སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་གཙོ་བོར་བརྩིས་ནས། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས།
2024.09.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བའི་གཙོ་གནད་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མི་འདང་ས་ནི་མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མི་འདང་ས་གཙོ་བོ་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་བབ་དང་བསྟུན་པ་དང་། དགེ་སྤེལ་སྐྱོན་སྤང་། ས་གནས་རང་གི་དངོས་ཡོད་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་ཞེས་པའི་སློབ་སྟོན་ནན་མོ་ཡིད་ལ་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་གཙོ་བོར་བརྩིས་ནས། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། བཅོས་སྒྱུར་བསམ་བློ་དང་གསར་གཏོད་ཐབས་ལམ་ལ་བརྟེན་ནས་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་འཛུགས་སྐྲུན་དང་དཔལ་འབྱོར་རྨང་གཞི་ཕན་ཚུན་འཚམ་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དངོས་ཡོད་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གྱིས་ཕྱོགས་གཞན་པའི་བཅོས་སྒྱུར་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་པར་མ་ཟད་མཐུད་ཁྲིད་བྱེད་ནུས་ལྡན་ཞིང་། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་མྱུར་ཚད་ཀྱིས་ཕྱོགས་གཞན་པའི་ལམ་ལུགས་མང་པོ་བཅོས་སྒྱུར་བྱེད་པའི་མྱུར་ཚད་ཐག་གཅོད་བྱས་ཡོད་པས། ཕྱོགས་ཡོངས་ནུས་པ་ལྡན། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་དགོས་ཚེ། ངེས་པར་དུ་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་ཁྱབ་ཁོངས་གཙོ་བོ་དང་འགན་རྩའི་གོ་རིམ་ཡང་དག་པའི་སྒོ་ནས་འཚོལ་བ་དང་དམ་འཛིན་བྱེད་དགོས། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ཀྱིས་ང་ཚོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྔར་ལས་བརྟན་ཞིང་རང་འགུལ་སྒོས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་འདྲེས་ནས་ཞབས་འདེགས་ཞུ་བ་དང་། ངེས་པར་དུ་གལ་ཆེ་བ་གཙོ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་རྒྱུན་འཁྱོངས་བྱེད་ཅིང་། ངོས་འཛིན་མི་གསལ་བ་བཞི་གསལ་བར་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤུགས་འདོན་ས་དང་འགག་སྒྲོག་གནས་ངེས་གཏན་ཡིན་པའི་རྨང་གཞིའི་སྟེང་འཆར་འགོད་ལག་བསྟར་བྱེད་པ་དང་། གཅིག་གྱུར་སྐུལ་འདེད་བྱེད་ཅིང་། བཅོས་སྒྱུར་གྱི་ཁྱོན་ཡོངས་ལ་དམིགས་པ་དང་། འགག་རྩའི་ཁྱབ་ཁོངས་ལ་གཞིགས་ནས། བཅོས་སྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཐོན་ལས་ཀྱི་གནས་བཞི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་བཏོན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཡིན་པས། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་ཕྱོགས་སུ་བྱས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་། འཆར་འགོད་ལེགས་པོ་བྱེད་ཅིང་། གཅིག་གྱུར་གྱི་སྒྲིག་བཀོད་བྱེད་པ་དང་། སྤྱི་ཡོངས་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་མཉམ་འདྲེས་འཕེལ་རྒྱལ་ལ་སྐུལ་འདེད་བཏང་ཚེ། ད་གཟོད་ཐོན་ཁུངས་ཀྱི་ཆ་རྐྱེན་གཅིག་སྡུད་བྱེད་ཐུབ་ལ།  རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ཁྲོད་ཟབ་ཞུགས་བྱས་ནས། གཏིང་ཟབ་སར་འགྲོ་བ་དང་དཀའ་གནད་ལ་གདོང་གཏོད་པའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཐུབ། ཐོན་ལས་ཚུར་སྒྱུར་ནི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན་པས། ང་ཚོས་ཐོན་ལས་མཐོ་རིམ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ལ་དམིགས་ནས་ཚུར་སྒྱུར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཚེ། ད་གཟོད་རང་ཞིང་ཐོན་ལས་ཀྱི་མིག་མདུན་དུ་ལྷགས་པའི་གཉིས་མཐོ་གཉིས་དམའ་ཡི་ཁྱད་རྟགས་གཏོརནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་བཀག་གནད་སྒྲོལ་ཐུབ། ཞབས་ཞུའི་ལས་རིགས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཡིན་པས། ཐོན་སྐྱེད་རང་བཞིན་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་བཅོས་སྒྱུར་ཕན་ནུས་ཀྱིས་ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་དང་ཚུལ་སྒྱུར་རིམ་སྤོར་ལ་རོགས་ཤུགས་འདོན་དགོས། གཞི་གྲངས་ཅན་གྱི་བཅོས་སྒྱུར་ནི་ང་ཚོས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པའི་འདེགས་སྐྱོར་གཙོ་བོ་ཡིན་པས། ལྗང་མདོག་རྩིས་ནུས་དེ་གཞི་གྲངས་ཅན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་དང་སྣེ་ཁྲིད་བྱས་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་འགྲན་ལམ་གསར་བའི་སྟེང་འཕེལ་རྒྱས་ཀྱི་རྒྱལ་ཁ་ལེན་ཐུབ་པར་མ་ཟད་ལས་རིགས་སྣ་མང་ལ་སྟོབས་ནུས་སྦྱིན་ཐུབ། གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་བླང་བྱ་ཡིན་པས། ང་ཚོགས་གསར་དར་བཟོ་ལས་ཅན་དང་། གསར་དར་གྲོང་གསེབ་ཅན། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་བཅས་གཅིག་སྡུད་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་མཉམ་འདྲེས་ཆུ་ཚད་མཐོར་འདེགས་བཏང་ནས།  ཐོན་ལས་རིམ་སྤོར་དང་མི་འབོར་འདུས་སྡོད། གྲོང་གསེབ་དར་སྤེལ་བཅས་ཀྱི་མཉམ་འགུལ་རྐྱེན་སྲོལ་འཛུགས་དགོས། བཅོས་སྒྱུར་དང་སྒོ་འབྱེད་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས། རང་ཞིང་གི་ཁྲོམ་རའི་གཞི་ཁྱོན་ཆུང་ཞིང་འཕེལ་རྒྱས་འགྲོ་ཚད་དལ་བས། ཆུ་ཚད་མཐོ་བིའི་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ང་ཚོས་རྒྱལ་ནང་གི་སྒོ་འབྱེད་ཚད་ཆུང་བའི་གནད་དོན་ཐག་གཅོད་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་མཉམ་འདྲེས་བྱས་ནས་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ལ་ཕྱོགས་པའི་སྒོ་འབྱེད་ཀྱི་ལས་རིམ་གལ་ཆེན་བསྐྲུན་ཏེ། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ནུས་ལྡན་ཁྲོམ་ར་དང་སྲིད་གཞུང་གཉིས་སྔར་ལས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། གསོན་ཤུགས་རྒྱས་པ་དང་དོ་དམ་ཐུབ་པར་བྱེད་དགོས། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ང་ཚོས་སློབ་གསོ་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། འཇོན་མིའི་འདེགས་སྐྱོར་བཅས་གཞི་གཅིག་ཅན་གྱི་བཅོས་སྒྱུར་གཅིག་སྡུད་བྱས་ཏེ། གསར་གཏོད་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཙོ་བོར་འགྱུར་བར་བྱེད་དགོས་པ་བཅས་ངེས་པར་དུ་གསལ་བོར་རྟོགས་དགོས། 

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན། བཅོས་སྒྱུར་ཟབ་སྤེལ་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ། ང་ཚོས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་ལས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་ཐུབ་ལ། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་ཐུབ་ཅིང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཚོ་སྔོན་གྱི་དམིགས་བསལ་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་རྒྱུན་མཐུད་སྒོས་སྒུལ་ཤུགས་དྲག་པོ་འདོན་ཐུབ།

ལྷ་མོ་འཚོས་བསྒྱུར།