དབུལ་ཐར་མཁྲེགས་གཏོར་གྱི“ཆབ་སྲིད་དམག་འཐབ”དང“དམངས་སེམས་དམག་འཐབ”ཡག་པོ་རྒྱག་དགོས།
2021.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

 —2019ལོའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ཐུན་མོང་བུའུ་ལན་རྫོང་གི་གནས་ཚུལ།

ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་གྱི་“སྐུལ་སློང་བཀའ་རྒྱ”བཏང་བའི་ཚུན་ལ། ཞིང་ཆེན་དང་ཁུལ་གྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  བུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩི་བ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ལྷུར་ལེན། གནད་སྨིན་ཇུས་འདོན་བཅས་བྱས་ནས། བུའུ་ལན་གྱི་ཁྱད་ཆོས་ལྡན་པའི་དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུ་ཞིག་བཏོད་པ་རེད།

བུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་དམངས་ཚིས་བཟོ་སྐྲུན་ཆེ་ཤོས་སུ་བརྩི་བ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས་” ལེགས་པོར་སྒྲུབ་པ་བཅས་ཀྱི་དོན་དངོས་ཤིག་ཏུ་བརྩིས་ཏེ། “འགོ་ཁྲིད་གཙོ་བོ ”ཡིས་དངོས་སུ་ལས་དོན་ཁག་ལ་སྐུལ་འདེད་བཏང་ཞིང་། ཀྲུང་དབྱང་དང་། ཞིང་ཆེན་དང་ཁུལ་གྱིས་སྲིད་ཇུས་རེ་འདོན་པ་དང་། ཡིག་ཆ་རེ་སྤྲོད་པ། གྲོས་ཚོགས་ཐེངས་གཅིག་སྐོང་འཚོགས་བྱེད་པ་བཅས་ཀྱི་ཁྲོད་འཕྲལ་དུ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་རྒྱུན་འཁྱོངས་བྱས།   ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་དང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྲིད་ཇུས་ལ་སློབ་སྦྱོང་བྱ་རྒྱུ་དེ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་“གྲོས་གཞི་དང་པོར”བརྩིས་ཏེ། སྣེ་ཁྲིད་སློབ་སྦྱོང་དང་སྣེ་ཁྲིད་གསལ་འགྲེལ། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་།  རིམ་པ་སོ་སོའི་ལྟེ་གནས་ཚན་ཆུང་གིས་ཧུར་ཐག་གིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་བྱས།

བུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྲིད་ཇུས་འགན་སྲུང་བྱ་རྒྱུ་དེ་གནད་འགག་གི་བྱེད་ཐབས་ཤིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་དང་ཁུལ་གྱི་དབུལ་སྐྱོར་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ“ལས་ཡུལ་དང་པོའི་ལས་ཀའི་བཅའ་ཁྲིམས”ལག་ལེན་བྱས་པ་དང་། ལོ་རེར་རོང་འབྲོག་ཁུལ་དང་མཁར་གྲོང་། སྡོད་ཁུལ། ཁེ་ལས་ཀྱི་འཁོར་ཁང་བཅས་སུ་སོང་ནས་ཡུལ་དངོས་ནས་ལས་ཀ་སྒྲུབ་པ་དང་། མི་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་མི་དམངས་ཀྱི་འདོད་བློར་ཉན་པ། མི་དམངས་ཀྱི་དཀའ་ངལ་སེལ་བ་བཅས་བྱས། ཐོན་ལས་འཕེལ་རྒྱས་ཀྱི་རིམ་གྲས་མི་མཐོ་བ་དང་།  མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་སྣ་གཅིག་ཡིན་པ།  ལོ་ལོན་དང་ནད་པ། དབང་པོ་སྐྱོན་ཅན་བཅས་མི་ཚོགས་ཀྱི་བསྡུར་ཚད་ཅུང་མཐོ་བ། དབུལ་ཕོངས་མི་གྲངས་ཀྱི་སློབ་གསོ་མྱོང་ཚད་ཅུང་དམའ་བ། དབུལ་ཕོངས་སྡེ་བའི་ཐུན་མོང་དཔལ་འབྱོར་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།   གནས་ཚུལ་དང་གཞི་གྲངས་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་དང་དཔྱད་ཞིབ་བྱས་པར་མ་ཟད།  ཐེངས་མང་པོར་ཚན་ཁག་གི་ཁོངས་མི་དང་འབྲེལ་ཡོད་འགན་འཁུར་བ་བསྡུས་ནས་བསམ་ཚུལ་གླེང་བ་དང་། བསམ་ཕྱོགས་འཚོལ་བ། བྱེད་ཐབས་གཏན་འཁེལ་བཅས་བྱས་ཏེ། 《བུའུ་ལན་རྫོང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དབུལ་ཐར་མཁྲེགས་གཏོར་གྱི་འཆར་འགོད》དང་། 《བུའུ་ལན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྤྱི་ཡོངས་དབུལ་ཐར་ལས་དོན་གྱི་ཇུས་གཞི》།《བུའུ་ལན་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་མཐོར་འདེགས་བྱ་བའི་ཇུས་གཞི》སོགས་དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཟོས་ནས།  དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྲིད་ཇུས་ཀྱི་འགན་སྲུང་མ་ལག་བརྟན་པོ་བཏིང་།

བུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་དབུལ་སྐྱོར་བྱ་རྒྱུ་དེ་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བའི་ནུས་ཡོད་ཐབས་ལམ་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཀྱི་ནམ་ཟླའི་ཆ་རྐྱེན་དང་། ས་རྒྱུའི་ཁོར་ཡུག  ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས། ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བཟུང་ནས།  གྲོང་རྡལ་སོ་སོ་དང་སྡེ་བ་སོ་སོའི་ཁྱད་ཆོས་ལྟར་ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན།  སྐྱེ་ཁམས་ཡུལ་སྐོར་སོགས་དབུལ་སྐྱོར་གྱི་གཙོ་ཁྲིད་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་། ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་ལྔ་དང་ཕྱོགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་དྲུག་ས་ཡ་ལྔ་བརྩོན་ལེན་བྱས་ཏེ།  ཚྭ་ཁ་གྲོང་རྡལ་དུ་ཚྭ་ཁ་ལུག་གསོ་སྤེལ་ལས་སྣོན་དང་། བཟའ་བཏུང་ཞག་སྡོད། རོལ་རྩེད་ཉོ་སྒྲུབ། སོག་རིགས་ཀྱི་ཡུལ་སྲོལ་ཉམས་ཞིབ་སོགས་གཙོ་བོར་བྱས་ནས་ཡུལ་སྐོར་དབུལ་སྐྱོར་དང་། ཁྱད་ལྡན་ཐོན་ལས་དབུལ་སྐྱོར། དྲ་ཐོག་ཚོང་དོན་དབུལ་སྐྱོར་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ར་བ་བཙུགས། ཐོན་ལས་ར་བ་གཉེར་སྐྱོང་བྱས་བ་ནས་བཟུང་ཚྭ་ཁ་ལུག་གསོ་སྤེལ་ལས་སྣོན་དང་བཟའ་བཏུང་ཞག་སྡོད་ཁོ་ནར་རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ས་ཡ་བཞི་ལྷག་བསྐྲུན་ཡོད།

