དྲིན་ཚོར་ཡར་བརྩོན་དང་འགན་འཁྲི་དངོས་སྒྲུབ་བཅས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་བ་བསྐྲུན་དགོས་ཞེས་པའི་མགོ་ལོག་གི་ལེའུ་རྩོམ་དགོས།
2021.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་དམངས་ཆེན་ཚོགས་ཆེན་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ལ་ཞུགས་ཏེ།མཚོ་སྔོན་གྱི་འཐུས་མིར་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་ཉིད་མཚོ་སྔོན་མཐོ་སྒང་དུ་རྟོག་ཞིབ་ཐེངས་གཉིས་ལ་ཕེབས་ཤིང་། གྲོས་ཞིབ་བྱེད་ཐེངས་རེ་རེ་དང་རྟོག་ཞིབ་བྱེད་ཐེངས་རེ་རེར་བརྩེ་སེམས་ཟབ་མོ་དང་སྐུལ་ལྕག་ཆེན་པོ་གནང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“བདུན་པའི་ཚེས་གཅིག”ཉིན་གྱི་གསུང་བཤད་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། དེ་མིན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བཅས་ལ་ནན་ཏན་སྒོས་སློབ་སྦྱོང་ལག་བསྟརདང་ཁྱོན་ཡོངས་ནས་དངོས་འབེབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་འཕྱུགས་མེད་ངང་ལག་བསྟར་བྱས་པ་དང་།མགོ་ལོག་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་ཕབ་བྱས་པའི་“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞིའི”སྤྱིའི་བསམ་ཕྱོགས་ལྟར། “སྔོན་འགྲོ་གཅིག་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། “དཔེ་སྟོན་ལྔའི་ཞིང་ཆེན”གྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ཏེ། མགྱོགས་མྱུར་ངང“ས་ཁུལ་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “མཐོ་ས་གསར་བ་བརྒྱད”ལེགས་བསྐྲུན་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་བའི་མགོ་ལོག་གི་ལེའུ་ཞིག་བརྩམས་ཡོད།

དུས་སྐབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ཁྱོན་ཡོངས་ནས་ཤུགས་ཆེར་གཏོང་བ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཏང་འཛུགས་ཀྱི་སྤྱི་འདོམས་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་འབུར་དུ་ཐོན་པར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་གྲོས་གཞི་དང་པོའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གཟབ་ནན་དུ་གཏོང་བ། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དང་ཚད་ལྡན་དུ་གཏོང་བ། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། “རང་རྟོན་བཞི”ཇེ་བརྟན་དུ་བཏང་སྟེ“སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་དགོས། དྲིལ་བསྒྲགས་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་མཐུད་ངང་སྐྱེད་སྲིང་དང་ལག་བསྟར་བྱས་ནས། རིམས་ནད་ལ་འགོག་རྒོལ་དང་རྨ་སྟོད་ཀྱི“5·22”ས་ཡོམ་གྱི་ཡོམ་འགོག་གནོད་སེལ་དང་གནོད་ཤུལ་སླར་གསོའི་བསྐྱར་སྐྲུན་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱ་འགུལ་རྒྱ་ཁྱབ་ངང་སྤེལ་ཡོད། པད་མ་དམར་དམག་ལུང་བའི་ས་གནས་ཀྱི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གསར་བརྗེའི་སློབ་གསོ་དང་དྲིན་ཚོར་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ། འདུ་ཤེས་འཛིན་སྟངས་བྱ་བའི་རང་འགུལ་དབང་ཆ་ཇེ་བརྟན་དུ་གཏོང་དགོས། ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་བྱེད་པའི་ཆབ་སྲིད་བྱང་ཚད་རྟོག་ཞིབ་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དོ་དམ་ནན་མོ་དང་གཅེས་སྐྱོང་། བཀོལ་སྤྱོད་དང་འཚར་ལོངས་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞི་རིམ་དུ་སྦྱོང་བརྡར་དང་ལག་ལེན་དངོས་ཀྱི་ཁྲོད་དུ་ལས་བྱེད་པ་གསོ་སྐྱོང་བྱས་ཏེ། གཞི་རིམ་གྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྲུན་བྱ་བའི་འགན་འཁྲི་དོན་འཁྱོལ་ནན་མོ་དང་། ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། “དྲ་སྦྲེལ་དང་ཏང་འཛུགས”འཚོལ་ཞིབ་བྱེད་པ་དང་། ཏང་ཡོན་གྱི་ཉིན་རྒྱུན་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་པ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་མི་འདེམས་སྒྲུག་དང་དོ་དམ། བཀོལ་སྤྱོད་བཅས་ཀྱི་བྱ་བ་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་དགོས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེ་མིན་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གཞི་རིམ་གྱི་ལྟ་སྐུལ་སྒྲིག་བསྟར་ཁྲིམས་འཛིན་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཉེ་འགྲམ་དུ་རུལ་སུངས་སུ་གྱུར་པའི་གྱོད་གཞི་ཞིབ་གཅོད་ནན་མོ་བཅས་བྱེད་དགོས།

“རྒྱལ་ཁབ་ཀྱི་དོན་ཆེན”གྱི་མཐོ་ཚད་དང་མཐོང་རྒྱ་ལ་བརྟེན་ནས། སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་དངོས་སུ་འཁུར་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། “མཐོ་ས་གསར་བ་བརྒྱད”ཧུར་ཐག་གིས་བསྐྲུན་པ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་མགོ་ལོག་གི་དཔེ་མཚོན་བསྐྲུན་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འབྲི་ཆུའི་བཀག་འཛིན་དང་རྨ་ཆུ་བཀག་འཛིན་གཟབ་ནན་སྒོས་ལག་བསྟར་བྱ་དགོས། སྦགས་བཙོག་ཕྱོགས་བསྡུས་འགོག་བཅོས་ཀྱི་མཁྲེགས་གཏོར་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། མཚོ་དཔོན་ལམ་ལུགས་དང་ནགས་རྩྭའི་ལམ་ལུགས། གཙང་པོ་དང་ཆུ་བོའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཛུགས་པ་བཅས་བྱེད་དགོས། འཕེལ་རྒྱས་དང་འཚམ་པའི་སྲུང་སྐྱོབ་རྐྱེན་སྲོལ་འཚོལ་ཞིབ་བྱ་དགོས། “ཚད་ཐིག་གསུམ་དང་རྩིས་ཐོ་གཅིག”གི་དོ་དམ་ཚོད་འཛིན་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་། སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་པ། ལྗང་མདོག་ཕན་བདེ་དང་སྐྱེ་ཁམས་བདེ་སྐྱིད་ཆེ་རུ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་གིས་བསྐྲུན་པ་བཅས་བྱེད་དགོས།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་མགོ་ལོག་གི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ། བློ་བརྟན་འགྱུར་མེད་སྒོས་ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་རང་འགུལ་ངང་འདྲེས་པར་བྱ་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནོར་གནག་དང་ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་ཕན་པའི་གོ་སྐབས་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་ནས། “རྩྭ་དང་ཕྱུགས་ལས”བཅས་འཁོར་རྒྱུག་ཐོན་སྐྱེད་རྣམ་པ་ལག་ལེན་ཧུར་ཐག་བྱས་ནས། ཚད་ལྡན་ཅན་དང་ལྗང་མདོག་ཅན། སྤུས་ལེགས་ཅན། ཁྱད་ལྡན་ཅན་བཅས་ཀྱི་ཕྱིར་གཏོང་ལ་སྐུལ་འདེད་བཏང་ཡོད། པད་མའི་བོད་ཇ་དང་ལུག་གྲོད་ཤ་མོ་སོགས་འདེབས་འཛུགས་ལས་རིགས་སྟོབས་ཆེར་བཏང་ནས། “སྐྱེ་ཁམས་མགོ་ལོག