལྟ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འདྲ་པར་གསར་རྙིང་ལ་བལྟས་ཚེ། དབུལ་ཐར་གྱི་གྲུབ་འབྲས་ཟིན་ཐོར་བཀོད་ཡོད་ལ། མཁྲེགས་གཏོར་གྱི་གཏམ་རྒྱུད་བདེན་དཔང་བྱས་ཡོད་ཅིང་། དུས་རབས་ཀྱི་འཕོ་འགྱུར་མངོན་འདུག

གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ་བའི་ཚུན་ལ། རྨ་ལྷོ་ཁུལ་གྱིས་བྱེད་ཐབས་སྣ་མང་ལག་བསྟར་དང་གནད་འཁེལ་ཤུགས་འདོན་བྱས་ཏེ། རྐྱེན་སྲོལ་གསར་བསྐྲུན་ཁྲོད་མཁྲེགས་གཏོར་གྱི་སྡོམ་ཤུགས་གྲུབ་པར་བྱས། “འགན་གཙང་ལེན་གཅིག་དང་། འཛུགས་སྐྲུན་གཉིས། མཉམ་སྦྲེལ་གསུམ། དམ་འཛིན་བཞིའི”བྱ་བའི་རྐྱེན་སྲོལ་བཙུགས་ཏེ། རིམ་པ་རེ་རེ་བཞིན་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ། དབུལ་པོ་ཇེ་ཉུང་དུ་གཏོང་བའི་འགན་འཁྲི་ཁག་བགོས་དང་བྱེ་བྲག་ཅན་ཏུ་བཏང་ཞིང་།   “གནད་འཁེལ་དྲུག”གི་སྤྱིའི་བླང་བྱར་དམིགས་ནས་རྨ་ལྷོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་མ་ལག་བཙུགས་ནས།  དབུལ་སྐྱོར་ལས་གཞི་སྡེ་བ་དང་ཧྲེ་ལ་གནད་འཁེལ་དོན་འཁྱོལ་ཐུབ་པ་དང་། དབུལ་སྐྱོར་སྲིད་ཇུས་ཁྱིམ་ཚང་དང་མི་ལ་གནད་འཁེལ་དོན་འཁྱོལ་ཐུབ་པ། དབུལ་སྐྱོར་མ་དངུལ་གནད་འཁེལ་བདེ་འཇགས་ངང་རྩིས་ཐོར་འབྱོར་ཐུབ་པ་བྱས།

ལོ་མང་པོའི་རིང་དཀའ་སྤྱད་ལག་ལེན་བྱས་པ་བརྒྱུད། ཐོན་ལས་འཕེལ་རྒྱས་དང་། དངུལ་རྩའི་དངུལ་བུན།  ལས་གཞི་འཛུགས་སྐྲུན། སྡེ་བ་ཧྲིལ་པོར་སྐུལ་སྤེལ། ཡུལ་གཞན་དུ་གནས་སྤོ་སོགས་རྨ་ལྷོའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་དཔེ་དབྱིབས་ཀྱིས་གནད་འཁེལ་དབུལ་སྐྱོར་ལ་རྨང་གཞི་ངེས་ཅན་ཞིག་བཏིང་། སྡེ་བ་ཧྲིལ་པོར་སྐུལ་སྤེལ་གཏོང་བ་ནས་ཡུག་འབྲེལ་གསར་སྤེལ་བྱེད་པའི་བར་དང་།  “ཡོངས་ཁེབས”ནས་གནད་འཁེལ་དབུལ་སྐྱོར་བྱེད་པའི་བར་ལ་ཐོབ་ཤོར་གཉིས་ཀ་བྱུང་མོད། འོན་ཀྱང་དེའི་ཁྲོད་ནས་ཕྱོགས་སྡོམ་བྱས་པའི་ཉམས་མྱོང་ནི་རིན་ཐང་བྲལ་བ་ཞིག་རེད།

རྨ་ལྷོ་ཁུལ་དུ་དབུལ་སྐྱོར་གསར་སྤེལ་བྱ་རྒྱུ་དེ་སྲིད་གཞུང་སྡེ་ཁག་གི“ བྱ་བ་ཁོ་ན”ཞིག་མིན། རྨ་ལྷོ་ཁུལ་གྱི་ནོར་སྲིད་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་དབུལ་ཕོངས་ས་ཁུལ་ལ་གཏོང་སྤྲོད་སྤོ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་སུ། ཁུལ་དེས“སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཟབ་ཞུགས”ཀྱི་དབུལ་སྐྱོར་གསར་སྤེལ་ཆེན་པོའི་རྣམ་པ་འཐུས་ཚང་དུ་གཏོང་བར་དོ་སྣང་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་རྒྱུ་གོ་སྐབས་སུ་བྱས་ནས། ཕྱོགས་སོ་སོའི་སྟོབས་ཤུགས་དབུལ་སྐྱོར་གསར་སྤེལ་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་གྱི་སྡོམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱས།

