ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པ་སྒྲོག་འགྲེལ་མཚོ་བྱང་ཁུལ་དུ་བསྐྱོད།
2024.01.08 ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ། ཀློག་གྲངས། 7

  མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྒྲིག་འཛུགས་བྱས་ནས་སྤེལ་བའི“ཞི་ཅིང་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཚོ་སྔོན་དུ་ལག་ལེན་བྱེད་པ”བརྗོད་དོན་ཡིན་པའི་སྐོར་སྐྱོད་སྒྲོག་འགྲེལ་ལམ་མཚོ་བྱང་ཁུལ་གྱི་ཆེད་དོན་སྙན་ཞུའི་ཚོགས་འདུ་ཉེ་ལམ་ནུབ་མཚོ་གྲོང་རྡལ་དུ་འཚོགས།  མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་པོ་སོ་སོའི་མགོ་ཁྲིད་དང་།  ཁུལ་ཏང་ཨུའི་སྡེ་ཁག་སོ་སོ།   ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་ལས་བྱེད་པའི་འཐུས་མི་ཚོས་སྒྲོག་འགྲེལ་ལ་ཉན། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གཞོན་པའམ་མཐོ་རིམ་འཆད་ཁྲིད་དགེ་རྒན་མཱ་པིན་དབྱི་ཡིས་སྙན་ཞུའི་ཚོགས་འདུར་གཙོ་སྐྱོང་བྱས།

སྙན་ཞུའི་ཚོགས་འདུའི་ཐོག་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི“རང་བྱུང་ཉམས་ལེན་ཁྱིམ་གཞིས”ཀྱི་ཆོས་འབྲུག་དཔལ་མོ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྟག་རྣ་དགོན་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་བདེ་ཁམས། ཀྲུང་གོའི་རླུང་ཁམས་ཆེན་མོའི་གཞི་འཛིན་བརྟག་དཔྱད་ཝ་ལི་ཀོན་རྟེན་གཞིའི་བཟོ་བཀོད་པ་ལི་པའོ་ཞིན། དཔའ་ལུང་རྫོང་གི་འཐེན་ཐུག་གཡོས་སྦྱོར་བ་མཱ་ཞིས་མིན། ཟི་ལིང་གྲོང་ཁྱེར་མཁའ་ནུབ་ཁུལ་ཝུན་ཧོས་ལམ་ཝུན་ཐིན་སྲང་ལམ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རིན་ལིག་ཚུས་ཆིན་བཅས་སྒྲོག་འགྲེལ་པ་ལྔ་ཡིས་རང་ཉིད་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བྱེད་པ།  “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་ཁོང་དུ་གཏིང་ཟབ་ཆུད་པ།   “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་ སྐྱིད་སྣང་།  བདེ་སྣང་བཅས་བརྟན་པོའི་ངང་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་བྱས་པས།  ཚོགས་ར་ཡོངས་ཀྱི་ཉན་མཁན་ཚང་མའི་དགའ་བསུ་ཐོབ།

ཚང་མས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་སྒུལ་ཤུགས་སུ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུའི“ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་པོ་ཡིན་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལྟར་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་བྱ་རྒྱུ་དེ་གལ་ཆེན་དུ་བརྩིས་ནས། མཚོ་སྔོན་ཤེས་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་སུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྒྱུད་སྤེལ་བྱེད་མཁན་དང་དཔེ་བཟང་ལག་བསྟར་བྱེད་མཁན་ཞིག་བྱེད་དགོས་པ་དང་། སེམས་ཤུགས་གང་ཡོད་བཏོན་ནས་མཚོ་སྔོན་གྱི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་མང་པོར་སྲུང་སྐྱོབ་ཡག་པོ་བྱེད་པ་དང་།  བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཡག་པོ་བྱས་ནས་རི་ཆུ་ཀླུང་གསུམ་སྔར་ལས་མཛེས་སྡུག་ལྡན་པར་གཏོང་རྒྱུ་ཡིན་ཟེར།

ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུས་ཀྲང་གཞོན་པ་ཞེ་ཚེ་བརྟན་གྱིས་བཤད་རྒྱུར། ཁོར་སྲུང་བ་ཞིག་ཡིན་པའི་ངོས་ནས་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་དགོས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་དང་། བརྗོད་དོན་སློབ་གསོ་སོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས།  ཞིང་ཆེན་ཏང་ཨུའི“ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་བོ་ཡིན་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལྟར། ལྷག་བསམ་རྣམ་དག་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ།  ལངས་གནས་སྔར་ལས་མཐོ་བ་དང་མིག་རྒྱང་སྔར་ལས་ཡངས་པ། ནུས་ཤུགས་སྔར་ལས་ཆེ་བ་བཅས་ཀྱི་སྒོ་ནས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་མུ་མཐུད་དུ་ཡག་པོ་བརྒྱབ་སྟེ། མཚོ་བྱང་གི་ནམ་མཁའ་སྔོ་ཞིང་དྭངས་ལ་ས་གཞི་རྡུལ་དག་པ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན་ཟེར།

སྒྲོག་འགྲེལ་ཚོགས་པའི་ཁུངས་མིའམ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྟག་རྣ་དགོན་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་བདེ་ཁམས་ཀྱིས་བཤད་རྒྱུར། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ངས་མདོ་ལ་རི་བའི་རྒྱལ་ཁབ་སྤྱི་གླིང་དུ་དོ་དམ་པ་བྱེད་པའི་ཟུར་ཚད་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་བརྗོད་པ་ཡིན། སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན་ཞིང་།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག   རི་བོ་སྔར་ལས་སྔོ་ལྗང་དང་ཆུ་བོ་སྔར་ལས་དྭངས་གཙང་ཡོང་ངེས་ལ།   མ་འོངས་པར་སྔར་ལས་མཛེས་སྡུག་ལྡན་པར་ང་ཚོར་ཡིད་ཆེས་ཡོད་ཟེར།

མཚོ་བྱང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ལྷ་དཀར་མཚོ་ཡིས་བཤད་རྒྱུར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ང་ཚོས་རང་བྱུང་ཁམས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པ་ཞིག་ཡིན་ལ། ང་ཚོས་མ་འོངས་པར་བཅིངས་པའི་འགན་འཁྲི་ཞིག་ཀྱང་ཡིན། ཏང་གི་སློབ་གྲྭའི་མི་ཞིག་ཡིན་པའི་ཆ་ནས། རིག་གཞུང་གི་སྐད་ཆ་དེ་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆར་བསྒྱུར་ཏེ། རིགས་པའི་གཞུང་ལུགས་ཀྱི་གནས་ལུགས་དེ་སླར་ཡང་ལག་ལེན་དངོས་ཀྱི་ཁྲོད་དུ་སླར་གསོ་ཐུབ་པ་བྱས་ནས་དབྱངས་རྟ་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།