དཔའ་ལུང་རྫོང་གིས་དམངས་ཚིས་འགྲོ་གྲོན་ཐད་ཤུགས་སྣོན་བྱས།
2021.02.23 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 10

 2020ལོར། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས“བརྟན་འཇགས་དྲུག”དང  “འགན་སྲུང་དྲུག”གི་སྲིད་ཇུས་ལས་འགན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས། དམངས་ཚིས་ཞན་ཆ་ཟམ་མི་ཆད་པར་ཁ་གསབ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། 2020ལོར་དམངས་ཚིས་ཁྱབ་ཁོངས་ཀྱི་འགྲོ་གྲོན་གྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི80%ཟིན་ཡོད་པ་རེད།

ན་ནིང་ནས་བཟུང་། དཔའ་ལུང་རྫོང་གིས་དམངས་འདོད་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་སྤྱི་པའི་ཞབས་ཞུ་དང་།    སྤྱི་ཚོགས་འགན་སྲུང་།    ཡོང་འབབ་འཕར་སྣོན། དབུལ་ཐར་སོགས་ལ་དམིགས་ནས་དམངས་ཚིས་དོན་དངོས་བཅུ་ཡག་པོ་བསྒྲུབས་ཏེ་སློབ་གསོ་དང་།    ལས་ཞུགས།    སྨན་བཅོས་སོགས་མང་ཚོགས་ཀྱི་དོན་དག་ཐག་གཅོད་དང་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་བཅས་ནས་འགོ་བརྩམས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཕན་ཁེ་བསྐྲུན།

2020ལོར། དཔའ་ལུང་རྫོང་གིས་གྲོང་ཁྱེར་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་དགུ་དང་།    གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དྲུག་འབུམ་ལྔ་ཁྲི་དགུ་ལྷག  རྒན་པའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་ལྔ་འབུམ་བདུན་ཁྲི་གསུམ་བཅས་སྤྲད་ནས་རྒན་རྒོན་སྡོད་ཁུལ་དང་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་བྱེད་མཁན3401ཟིན་པ་དང་།     སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་དྲུག་གི་བྱ་སྤྱོད་འཆར་གཞིའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་བ་དང་།    མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་གཅིག་བྱེ་བ་ལྔ་ས་ཡ་གཉིས་ བཏང་བའི་སློབ་གྲྭ་ཆུང་འབྲིང་གི་ཉལ་ཁང་ཞིག་གསོ་དང་རྫོང་གི་བྱིས་གཉོར་ཁང་གསུམ་པ་སོགས་ཀྱི་ལས་གཞི་ལག་ལེན་དུ་བསྟར་བ་དང་།    འཚོ་བཅུད་ལེགས་གཏོང་འཆར་གཞི་དང“སྦྲང་ཆར་འཆར་གཞི”སོགས་དམངས་ཕན་མ་དངུལ་སྣ་ཚོགས་སྒོར་བྱེ་བ་ལྔ་ས་ཡ་གསུམ་འབུམ་དགུ་དོན་འཁྱོལ་བྱས་པ་དེས་སློབ་མ་མི་ཐེངས་ཁྲི་དྲུག་སྟོང་བདུན་ལ་ཕན་ཁེ་ཐོབ་ཡོད་པ་རེད།     དེ་དང་ཆབས་ཅིག་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སྲ་བརྟན་གཏོང་ཚད97%ཟིན་པ་དང་།    སློབ་སྔོན་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ལོ་རན་པའི་སློབ་ཞུགས་བྱེད་ཚད90%ཟིན་པ།    དངོས་གཞིའི་ཚན་ཁག་གི་དྲ་ཞུགས་བྱེད་ཚད57.5%ཟིན་པ།     རྫོང་རིམ་པའི་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ།     ནད་གཞི་ཚབས་ཆེན་དང་།  ས་གནས་རང་བཞིན་གྱི་ནད་རིགས།  ལས་རིགས་ཀྱི་རྐྱེན་ལས་བྱུང་བའི་ནད་གཞི་བཅས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ།     བདེ་ཐང་དབུལ་སྐྱོར་དང་།    མ་བུའི་ལུས་ཁམས་བདེ་སྲུང་།    འཕྲོད་བསྟེན་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་།    རྫོང་ཀྲུང་ལུགས་སྨན་ཁང་གི་སྨན་བཅོས་ཐོག་ཁང་དང་།    ནད་ཡམས་ཚོད་འཛིན་ལྟེ་གནས།    མ་བུའི་འཕྲོད་བསྟེན་བདེ་སྲུང་ཞབས་ཞུ་ལྟེ་གནས་སོགས་ལས་གཞི་དག་འཛུགས་བསྐྲུན་བྱས་ནས་སྤྱོད་འགོ་ཚུགས་པ་དང་།    གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཁ་གསབ་མ་དངུལ་སྒོར་ས་ཡ་བརྒྱད་འབུམ་ལྔ་ཁྲི་གསུམ་སྤྲད་ཅིང་།    མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཅིག་བཏང་ནས་རྫོང་སྨན་ཁང་གི་སྦྲུམ་མ་དང་བྱིས་པའི་མྱུར་སྐྱོབ་ཚན་ཁག་བཙུགས་ཏེ།    རྫོང་ཁོངས་སུ་སྨན་པ་བསྟེན་ཚད90.18%ཟིན་པ་དང་།     ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་མི་ཐེངས4360ཡོངས་འགྲུབ་བྱས་པ་དང་།    སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་སྒོར་ས་ཡ་དྲུག་ལྷག་སྤྲད་པ།    ལས་རིགས་ཁག་གི་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱས་ཚད་མི450ཟིན་པ་དང་།    མི1170གསར་དུ་ལས་ཞུགས་བྱས་པ།    གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ འབུམ་གཅིག་ལྷག་ལ་ལས་ཀ་གཞན་པ་བཀོད་སྒྲིག་བྱས།    གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.97%ནང་དུ་ཚོད་འཛིན་བྱས་པ་དང་།     མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སྤྱི་ཡོངས་ལས་ཞུགས་ཐུབ་ཚད89%ཡན་རྒྱུན་འཁྱོངས་ཐུབ་ཡོད།