ལྗང་མདོག་ཞིང་འབྲོག”གི་སྤུས་རྟགས་བསྐྲུན། རང་འགུལ་ངང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ནང་ཞུགས་དགོས། སྐྱེ་ཁམས་རིན་ཐང་སྔོག་འདོན་དང་ཐོན་ལས་ཀྱི་རིན་ཐང་ཇེ་མཐོར་གཏོང་བ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ནུས་ཤུགས་ཡོད་དགུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་ཀྱི་རྩྭ་ཐང་སྤྱི་གླིང་། རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་དང་གེ་སར་རིག་གནས། རྨ་ཆུའི་རིག་གནས། གསར་བརྗེའི་རིག་གནས་བཅས་གཞི་གཅིག་ཏུ་འདུས་པའི“གངས་ལྗོངས་མགོ་ལོག་ཡུལ་སྐོར་གཙང་གནས”ཀྱི་སྤུས་རྟགས་སྐྱེད་སྲིང་བྱས་ནས། སྲོལ་རྒྱུན་རིག་གནས་འགྲེམས་འཁྲབ་དང་ཁྱད་ལྡན་དྲན་རྟེན་དངོས་རྫས་གསར་སྤེལ་སོགས་ལས་རྣམ་གསར་པ་སྐྱེད་སྲིང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་གནས་འཛུགས་སྐྲུན་བྱེད་པར་རང་འགུལ་གྱིས་ཟབ་ཞུགས་བྱ་དགོས། 《མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་བྱ་སྤྱོད་ཀྱི་ཇུས་གཞི》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འོད་ཤུགས་གློག་འདོན་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མ་སྟེང་གློག་འདོན་ས་ཚིགས་ཀྱི་རྣམ་གྲངས་ཇེ་མགྱོགས་སུ་གཏོང་བ། རྡོ་སོལ་གློག་སྒྱུར་གྱི་བཟོ་སྐྲུན་ཡག་པོར་སྒྲུབ་པ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། ཐོན་སྐྱེད་གཙང་མ། ནུས་རྒྱུ་གཙང་མའི་ཐོན་ལས་བཅས་འཕེལ་རྒྱས་འཚོལ་ཞིབ་བྱེད་དགོས། རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྙིང་འགུལ་ནུས་འཕེལ་རྒྱས་སུ་གཏོང་དགོས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ནུས་ཤུགས་ཡོད་རྒུས“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རིམ་པ་སྔར་ལས་མཐོ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་ཐོག་ནས་མགོ་ལོག་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། གཞི་རིམ་གྱི་རྨང་གཞི་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ནས། བློ་བརྟན་འགྱུར་མེད་ངང་དམངས་ཚིས་བདེ་སྐྱིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མཁར་གྲོང་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་བྱ་དགོས། དབུལ་ཕོངས་བསྐྱར་ལོག་མི་འབྱུང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྗེས་མཐུད་ཀྱི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་དུ་འགྱུར་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་སྐུལ་འདེད་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་དགོས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཛེས་སྡུག་ལྡན་པའི་སྒོ་ར་དཔེ་སྟོན་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་ཚིས་གཞི་ཐིག་དམ་སྲུང་དང་དམངས་ཚིས་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས། སྤུས་ཚད་སྔར་ལས་མཐོ་བའི་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྤུས་ལེགས་ཀྱི་བདེ་ཐང་ཞབས་ཞུ་ཁྱབ་གདལ་དུ་བཏང་ནས། “དྲ་སྦྲེལ་དང་སྨན་བཅོས་བདེ་ཐང”ལ་སྐུལ་འདེད་བཏང་སྟེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། ཐུམ་འབུའི་ནད་གཙོ་བོར་བྱེད་པའི་ས་གནས་ཀྱི་འགོས་ནད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྡོད་གནས་ཀྱི་ཆ་རྐྱེན་སྔར་ལས་བཟང་བོ་འདོན་སྤྲོད་བྱས་ཏེ། རྣམ་པ་གསར་བའི་གྲོང་རྡལ་ཅན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གཙོ་བོའི་ཆུ་ཚད་མཐོ་རུ་གཏོང་དགོས། སྔར་ལས་སྟབས་བདེ་བའི་འགྲོ་སྐྱོད་བགྲོད་ལམ་འཛུགས་སྐྲུན་བྱེད་པ་དང་། “ལམ་དཔོན་ལམ་ལུགས”དོན་འཁྱོལ་བྱས་ནས་ཁྲི་ཀ་ནས་རྟ་བོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། མགོ་ལོག་གནམ་གྲུ་ཐང་གི་དུས་སྐབས་གཉིས་པའི་རྒྱས་སྐྲུན། “ཡག་པོ་བཞིའི་ཞིང་སྡེའི་ལམ་བུ”དང་དེ་མིན་འགྲིམ་འགྲུལ་ས་ཚིགས་འཛུགས་སྐྲུན་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་གཅིག་སྡུད་བྱས་ནས