ལོ་ངོ་བཅུའི་སྔོན་གྱི་ལོག་དཀར་བཙག་སའི་བཟོ་གྲྭ་ཆུང་ངུ་དེ་ད་ལྟ་འཕེལ་རྒྱས་སུ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་བཟའ་སྣུམ་ལས་སྣོན་བྱེད་སའི་ཁེ་ལས་གཙོ་བོའི་གྲས་སུ་ཚུད་ཡོད་ལ།མཚོ་སྔོན་གྱི་ཧོང་ཏཱ་བཟའ་སྣུམ་ལས་སྣོན་བཟོ་གྲྭ་ནི་ཧུང་ཀྲོང་རྫོང་དང་ཞིང་ཆེན་ཕྱི་ནང་ཀུན་ཏུ་སྙན་གྲགས་ཆེན་པོ་རྒྱས་བཞིན་ཡོད།དེ་མིན་ད་དུང་རྫོང་དེའི་ཐུང་ཧྥ་ཞིང་ཕྱུགས་ཐོན་ལས་ཚད་ཡོད་འགན་ལེན་ཀུང་ཟི་ཡང་ད་ལྟ་འགྲན་རྩོད་མང་པོ་ལས་རིམ་པར་བརྒྱལ་ནས།ཐོན་སྐྱེད་ནུས་ཤུགས་དང་གཞི་རྒྱ་ལོ་རེར་ཆེར་འཕར་བས།ཉིས་སྟོང་བཅུ་གཅིག་ལོར་ཀུང་ཟི་དེར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཁེ་ལས་གཙོ་བོའི་མཚན་སྙན་གནངས་པ་རེད།
ཉེ་བའི་ལོ་འདི་འགར་རང་རྒྱལ་གྱི་ལོག་དཀར་བཟའ་སྣུམ་ཐོན་ལས་མགྱོགས་མྱུར་ངང་འཕེལ་བར་གཞིགས་ནས།ཇི་ལྟར་བྱས་ན་ད་གཟོད་འགྲན་རྩོད་ཤིན་ཏུ་ཆེ་བའི་ཁྲོམ་རའི་སྟེང་དུ་ཁེ་ལས་ཀྱི་རྐང་བརྟན་པོར་ཚུགས་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ལ་གནས་པའི་གནད་དོན་ཏེ།དཔེར་ན།རང་འགུལ་སྒོས་གསར་བཟོ་བྱེད་པའི་ནུས་པ་ཞན་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསལ་བོ་མིན་པ།ཐོན་ནུས་ལྷག་མ་བཅས་ཀྱི་ཁྲོད་གནས་པའི་གནད་དོན་མང་པོ་ཐག་བཅད་ནས།མཇུག་མཐར་རང་སྟོབས་རང་སྤེལ་དང་རྒྱུན་མཐུད་ངང་གནས་ཐུབ་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་དུ་འགྱུ