ཐུན་ཏེ་རྫོང་ཞོལ་མ་ཡུལ་ཚོ་རྨོག་དཀར་སྡེ་བའི་ཏང་ཀྲི་པུའུ་ཡིས་བྱེད་ཐབས་མང་པོ་སྤྱད་དེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
2024.01.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 2

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་དོན་སློབ་གསོར་སྐུལ་འདེད་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་ལས་བྱེད་པའི་སློབ་གསོའི་སྣེ་ཁྲིད་འོག་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་གསུངས་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་ཞོལ་མ་ཡུལ་ཚོ་རྨོག་དཀར་སྡེ་བའི་ཏང་ཀྲི་པུའུ་ཡིས་རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་བྱས་ནས་ཏང་ཡོན་གྱིས་ཁྱོན་ཡོངས་ལ་སློབ་སྦྱོང་བྱེད་ཐུབ་པར་འགན་ལེན་དང་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་བཏང་། སྤྱིར་བཏང་གི་ཏང་ཡོན་ལས་བྱེད་པར་དམིགས་ནས་རྨོག་དཀར་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་ཏེ་དུས་ཐོག་ཏུ་སློབ་སྦྱོང་གི་དཔྱད་གཞི་ཚང་མར་སློབ་སྦྱོང་གཏིང་ཟབ་བྱས་ནས་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་གཞིར་བཟུང་ནས་ཏང་གི་བརྗོད་དོན་ཉིན་མོའི་སློབ་གསོ་སོགས་བརྗོད་དོན་སློབ་གསོའི་གཞུང་ལུགས་ལ་སློབ་སྦྱོང་གཏིང་ཟབ་བྱས། ཏང་ཀྲི་པུའུ་ཡིས་ཉིན་རེ་རེར་རང་སྦྱོང་བྱེད་པ་དང་གཟའ་འཁོར་རེ་རེར་བསམ་བློ་བརྗེ་རེས་བྱེད་པ།  ཟླ་རེར་བགྲོ་གླེང་བྱེད་པ་སོགས་བྱ་བའི་ནང་རྐྱེན་འཛུགས་གྲུབ་བྱས་ནས་གཟའ་འཁོར་རེར་གཅིག་བསྡུས་ཀྱིས་སློབ་སྦྱོང་ཐེངས་གཉིས་དང་། ཐེངས་རེར་ཆུ་ཚོད་གཅིག་ལ་སློབ་སྦྱོང་བྱེད་པ་གཞི་རྩའི་བླང་བྱར་བཟུང་ཡོད། གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་དགོས་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སེམས་ལ་དམ་པོར་འཛིན་པར་སྐུལ་འདེད་བཏང་ཡོད།

ལོ་ན་རྒས་ཤིང་གཟུགས་གཞི་ཞན་པ། འགུལ་བསྐྱོད་སྟབས་བདེ་མིན་པ། ལག་ཁྱེར་ཁ་པར་མེད་པའི་དམིགས་བསལ་གྱི་མང་ཚོགས་ཏང་ཡོན་རྣམས་ལ་སྡེ་བའི་སྡོད་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་སྣེ་ཁྲིད་ནས་ཏང་ཡོན་ལས་བྱེད་པའི་སློབ་སྐྱེལ་རུ་ཁག་ཚན་ཆུང་བཙུགས་ཏེ། དུས་བཅད་ལྟར་ཁོ་ཚོའི་སྒོ་འགྲམ་དུ་སོང་ནས་སློབ་ཁྲིད་ཞབས་ཞུ་བྱས་ནས་ནན་ཏན་གྱིས་ཏང་ཡོན་རྣམས་སློབ་ཁྲིད་ལ་མི་ཆད་པ་དང་གཞུང་ལུགས་སྟེང་སློབ་སྦྱོང་ལ་ཆད་ལྷག་མེད་པ། བསམ་པའི་ཐོག་རྗེས་སུ་མི་ལུས་པ། ཏང་གི་གསུངས་སྐད་དུས་ཐོག་ཏུ་གོ་ཐུབ་པར་འགན་ལེན་བྱས་ནས་སྡེ་བའི་ཏང་ཀྲི་པུའུ་ཏང་ཡོན་ཡོངས་ཀྱིས་སློབ་སྦྱོང་བྱེད་ཐུབ་པར་སྐུལ་འདེད་བཏང་།དེ་དང་ཆབས་ཅིག གཞན་ད་དུང་རྨོག་དཀར་སྡེ་བས་གུང་ཁྲན་ཏང་ཡོན་གྱི་དྲ་རྒྱ་དང་རྫོང་རུའི་སྔོན་བསྐྱོད་སོགས་ཀྱི་སྤྱི་སྟེགས་སུ་སློབ་སྦྱོང་བྱེད་པའི་བྱ་བ་སྤེལ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།