གཞན་ཡང་དཔའ་ལུང་རྫོང་གིས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

ན་ནིང་ནས་བཟུང་།  དཔའ་ལུང་རྫོང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་ བཅོས་སྒྱུར་གཙོ་གནད་དུ་བཟུང་ནས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

2020ལོར། དཔའ་ལུང་རྫོང་གི་ཞིང་ལས་སྐྱེ་དངོས་ཐོན་ཚད་ཏུན་འབུམ་གཉིས་ཁྲི་བཞི་ལྷག་ཟིན་པ་དེ་དུས་མཚུངས་ལས3.9%འཕར་བ་དང་།    ཤ་དང་།    སྒོ་ང་།    འོ་མའི་རིགས་ཀྱི་ཐོན་ཚད་ཀྱིས་སོ་སོར་ཏུན་ཁྲི་གཅིག་སྟོང་བདུན་ལྔ་བརྒྱ་དང་ཏུན་སྟོང་གཉིས་ལྔ་བརྒྱ། ཏུན་ཁྲི་གཅིག་སྟོང་ལྔ་ལྷག་ཟིན་ཞིང་།    ཁྱད་ལྡན་ཞིང་ལས་སྐྱེ་དངོས་འདེབས་སའི་རྒྱ་ཁྱོན་གྱི་བསྡུར་ཚད87%ཡན་ཟིན་པ་དང་།    ཞིང་པའི་ཆེད་ལས་མཉམ་ལས་ཁང4ཇེ་མང་དུ་ཕྱིན་པ།    ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས1དང་གྲོང་ཁྱེར་རིམ་པའི་ཁེ་ལས24དར་སྤེལ་བྱས་པ་དང་།     བཟོ་ལས་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་གཅིག་བཏང་ནས་ལོ་རེར་སྐྱེ་ལྡན་ལུད་ཏུན་འབུམ་གཅིག་ཐོན་སྐྱེད་དང་ཅ་ཡུན་ཧ་ཡང་ལས་རིགས་ཀྱི་ཚ་ནུས་ལྷག་མ་བེད་སྤྱོད་སོགས་ཀྱི་ལས་གཞི5བསྐྲུན་ནས། སྤྱོད་འགོ་ཚུགས་པ་དང་ཐོན་རྫས་གཙོ་བོ་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད98.7%ཟིན་ཡོད་པ་རེད།

དུས་མཚུངས་སུ་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་སྣོན་བྱས་པ་དང་།   ཡུལ་སྐོར་དབུལ་སྐྱོར་དང་མཚེ་མགུར་ཁུལ་གསར་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སོགས་ལས་གཞི་འགྲུབ་ནས་སྤྱོད་འགོ་ཚུགས་པ་དང་།     ཡུལ་སྐོར་བྱ་འགུལ་དང་དམངས་ཁྲོད་མདའ་འཕེན་འགྲན་སྡུར་སོགས་ཀྱི་རིག་རྩལ་བྱ་འགུལ་སྤེལ་ཏེ།  ཡུལ་སྐོར་བ་མི་ཐེངས་ས་ཡ་གཅིག་འབུམ་ལྔ་ཁྲི་གཉིས་སྣེ་ལེན་དང་།    ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་གསུམ་བྱེ་བ་གཅིག་ས་ཡ་དྲུག་མངོན་འགྱུར་བྱུང་ཞིང་།     སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་བཏང་ནས་ཚད་ལྡན་ཅན་གྱི་འཐེན་ཐུག་ཐོན་ལས་གླིང་བསྐྲུན་ནས་འཐེན་ཐུག་ཆ་འཕྲིན་ཅན་གྱི་སྟེགས་བུ་གཞི་རྩའི་ཆ་ནས་བསྐྲུན་ཡོད།     ལས་ཞུགས་ལས་གཏོད་ཀྱི་མི148དང་འཐེན་ཐུག་གི་མཐོ་རིམ་གཉེར་སྐྱོང་དོ་དམ་གྱི་ཤེས་ལྡན་མི་སྣ100ལ་གསོ་སྦྱོང་བྱས་པ་དང་།    འཐེན་ཐུག་ཚོང་ཁང་ཐོག་མར་བཙུགས་ནས་ལས་གཏོད་བྱེད་པའི་ཁ་གསབ་སྒོར་ས་ཡ་དྲུག་འབུམ་གཉིས་སྤྲད་པས།    འཐེན་ཐུག་ཐོན་ལས་ཀྱི་མཚན་སྙན་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།