གནད་འཁེལ་དབུལ་སྐྱོར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་དངུལ་རྩའི་ཞབས་ཞུའི་སྟེགས་བུ་བསྐྲུན་པ་སོགས་ནས་འགོ་བརྩམས་ཏེ། རྨ་ལྷོ་ཁུལ་གྱི“གནད་འཁེལ་དབུལ་སྐྱོར་ཆེན་པོ་དྲུག”ཕྱོགས་ཡོངས་ནས་སྤེལ་བ་དང་། དབུལ་སྐྱོར་མཁྲེགས་གཏོར་གྱི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། རེབ་གོང་སྒྱུ་རྩལ་ལས་སྣོན་དང་། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན། དྲོད་ཁང་དུ་སྔོ་ཚོད་འདེབས་འཛུགས། གཟན་རྩྭ་འདེབས་འཛུགས་སོགས་ཁྱད་ལྡན་ཐོན་ལས་ལ་དམ་པོར་དམིགས་ནས། སྡེ་བ་ཧྲིལ་པོ་སྐུལ་སྤེལ་དང་ཐོན་ལས་དབུལ་སྐྱོར་གྱི་ཐབས་ཇུས་རྒྱུན་འཁྱོངས་བྱས་ཏེ། “ཀུང་སི་དང་རྟེན་གཞི། ཞིང་བ་ཁྱིམ་ཚང་”གི་དཔེ་དབྱིབས་ལག་བསྟར་བྱས་པ་དང་།  དབུལ་ཕོངས་སྡེ་བ105ཡི་ནང་ཐོན་ལས་དབུལ་སྐྱོར་ཤུགས་ཆེན་པོས་སྤེལ་ཏེ། “ ཡུལ་ཚོ་རེར་ལས་རིགས་རེ”དང“སྡེ་བ་རེར་ཐོན་རྫས་རེ”མངོན་འགྱུར་བྱས་ནས།  ཁྱད་ལྡན་ཐོན་ལས་དེ་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ཡག་པོ་ཞིག་ཏུ་འགྱུར་བར་བྱས།

“དབུལ་པོ”ཞེས་པ་ནི་དབུལ་ཕོངས་ས་ཁུལ་གྱི་ཐུན་མོང་གི་ཐོབ་ཐང་མཚོན་རྟགས་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་དབུལ་པོར་དབུལ་ཚུལ་ཡོད་ཀྱང་། རོགས་སྐྱོར་ལ་གཏན་སྲོལ་མེད། བཀོད་འདོམས་གཅིག་རྒྱུན་འཁྱོངས་བྱེད་པ་དང་རྨང་གཞི་གཉིས་ཇེ་བརྟན་དུ་གཏོང་བ་ནས་སྡོམ་ཤུགས་ཆེན་པོ་གསུམ་ཆགས་པ་དང་འགན་སྲུང་བཞི་ཇེ་དྲག་ཏུ་གཏོང་བའི་བར།  བྱེད་ཐབས་ལྔ་བཏོན་པ་དང་གསར་གཏོད་དྲུག་ལ་སྐུལ་འདེད་བཏང་།  དབུལ་ཐར་མཁྲེགས་གཏོར་བྱས་ནས་ད་ལྟའི་བར་དུ། རྨ་ལྷོ་ཁུལ་གྱི་ཞིང་བ་ཁྱིམ་ཚང་རེ་རེ་དང་།  སྡེ་བ་རེ་རེ།  སྡེ་ཁག་རེ་རེ། གཞི་རིམ་ཏང་རྩ་འཛུགས་རེ་རེ། ཏང་ཡོན་ལས་བྱེད་པ་རེ་རེ་བཅས་ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་གནད་འཁེལ་དབུལ་སྐྱོར་གྱི་འཐབ་འཛིང་ དྲག་པོ་དེར་རྒྱལ་ཁ་ལེན་པར་ནུས་ཤུགས་ཡོད་རྒུས་འབད་བརྩོན་ལྷོད་མེད་བྱས་དང་བྱེད་བཞིན་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།