$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2013.11.07 ཡོང་ཁུངས།
0
0

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཧ་ཕྱུག་ཞང་ཡུན་ཐ་སྡེ་བའི་བོད་རིགས་འབྲོག་མི་ཞིབ་དཔྱད་པས་ཉེ་ལམ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ས་ཁུལ་ནས་ཡང་བསྐྱར་རི་དྭགས་གསའ་མཐོང་བྱུང་བས། མི་རྣམས་ཀྱིས་གནས་ཚུལ་འདི་གོ་མ་ཐག་ཏུ་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད།

རི་དྭགས་གསའ་ནི་རྒྱབ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ།མིག་སྔར་ཧ་ཅང་ཉེན་ཁ་ཆེ་བའི་གནས་སུ་སླེབས་ཡོད།ན་ནིང་གི་ཟླ8པར།པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་མིང་གྲགས་ཅན་གྱི་སྐྱེ་ཁམས་ཆེད་མཁས་པ་ལོས་ཀྲུ་ཡིས་མགོ་ཁྲིད་པའི་གཙང་གསུམ་འབྱུང་ཡུལ་གྱི་ཕྱི་རོལ་ཚན་རིག་ཞིབ་འཇུག་ཚོགས་པས་འབྲི་ཆུའི་འགྲམ་རྒྱུད་ཀྱི་སྲུང་སྐྱོབ་ཁུལ་དང་སོ་རྒྱ་ཆུ་དམར་གཙང་བོ་སྲུང་སྐྱོབ་ཁུལ་ནས་ཐེངས་བདུན་ལ་རི་དྭགས་གསའ་ཡི་འགུལ་སྐྱོད་རྐང་རྗེས་དངོས་སུ་མཐོང་།ལོས་ཀྲུ་ཡིས་བཤད་རྒྱུར།རི་དྭགས་གསའ་གསར་རྙེད་བྱུང་བ་ནི་ཉེ་བའི་ལོ་འདི་འགའི་རིང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པའི་མངོན་གསལ་གྱི་དཔེ་སྣ་ཞིག་རེད་ཟེར།

གཙང་གསུམ་འབྱུང་ཡུལ་དེ་མདོ་དབུས་མཐོ་སྒང་གི་དབུས་དཀྱིལ་དུ་གནས་པ་དང་།ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི4000ཡན་ཡིན།སྤྱིའི་རྒྱ་ཁྱོན་ལ་ས

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།