ཤུགས་ཆེན་པོས་འོད་ཤུགས་ཐོན་ལས་འཕེལ་རྒྱས་བཏང་ནས་ཀྲའོ་ཝ་1.3གྱི་འོད་ཤུགས་གློག་ཁང་ཞིག་བསྐྲུན་ནས་ལོ་རེར་དབུལ་ཕོངས་སྡེ་བ15ཡི་སྡེ་བ་རེར་ཁེ་སྤོགས་སྒོར་ཁྲི་7ལྷག་བསྐྲུན། ཧུར་ཐག་གིས་ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ལ་བརྟེན་ནས། ཚྭ་ཁ་ས་ཁུལ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལམ་རྒྱུད་ཀྱི་སྡེ་བ་དང་སྡོད་ཁུལ་གྱིས་ཡུལ་མིའི་མགྲོན་ཁང་གི་དཔལ་འབྱོར་གཙོ་བོར་བྱེད་པའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་ཤིང་། མིག་སྔར་རྫོང་ཡོངས་སུ་ཡུལ་མིའི་མགྲོན་ཁང246བསྐྲུན་ཡོད་པ་དང་།  ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་འབུམ་གཅིག་ཡན་དུ་བསླེབས་ཡོད།  2019ལོར་རྫོང་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་ལྔ་འབུམ་དྲུག་ཁྲི་བཞི་ལྷག་ཏུ་བསླེབས་ཏེ། སྔོན་ལོ་ལས་སྒོར་འབུམ་བརྒྱད་ཁྲི་བདུན་ལྷག་ཇེ་མང་དུ་ཕྱིན་པ་དང་།  2020ལོར་སྡེ་བ་སོ་སོའི་ལོ་ཧྲིལ་བོའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར་འབུམ་གཅིག་ཡན་ཏུ་བསླེབས་ཡོད།

ཕྱུག་པོར་འགྱུར་འདོད་ན་ཐོག་མར་ལམ་ལས་དགོས། བུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། གཞུང་ལམ་དང་། ཆུ་བེད། གློག་ཤུགས། སྔོ་ལྗང་ཅན། དཀར་གསལ་ཅན། འཕྲིན་གཏོང་དྲ་བ། ཉེན་ཡོད་སྡོད་ཁང་སྒྱུར་བཀོད། སྤྱི་པའི་ཞབས་ཞུ་སོགས་ཀུན་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ཁག་ཅིག་བུའུ་ལན་དུ་དོན་འཁྱོལ་བྱས་ཡོད། 2015ལོ་ནས་བཟུང་། བུའུ་ལན་རྫོང་གིས་རིམ་རྩིས་བྱས་ན་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་གྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་དྲུག་ས་ཡ་གཉིས་ལྷག་བརྩོན་ལེན་བྱས་ནས་དབུལ་སྐྱོར་ལས་གཞི48ལག་བསྟར་བྱས་ཤིང་།  རོང་འབྲོག་ཁྱིམ་ཚང698ཀྱི་ཉེན་ཡོད་ཁང་རྙིང་སྒྱུར་བཀོད་ལས་གཞི་དང་།  ཁྱིམ་ཚང140ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་ལས་གཞི། སྡེ་བ38ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་གཞི་བཅས་གནད་སར་བཞག་ནས་ལག་བསྟར་བྱས། ཞིང་སྡེའི་གློག་སྐུད་སྤྱི་ལེ208ལྷག་འཐེན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་ལམ་སྤྱི་ལེ24ལྷག་དང་སྡེ་བའི་གཞུང་ལམ་སྤྱི་ལེ172ལྷག་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་།  གསང་སྤྱོད་ཁང་སྣ་ཚོགས2200ལྷག་ཙམ་གསར་སྐྲུན་རྒྱས་སྐྲུན་བྱས་ཡོད། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད། ཞིང་ཆེན་ཡོངས་ནས་རྒྱང་རིང་འབྲོག་ཁུལ་གྱི་འོད་ཤུགས་ཆུ་འདྲེན་ལས་གཞི་སྔོན་ལ་ལག་བསྟར་བྱས་ཏེ། ནུས་ཡོད་སྒོས་འབྲོག་ཁྱིམ262དང་ཕྱུག་ཟོག་འབུམ་གཅིག་ཁྲི་ལྔ་ལྷག་ཙམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད། སློབ་གསོ་དང་སྨན་བཅོས་དེ་འབུར་ཐོན་གྱི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཡོངས་སུ་སྔོན་ལ་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ་དང་།  སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སྒྲིག་ཁོངས་དོ་དམ་གྱི་འགུལ་རྣམ་ལེགས་སྒྲིག་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་འཚོལ་ཞིབ་དང་ཁྱབ་གདལ་བཏང་བ་རེད། གཞུང་གཉེར་སྨན་ཁང་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཏེ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་རྫོང་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

བུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་བསམ་པའི་དབུལ་ཐར་ལ་ཤུགས་སྣོན་རྒྱག་པ་དང་ནང་གནས་ཀྱི་སྒུལ་ཤུགས་སྐུལ་སྤེལ་བྱ་རྒྱུ་དེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་ད་ ལྟའི་གནས་བབ་ལ་ཡིད་ཚིམ་པ་དང་། ཡར་རྒྱས་བརྩོན་ལེན་མི་བྱེད་པ། ཕྱུག་འགྱུར་གྱི་འདུན་པ་ཆེན་པོ་མེད་པ། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཚབས་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཡོད། གྲོང་རྡལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་”དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁྱིམ་ཚང་”སོགས་གསར་འཛུགས་བྱ་འགུལ་རབ་དང་རིམ་པ་ཏན་ཏིག་གིས་སྤེལ་བ་དང་། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས་ཤིང་།  རོང་འབྲོག་མང་ཚོགས་ཀྱིས་ཡུལ་སྲོལ་གོམས་གཤིས་སྒྱུར་བ་དང་གོམས་གཤིས་ངན་པ་འདོར་བར་ཁྲིད་སྟོན་བྱས་ཏེ་སྐྱོན་བྲལ་ཡར་ཐོན་གྱི་ཞིང་སྡེའི་རིག་གནས་སྐྱེད་སྲིང་བྱས་པ་དང་།  ཡ་རབས་དང་བདེ་སྐྱིད་ཀྱི་འཚོ་བར་སྨོན་པའི་འདུན་པ་སྐུལ་སྤེལ་བྱས།

བུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་སྲ་བརྟན་མཐོར་འདེགས་གཏོང་རྒྱུ་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམ་འཛིན་བྱ་གཞི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་འདོམས་སྐུལ་འདེད་གཏོང་བ་དང་རྒྱུན་མཐུད་ངང་ཤུགས་བརྒྱབ་སྟེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་མཐོ་འདེགས་བཏང་།  རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་མཐུན་སྦྱོར་ངང་དོན་འཁྱོལ་བྱས་པ་དང་མཚོ་སྔོན་རོགས་སྐྱོར་ལས་གཞི44ལག་བསྟར་བྱས་ཤིང་། དམངས་ཚིས་ལ་ཕན་པ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ། ཞན་ཆ་གསབ་པ་བཅས་ཀྱི་ལས་གཞི་ཁག་ཅིག་བསྐྲུན་ནས་དབུལ་ཐར་གྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་བཏང་ཡོད། ལྷག་པར་དུ2015ལོ་ནས་གནད་འཁེལ་དབྱེ་འབྱེད་ཀྱི་བྱ་བ་སྤེལ་བའི་ཚུན་ལ།  ཕྱིར་འཐེན་བྱེད་ཞོར་དང་སྲ་བརྟན་གཏོང་ཞོར་དུ་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་འགན་སྲུང་བྱེད་པ་མ་ཟད། ཁྱིམ་ཚང་དབུལ་པོ་མིན་པ་དང་། མཐའ་ཁུལ་ཁྱིམ་ཚང་། ཁྱིམ་ཐོ་མེད་པའི་ཁྱིམ་ཚང་བཅས་ལ་ཁྱོན་ཡོངས་ནས་ཁེབས་པར་བྱས་པ་དང་།  ལོ་འཁོར་དབྱེ་ནས་དབུལ་ཐར་མཁྲེགས་གཏོར་གྱི་སྲ་བརྟན་མཐོར་གཏོང་གི་ཇུས་གཞི་བཟོས་པ་དང་ལག་བསྟར་བྱས་ནས། ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན་དང་། ཞིང་ཆེན་དང་ཁུལ་གྱི་ཞིབ་བཤེར། རྫོང་རིམ་པའི་རང་བཤེར་གནད་དོན་བཅས་ནུས་ཤུགས་ཡོད་རྒུས་དག་ཐེར་ལེགས་སྒྲིག་བྱས། མ་དངུལ་སྒོར་ས་ཡ་གཉིས་ལྷག་དོན་འཁྱོལ་བྱས་ཏེ།  བསྟུད་མར་ལོ་གསུམ་རིང་དབུལ་ཐར་མི་གྲངས་ལ“དབུལ་ཐར་འགན་ལེན”གྱི་ཚོང་ལས་ཉེན་ཚབ་ཉོས་པ་དང་།  བསྟུད་མར་ལོ་གཉིས་ལ་མཐའ་ཁུལ་ཁྱིམ་ཚང་ལ“དབུལ་ཐར་འགན་ལེན”གྱི་ཚོང་ལས་ཉེན་ཚབ་ཉོས་ཡོད།  མཁར་གྲོང་གི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བར་བྱེད་པའི་བྱ་བ་འཚོལ་ཞིབ་བྱས།

འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བུའུ་ལན་རྫོང་གིས་2017ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་དབུལ་ཞྭ་ཕུད་པའི་རྫོང7གྱི་ཁྲོད་སྤྱིའི་སྐར་གྲངས་ཨང་དང་པོར་སླེབས་པའི་གྲུབ་འབྲས་ཐོག་ནས་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་ཡོད། རྫོང་ཡོངས་ཀྱི་དབུལ་ཐར་མི་གྲངས་མི་རེའི་ཆ་སྙོམས་ཡོང་འབབ་དེ2015ལོའི་སྒོར2970ནས་2019ལོའི་སྒོར16299བར་འཕར་ཡོད།   དབུལ་ཐར་གྲུབ་འབྲས་ལ་མང་ཚོགས་ཀྱིས་ཁས་ལེན་བྱེད་ཚད་99.48%ཟིན་ཡོད། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་2016ལོ་དང་། 2018ལོ། 2019ལོའི་ཞིང་ཆེན་རིམ་པའི་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་དཔྱད་ཞིབ་ཀྱི་ཕུལ་བྱུང་ས་ཁུལ་གྱི་མཚན་སྙན་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་2017ལོ་དང་། 2018ལོ། 2019ལོ་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་ས་ཁུལ་གྱི་མཚན་སྙན་ཐོབ་ལ། མཚོ་ནུབ་ཁུལ་གྱི2016ལོ་ནས་2017ལོའི་ལོ་འཁོར་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཕུལ་བྱུང་ས་ཁུལ་གྱི་མཚན་སྙན་ཐོབ་ཡོད།

2020ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་མཇུག་བསྡུ་བའི་ལོ་ཡིན་ལ།  དབུལ་ཐར་མཁྲེགས་གཏོར་གྱི“མཐའ་མའི་གྲུབ་འབྲས”བདེ་བླག་ངང་ལེན་ཐུབ་མིན་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། བུའུ་ལན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་དང་ཁུལ་གྱི་ལས་ཀའི་བླང་བྱ་ལྟར། སྔར་ལས་འགྱུར་མེད་ཀྱི་ཡིད་ཆེས་དང་། སྔར་ལས་སྤྲོ་སེམས་ཆེ་བ། སྔར་ལས་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས། སྔར་ལས་དངོས་དོན་གཉེར་བའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེའི་དར་སྤེལ་གྱི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་སྒོས་ཞུགས་ཀྱིན་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།