་དོ་སྙོམས་དང་སྤུས་ལེགས་ཡོང་བ་བྱས་ཏེ་སྤྱི་ཚོགས་འགན་སྲུང་གི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་དགོས། གཞི་རྩའི་དམངས་ཚིས་འགན་སྲུང་དང་གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་མ་ལག་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་ཉེན་ཚབ་ཀྱི་ཚད་གཞི་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒན་རྒོན་དང་བྱིས་པ། དབང་པོ་སྐྱོན་ཅན། མཁར་གྲོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་བཅས་ལ་ཐུགས་ཁུར་ཞབས་ཞུ་དང་གཞི་རྩའི་འཚོ་བའི་འགན་སྲུང་འཐུས་ཚང་དུ་གཏོང་དགོས། ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བྱས་ནས་ལས་ཞུགས་ལས་སྐྲུན་ལ་རོགས་སྐྱོར་ཤུགས་ཆེན་བྱ་དགོས། ཚན་རིག་དང་མཐུན་པར་འཆར་འགོད་ལག་བསྟར་བྱས་ནས་གནོད་ཤུལ་བསྐྱར་སྐྲུན་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་དགོས། སྲིད་ཇུས་ཀྱི་ཁྲིད་ཕྱོགས་ཁོང་དུ་ཡང་དག་ཆུད་པ་དང་། རང་འགུལ་གྱིས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པར་འཆར་འགོད་དང་ཇུས་འགོད་བྱེད་པ། སླར་གསོ་བསྐྱར་སྐྲུན་གྱི་ལས་གཞི་ཆེན་པོ་བརྒྱད་ལག་བསྟར་བཅས་བྱས་ཏེ། ལོ་གསུམ་གྱི་ནང་གནོད་ཤུལ་བསྐྱར་སྐྲུན་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱ་དགོས།

ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་ཁུལ་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྣེ་ཁྲིད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་མངོན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་ཁྲིད་སྟོན་བྱེད་པ། བསམ་བློར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་ཁྲིད་སྟོན་བྱེད་པ། འཕེལ་རྒྱས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། རིག་གནས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། བྱ་འགུལ་སྤེལ་བར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ། སྔོན་ཐོན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས། གཞི་རིམ་གྱི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། “ཏང་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང”གསར་གཏོད་དང་། “པད་མའི་ཉམས་མྱོང་”རིམ་སྤར་དཔེ་སྟོན། “ཧྥིན་ཆའོ་ཉམས་མྱོང་”ས་གནས་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་པ། གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཚོད་ལྟ་དམ་འཛིན་ལེགས་པོ་བྱེད་པ། “བརྒྱད་ལྔའི་”བཅའ་ཁྲིམས་ཁྱབ་གདལ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ། ཐབས་ལམ་མང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་འགལ་བ་འདུམ་འགྲིག་དང་། ཡུལ་བབ་དང་བསྟུན་ནས་ཆེད་དོན་རྡུང་རྡེག་དང་བཅོས་སྐྱོང་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་ཆོས་ལུགས་ལས་དོན“ཉིང་གཅིག་རྒྱུ་མང་མཉམ་བཅོས”ཀྱི་རྣམ་པ་གསར་པ་བཏོད་དེ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རྒྱུན་ལྡན་ཅན་དུ་བསྒྱུར་ནས་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་བྱ་བ་སྤེལ་ཏེ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། བོད་འབྲེལ་ཁུལ་དང་རྫོང་གི་རིགས་སོ་སོའི་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་སེལ་དགོས་པ་དང་། ཉེན་མེད་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གནོད་འགོག་གནོད་འཕྲི་དང་གནོད་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།