ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་བཏང་སྟེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་འཛུགས་དགོས།
2021.03.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་བ་ནི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་འགན་གལ་ཆེན་ཞིག་ནི་ཏང་ཡོངས་ཀྱི་བློ་མཐུན་གྱིས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་བརྟན་པོ་བསྐྲུན་པའི་སློབ་གསོར་ཁྲིད་སྟོན་བྱ་རྒྱུ་དེ་རེད། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་ཟིན་པ་དང་། ཏང་གི་རྩ་འཛུགས་རིམ་པ་སོ་སོའི་ནན་ཏན་སྒོས་ལག་ལེན་དོན་འཁྱོལ་བྱས་ཏེ་དངོས་གནས་ཕན་འབྲས་ཐོན་པར་དམ་འཛིན་ནན་མོ་བྱ་དགོས།

གཞུང་ལུགས་ཆེན་པོ་ཤེས་འདོད་ན། སྔོན་ལ་ལོ་རྒྱུས་སློབ་སྦྱོང་བྱེད་དགོས། ཏང་གི་ལོ་རྒྱུས་སྟེང་གི་ཁྱད་དུ་འཕགས་པའི་རླབས་ཆེ་བའི་འབད་འཐབ་ཀྱི་ལོ་རྒྱུས་དང་འོད་སྟོང་འབར་བའི་གྲུབ་འབྲས་བཀོད་ཡོད་པ་དེས། མི་རྣམས་ཀྱི་བློ་སྒོ་འབྱེད་པའི་རྩ་ཆེའི་ཉམས་མྱོང་དང་། མིའི་བློ་སྒོ་ཟབ་འབྱེད་ཀྱི་ཡིད་དབང་འཕྲོག་པའི་བློ་གྲོས། དད་མོས་དང་དད་སེམས་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཕུན་སུམ་ཚོགས་པའི་འཚོ་བཅུད་འདུས་ཡོད། ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་ལ་དམིགས་ནས། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་གནས་པའི་གནད་འགག་གི་དུས་སྐབས་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མདུན་དུ། ང་ཚོས་ཏང་གི་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ལོ་རྒྱུས་སློབ་སྦྱོང་དང་གནས་ལུགས་གསལ་རྟོག་བྱེད་པ། ལོ་རྒྱུས་སློབ་སྦྱོང་བྱས་ཏེ་སྤྱོད་བཟང་ལ་མཐོང་ཆེན་བྱེད་པ། ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ལག་ལེན་འབད་སྒྲུབ་བཅས་བྱས་ནས། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྒྲུབ་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཞིག་བརྩམས་ནས།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་རྩོམ་པར་འགན་ལེན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཞིག་རྒྱུན་ཆད་མེད་པར་གཏོད་བྱེད་དགོས་ཞེས་གསུངས།

ང་ཚོའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བའི་ལོ་རྒྱུས་ཤིག་ཡིན་པ་དང་། འགྲན་སློང་མདུན་བསུ་དང་འཇོན་ཐང་ཆེ་རུ་གཏོང་བའི་ལོ་རྒྱུས་ཤིག་ཡིན། རྒྱུན་ཆད་མེད་པར་རང་ཉིད་གསར་བཅོས་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ལོ་རྒྱུས་ཤིག་ཡིན་པ་དང་། དེ་ནི་རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་ཆགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བསྐྲུན་པའི་ལོ་རྒྱུས་ཤིག་རེད། མཚོ་སྔོན་ཡང་གསར་བརྗེའི་རིག་གནས་ཀྱིས་ཕྱུག་ཅིང་རྩ་ཆེའི་སྙིང་སྟོབས་སྐྱེད་སྲིང་བྱེད་པའི་ས་གཞི་ཆེན་མོ་ཞིག་ཡིན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད། ང་ཚོས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་བསྐྲུན་པ། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ་ལམ་སྣེ་འཁྲིད་པ་དང་དཀའ་ཚེགས་ཆེ་བའི་འཐབ་རྩོད་ཀྱི་མདུན་དུ་ཕྱིར་བཤོལ་མི་བྱེད་པ་བྱ་དགོས།

ང་ཚོའི་ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱེད་ཁྲོད། ང་ཚོས་ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ལ་བརྟེན་ནས་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་བཏང་བ་དང་། གཅིག་རྒྱུན་གཅིག་འཛིན་དང་བབ་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་བསམ་ཕྱོགས་གསར་པ་རྒྱུན་མི་ཆད་པར་གསར་གཏོད་བྱེད་དགོས། ང་ཚོས་སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་བ་བརྒྱུད། རྒྱ་ཆེའི་མི་དམངས་མང་ཚོགས་སྤྱི་དང་ལྷག་པར་དུ་ན་གཞོན་ལོ་ཆུང་རྣམས་ལ་ཀྲུང་གོ་གུང་ཁྲན་ཏང་ནུས་པ་ལྡན་ཞིང་། མར་ཁེ་སིའི་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དགེ་མཚན་ལེགས་པོ་ལྡན་པ་བཅས་ཀྱི་གཞི་རྩའི་གནས་ལུགས་གསལ་པོར་ཤེས་པར་བྱ་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་བྱས་རྗེས་འཇོག་དགོས།

ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་བ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ང་ཚོས་གདེང་འཇོག་མཐོན་པོ་བྱས་ཏེ། བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་ནས། དོན་དངོས་ལ་རྐང་འཛུགས་པ་དང་གསར་གཏོད་ཡང་དག་བྱེད་པ། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བཅས་བྱས་ཏེ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་སྔར་ལས་ལེགས་པོ་བྱེད་པ་དང་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་གྱི་ལས་འགན་བརྟན་པོ་སྒྲུབ་པ་བཅས་བྱེད་པ་དང་། ལོ་རྒྱུས་ཀྱི་བློ་གྲོས་དེ་མདུན་སྐྱོད་ཀྱི་སྟོབས་ཤུགས་སུ་འགྱུར་བ་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་སྟེང་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།

ཡིག་སྒྱུར་པ། ཤ་བོ་རིན་མཚོ།